དོན་འགྲུབ་ཚང་གིས་འོས་སྦྱོར་བྱས།
དེང་སང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ཨོ་གླིང་གི་ཆབ་སྲིད་བཙོན་ཟུར་རྣམས་ལ་མིང་ཆད་ངན་པ་ཞིག་སླེབས་བཞིན་ཡོད་པ་དང་། ང་ཚོ་ཨོ་གླིང་དུ་སྡོད་མཁན་དང་ཆབ་སྲིད་བཙོན་ཟུར་ཡིན་པའི་ཆ་ནས་བློ་འཚབ་ཆེ་བའི་གནད་དོན་དེར་དོ་སྣང་མི་བྱེད་ག་མེད་བྱུང་། ཆབ་སྲིད་བཙོན་ཟུར་ཚོར་མིང་ཆད་བཟོ་མཁན་སུ་ཡིན་པ་དང་། རྒྱུ་མཚན་གང་ཡིན་པ། དུས་ཚོད་དང་ས་གནས་སོགས་ལ་ཞིབ་འཇུག་བྱེད་དུས། གནས་ཚུལ་རྣམས་གསལ་བོ་ཆགས་རྒྱུ་ལས་ལྡོག་སྟེ་མགོ་བོ་འཐོམས་གཞིར་གྱུར་སོང་། གང་ཡིན་ཟེར་ན། བཟོ་མཁན་ནི་རང་གཞུང་གི་བཀའ་སྤྱི་དང་དོན་གཅོད་ལས་ཁུངས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་དང་། རྒྱུ་མཚན་ནི་གསལ་བོ་མེད་པ། བཟོ་ས་ནི་སྤྱི་འཐུས་ལྷན་ཚོགས་དང་དམིགས་བསལ་མཛད་སྒོ་སོགས་ཡིན་པ། དུས་ཚོད་ནི་ཉེ་བའི་ཟླ་བ་ཁ་ཤས་རིང་རེད།
བོད་པའི་ཚོགས་སྡེ་ཡོད་ས་མང་ཆེ་བའི་ནང་མི་ངན་རེ་ཟུང་ཡོད་པ་ནི་སྤྱི་མཚུངས་ལྟར་ཡིན་པས་ཨོ་གླིང་ཁུལ་དམིགས་བསལ་ཆགས་མེད། འོ་ན། ཨོ་གླིང་གི་ཆབ་སྲིད་བཙོན་ཟུར་ཚོར་མིང་ཆད་ངན་པ་བཟོ་ཐབས་གནང་བའི་རྒྱུ་མཚན་ག་རེ་ཡིན་ནམ།
གོང་དུ་ཞུས་པ་ལྟར་ང་ཚོས་རྒྱུ་མཚན་གསལ་བོ་ཞིག་ཤེས་མ་སོང་བས་གཞན་གྱིས་སྤྱི་བསྡོམས་རྒྱབ་པ་ཁག་ལ་གཞི་འཇོག་པ་ལས་བསམ་ཚུལ་བཤད་པའི་སྤོབས་པ་མེད།
དཔལ་ལྡན་སྲིད་སྐྱོང་མཆོག་ནས་གཞུང་འབྲེལ་ཐོག་ཐེངས་མང་པོར་ཨོ་གླིང་གི་ཆབ་སྲིད་བཙོན་ཟུར་ཚོར་མིང་ཆད་ངན་པ་བཟོས་གནང་ཡོད་པ་དང་། གསར་ཤོས་ནི་ཉེ་ཆར་མདོ་སྟོད་སྤྱི་འཐུས་ཁ་ཤས་དང་ཆོས་བརྒྱུད་མདོ་སྟོད་པ་སྤྱི་འཐུས་ཁ་ཤས་ཀྱིས་གྲོས་ཚོགས་ཀྱི་སྡིངས་ཆ་བེད་སྤྱད་དེ་བཙོན་ཟུར་ཚོར་མིང་ཆད་ངན་པ་བཟོས་གནང་པར་མ་ཟད། ད་དུང་ཚོགས་ཆུང་བཙུགས་ནས་ཞིབ་འཇུག་ཀྱང་བྱེད་དགོས་གསུང་ཡོད་པ་རེད། (ཞིབ་འཇུག་ཚོགས་ཆུང་ཞིག་སྔ་ས་ནས་བཙུགས་ཡོད་ན་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་འདི་འདྲ་ཞིག་ལ་སླེབས་མེད)
དོན་དངོས་ཐོག་ནས་བཤད་ན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་གཞུང་ཚབ་མཉམ་དུ་ངན་པ་ལག་འབྲེལ་བྱེད་མཁན་ནི་ཁམས་པ་འཕྲིན་ལས་བཟའ་ཚོ་གཉིས་དང་ཨ་མདོ་དཔལ་འབྱོར་ཚེ་རིང་། དེ་བཞིན་༧གོང་ས་མཆོག་ལ་ཡོངས་གྲགས་ཐོག་མཚན་སྨོད་ཞུ་མཁན་ཁམས་ཐུབ་རྡོ་དང་མི་ཉག་བརྩོན་འགྲུས་ཟེར་བ་གཉིས། ད་དུང་འཐབ་ཕྱོགས་གཅིག་གྱུར་ཁང་ལ་འབྲེལ་བ་ཡོད་པར་དོགས་གཞི་ཅན་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་མ་གཏོགས་མེད། དེ་ཚོའི་མཉམ་དུ་ཨོ་གླིང་གི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ནས་མཉམ་ལས་བྱེད་བཞིན་ཡོད། གཞན་ཨོ་གླིང་དུ་ཡོད་པའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་བོད་རིགས་ཚང་མ་རྒྱལ་གཅེས་ལྷག་བསམ་ཅན་དང་། བོད་མི་རིགས་ཀྱི་བདེན་དོན་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་མྱོང་བའི་དཔའ་བོ་དཔའ་མོ་ཞེ་གཅིག་ཡིན། ཆབ་སྲིད་བཙོན་པར་མིང་ཆད་བཟོ་མཁན་ནི་མཐོ་ས་ནས་སྲིད་སྐྱོང་གཙོས་མདོ་སྟོད་པ་རྐྱང་ཡིན་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ཆབ་སྲིད་བཙོན་པ་ཚོས་ད་ལྟའི་བར་དུ་མདོ་སྟོད་མི་མང་དང་མདོ་སྟོད་པར་གནོད་འཚེ་བཏང་མྱོང་མེད་པར། ཁོང་ཚོས་ངོས་ནས་ང་ཚོར་དགྲ་བོ་རྒྱ་དམར་ལས་ཀྱང་སྡང་པོ་བྱེད་དགོས་དོན་ག་རེ་ཡིན་ནམ།
དྲི་བ་འདི་བཙན་བྱོལ་བོད་མི་རྣམས་དང་བཀའ་སྤྱི་ལྷན་རྒྱས། ལྷག་པར་དུ་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་ཅིང་དྲང་བདེན་པ་དགའ་བའི་མདོ་སྟོད་མི་མང་ཡོངས་ལ་ཕུལ་བ་ཡིན།
ཨོ་གླིང་གི་ཆབ་སྲིད་བཙོན་ཟུར་ཁ་ཤས་ནས། ཕྱི་ལོ་༢༠༡༩ ཟླ ༣ ཚེས ༣༠ ཉིན།
འབའ་བ་སྐལ་བཟང་རྒྱལ་མཚན་རྒྱ་གཞུང་ལ་ངན་འབྲེལ་ཡོད་མི་སྲིད།
དེ་བཀའ་ཤགས་ཀྱི་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་ནང་ནས་ཆ་ཤས་གན་ཆེན་ཞིག་རེད་
སྲིད་བྱུས་དེས་ད་བར་ལགས་ལྟར་འགྲོ་བཞིན་པ་ ་་་་འབུར་འཇོམ་སྲིད་རྒན་ཆབ་བཙོན།
འཁྲུག་སློང་གཅིག་་གཏོར་། ་་རུལ་གཟུང་ལགས་འབྲེལ་ཤུགས་ལྡན་ བོད་དོན་རྒྱལ་སྤྱིའི་ དཔལ་འབྱོར་འཐབས་བརྩོད་གྱི་ལག་ཆར་ཀྱལ་ནས་ཞི་བའི་འགྲོལ་མོལ་ཀྱི་རྒྱུད་ལམ་གཏོར་རྒྱུ་་བཅས་སྐུ་ངོས་སྲིད་ཀྱོང་ལགས་ཕྱོགས་སྐྱོད་ཀྱི་་ལས་བྱ་གཙོ་བོ་འདྲ་བོ་རེད
མི་ཉག་བཙོན་འགྲུས།
ཁོ་བལ་ཡུལ་ཀོ་སྤེན་དགོན་པའི་གྲྭ་བ་རེད། བལ་ཡུལ་རྒྱལ་སའི་གཞང་ཁང་ལ་ཕྱིན་ནས་གྲ་བ་ལོག་པ་རེད། དགོན་པ་ནས་མ་དོན་པར་མུ་མཐུད་དེ་དགོན་པར་བསྡད་པ་རེད། ཁོའི་ཤག་རོགས་བློ་བཟང་གིས་ཁོ་གྲ་བ་མ་ཡིན་པ་ཤེས་ཀྱིན་ཡོད། ཉིན་ཞིག་བློ་བཟང་ཁོ་གཉིས་བལ་སྒོར་བརྒྱའི་དོན་བརྩོད་པ་ཤོར་བ་རེད། བློ་བཟང་ཁོང་ཁྲོ་ལངས་ཏེ་དགེ་སྐོས་ལ་ཁོའི་གྲ་བ་མིན་པའི་སྐོར་དེ་བཤད་པ་རེད། དགེ་སྐོས་ཀྱིས་ལམ་སེང་ཁོ་དགོན་པ་ནས་ཕྱིར་འབུད་བཏང་བ་རེད།
ཕྱི་ལོ་ ༢༠༡༦ སྲིད་སྐྱོང་འོས་བསྡུའི་སྐབས་ཁོས་འཁྱོག་བརྗོད་ཀྱིས་སྐད་ཆ་མང་པོ་བཤད་སོང་། ཕྱི་ལོ་ ༢༠༡༨ ལོར་ཁོས་རྒྱལ་བ་ཡིད་བཞིན་ནོར་བུ་ཡང་མི་གསོད་ལག་དམར་བ་རེད་ཅེས་བོད་མི་ཆིག་སྒྲིལ་ཚོགས་པའི་སྐད་འཕྲིན་ནང་དུ་བཤད་པ་རེད། ཁོའི་སྐད་ཆ་སྤྱི་ཚོགས་དྲ་ལམ་ཁག་ལ་ཐོན་དུས་ཁོས་ངའི་སྐད་ཆ་བཅད་བཏུབ་བྱས་འདུག་ཟེར་བའི་སྐད་རྫུན་སྒམ་གཅིག་བཀྲམས་སོང་། ཁོའི་སྐད་ཆ་བཅད་བཏུབ་གང་ཡང་མ་བྱས་པ་དངོས་གནས་དེ་དོལ་ཕྲུག་ཚོས་ Dalai Lama is killer, take about this 2018 དབྱིན་ཡིག་འདི་བྲིས་ཏེ་གང་སར་ཁྱབ་སྤེལ་བྱེད་བཞིན་འདུག།
དྲ་ཐག་འདི་རེད།
https://www.facebook.com/100009112990237/posts/1954303918216689/
སུ་བདེན་པ་ཡིན་མིན་གང་ལྟར་ཡང་ཨོ་གླིང་དེ་ད་ཆ་ངའི་རྣ་ལམ་ནས་མི་སྙན་པ་ཞིག་ཏུ་གྱུར་འདུག
ཨོ་གླིང་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ལ་ཁམས་པའི་སྤྱི་འཐུས་དང་ཆོལ་ཁོངས་ཁམས་པ་ཡིན་པའི་ཆོས་བརྒྱུད་སྤྱི་འཐུས་ནས་དགྲར་འཛིན་པ་དང་ནག་པོ་བཟོ་བར་བརྩོན་དགོས་དོན་གང་ཡིན་ནམ། ད་མགོ་འཐོམ་སོང་།
ཆབ་སྲིད་མི་ཤེས་མཁན་ཚོས་ཆབ་སྲིད་ཀྱི་ལས་ཀ་བྱས་ན་དེ་འདྲ་ཡོང་གི་རེད། གཙོ་བོ་མི་མང་གིས་འོས་ཤོག་བླུག་སྐབས་སྤྱི་ཡོང་ལ་བསམ་བློ་མ་བཏང་བས་རེད།
ཧཧཧཧཧ། ནང་འཁྲུགས་ལ་ཅིག ལྟོས་དང་། བོད་རིགས་ཀྱི་ཞབས་འདྲེན་པ་ཚོ།
སྲིད་སྐྱོང་གི་རང་ཉིད་དཀར་འདོན་ཆེད་མགོ་བླ་མ་ནས་འཇུག་མི་མང་དཀྱུས་མ་བར་ནག་འདེད་བྱེད་རྐྱང་མ་ཏོག་རྒྱབ་ལྗོངས་དང་ཕུགས་ཀྱི་བསམ་བློ་མེད་པ་ངོ་གདོང་ལ་རང་ཉིད་དཀར་འདོན་ཁོ་ནར་འབད། ཕོ་རོག་དཀར་པོ་རང་རེད་འདུག
བསམ་ཚུལ་བྲིས་པ་ཡག ཨོ་གླིང་གི་ཆབ་སྲིད་བཙོན་ཟུར་འགའ་ནས་བྲིས་ཞེས་བྲིས་འདུག མིང་དངོས་སུ་བཏོན་ནས་བྲིས་ན་ཡག
བསམ་ཚུལ་ཙམ་ཕུལ་བ་ཡིན།
གང་ལྟར་འདས་པའི་ལོ་ཤས་ནང་བཀའ་སྤྱི་གཉིས་ཀ་ཆོལ་ཁ་ཕན་ཚུན་བར་འགལ་ཟླ་དང་། དེར་གཏོགས་པའི་མི་རྣམས་ནག་པོ་བཟོ་རེས་བྱེད་མཁན་དང་། གྲོས་ཚོགས་ར་བ་དང་། གཞུང་འབྲེལ་མཛད་སྒོ་ཁག་ནི་ཕན་ཚུན་ནག་པོ་བཟོ་བའི་སྡིངས་ཆ། རྒྱལ་བ་རིན་པོ་ཆེ་དང་། བོད་དོན། བོད་མི་མང་ནི་ཁོང་ཚོའི་ལག་ཆ་རུ་སྤྱད། འདི་ལྟ་བུའི་དུས་འགྱུར་དང་། འདི་ལྟ་བུའི་ལོ་ནག་ཅིག་བྱུང་བ་རེད།
མ་འོངས་པར་ཡང་ན་ལོ་ནག་དང་དུས་འགྱུར་དེ་ལེགས་བཅོས་ཀྱི་ལམ་དུ་འགྲོ་བ་དང་། ཡང་ན་ལོ་ནག་དང་དུས་འགྱུར་འདིའི་ཤུགས་རྐྱེན་ཇེ་ཆེར་སོང་བ་གང་བྱས་རུང་། ད་ལྟའི་དུས་དང་མི་སྣ་དེ་བོད་པའི་ལོ་རྒྱུས་དེབ་ཐེར་ནག་པོ་ཞིག་གི་བརྗོད་བྱར་འགྱུར་གྱི་རེད།
མཆན་བདུན་པ་ལ་རྒྱབ་སྐྱོར་ཡོད།
འཁྲབ་ཐུབ་དུས་འཁྲབ།
གཞུང་དམངས་གཉིས་ཀས་འཁྲབ།
རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཉི་མ་དེ་ནས་འཁྲབ་ཡ་ཡོད་མ་རེད།
སོ་སོའི་ལམ་ཁ་དེ་སོ་སོས་དེད་ནས་འགྲོ་ཡ་རེད།
ཉིན་དེར་རྒྱ་གར་གཞུང་གིས་རྡ་ས་སྒོ་བརྒྱག་གི་རེད།
ཚོགས་པ་ཞིག་འཛུགས་ཆོག་མིན་མི་ཤེས།
ལུང་བ་གཞན་ལ་འགྲོ་ན་འགྲོ་ཡ་རེད།
འགྲོ་མ་ཐུབ་ན་རྒྱ་གར་མི་སེར་བཟོ་ཡ་རེད།
རྡ་སས་ཇུགས་གཏོགས་བྱེད་ཡ་ཡོད་མ་རེད།
སོ་སོས་རྡ་ས་ལ་འཁང་ར་བཤད་ཡ་ཡོད་མ་རེད།
རྒྱལ་བ་རིན་པོ་ཆེ་ནས་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་སྲིད་གཞུང་ཞིག་རྡ་སར་བཙུགས་པ་རེད།
དེ་ལོ་རྒྱུས་རེད།
མི་ལོ་དྲུག་བཅུ་ལ་བསྐྱངས་བའི་ཡུལ་གྱུར་བའི་སྲིད་གཞུང་ཞིག་རེད།
དེ་མ་འོངས་བའི་རྒྱལ་སྦྱིའི་དེབ་ཐེར་ནང་འགོད་ངེས་རེད།
མ་འོངས་པའི་མཁས་པ་ཚོས་ཞིབ་འཇུག་བྱེད་སྲིད་པ་རེད།
ཅང་འགོར་གི་མ་རེད།
ཤུགས་རྒྱོབས་།
འཐོར་ལ་ཁད་ཡོད་རེད།
སེམས་པ་སྐྱོ་དགོས་པའི་གནས་ཚུལ་རེད་དེ། ཧ་ཅང་དགའ་འོས་པ་ཞིག་ལ། ལོ་གཉིས་ནས་བཀའ་ཤག་འདིའི་ལས་ཡུན་རྫོགས་འགྲོ་གི་ཡོད་པ་རེད། ཞེ་དྲག་ཉེན་ཁ་ཆེན་པོ་ཆགས་ཨེ་ཡོང་།
ད་ལྟའི་གནས་སྟངས་འདི། མགོ་ཁྲིད་ཚོས་མང་ཚོགས་ནང་དཀྲུགས་ཤིང་བརྒྱབ་པའི་གྲུབ་འབྲས་རེད། མང་ཚོགས་འཁྲུག་ཆའི་ནང་ཞུགས་པའི་ལེ་ལན་རེད། གྲོས་ཚོགས་ཀྱིས་ལས་རིམ་ཐད་གཏོང་བྱས་པའི་གྲུབ་འབྲས་རེད། གྲོས་ར་ནས་གླེང་མོལ་འདྲ་མིན་བཅོ་བརྒྱད་ཡོང་གི་རེད། སོང་ཙང་། གྲོས་ཚོགས་འཐུས་མི་ཚོར་སྐྱོན་བརྗོད་བྱེད་དགོས་པ་ཞིག་མཐོང་གི་མེད། གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་ལ་སྐྱོན་བརྗོད་བྱས་ནས། དེ་འགོག་དགོས་པ་རེད་བསམ་གྱི་ཡོད། ལས་རིམ་ཐད་གཏོང་གིས་སྤྱི་ཚོགས་འཐོར་ཞིག་ལ་སྐུལ་སློང་ལྟ་བུའི་གྲུབ་འབྲས་ཐོན་ཡོད། ཐད་གཏོང་དེ་བྱེད་ཉན་ལེ་མ་རེད།
འདས་པའི་ལོ་ཁ་ཤས་ནང་ལ་བཙན་བྱོལ་སྤྱི་ཚོགས་འདིའི་རྣམ་པ་རྩ་བ་ནས་འགྱུར་སོང་།
འདིའི་རྒྱུ་རྐྱེན་གཅིག་ནི་ཆོས་བརྒྱུད་སྤྱི་འཐུས་ཚོ་རྩོད་པ་རྒྱག་མཁས་པོ་ཡོད་ཀྱང་ཁོང་ཚོས་ཆབ་སྲིད་མི་ཤེས་པ་དང་ཁོང་ཚོར་ཁྱིམ་ཚང་མེད་པས་ཆུང་ས་ཁྱིམ་ཚང་གཅིག་ནས་བཟུང་སྟེ་མིའི་སྤྱི་ཚོགས་ལ་འགན་མི་འཁུར་བའི་སྐད་ཆ་འདྲ་མིན་གྲོས་ཚོགས་ར་བའི་ནང་གསུང་པའི་དབང་གིས་ཡོང་གི་ཡོད་པ་དང་།
གཉིས་པ་ནི་སྲིད་སྐྱོང་གིས་རང་བཙན་ཡོད་པའི་རྒྱལ་ཁབ་ཚོར་མིག་དཔེར་བལྟས་དེ་དབང་ཤུགས་ཆེན་པོ་སྲིན་དེ་སྲིད་སྐྱོང་གི་ཡོད་པ་དང་།
གསུམ་པ་ནི་བོད་པ་མང་ཆེ་བར་སློབ་སྦྱོང་མེད་པས་རང་ཚུགས་མི་ཐུབ་པར་མི་མགོ་བདེ་བོ་ཚོའི་མགོ་སྐོར་བསླུ་བྲིད་འོག་ལ་འགྲོ་སླ་བ་སོགས་ཀྱིས་རེད་སྙམ།
སྒྲིག་འཛུགས་གཅིག་ལས་དབུ་རང་གཉིས །
གྲོས་ཚོགས་གཅིག་ནི་ཚོགས་གཙོ་གཉིས །
སྲིད་སྐྱོང་གཅིག་ལ་རང་མིང་གཉིས །
ཨོ་གླིང་བཙོན་ཟུར་བདེན་རྫུན་གཉིས །།
མི་གྲངས་ཁྲི་བཅུ་གྲངས་ལས་མེད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཅིག་སྒྲིལ་ཉམས་རྒུད་ཕྱིན་པའི་སྐབས་འདི་ལ། མང་ཚོགས་ཚང་མས་གཅིག་སྒྲིལ་ཡོང་བར་འབད་དགོས་པ་རེད། ནང་སྒོས་སུ། སྲིད་སྐྱོང་མཆོག་ཨོ་གླིང་གི་ས་གནས་གཅིག་ལ་ཕེབས་འཇུག་གི་མེད་པ་དེ་དང་། ཀོ་ལི་སྒར་གཞིས་ཆགས་ལ་ཕེབས་འཇུག་གི་མེད་པ་འདི་ཚོ་ཡག་པོ་རྩ་བ་ནས་མ་རེད། མང་ཚོགས་ཀྱིས་དགོངས་པ་རྒྱ་ཆེ་ས་ནས་བཞེས་དགོས་པའི་དུས་ཚོད་སླེབས་འདུག
༄༅། དབུ་རང་གཉིས་ཡོད་རྒྱལ་ཁབ་སྲིད་བྱུས་རེད།
ཚོགས་གཙོ་གཉིས་ཡོད་མང་གཙོའི་འགྲོ་ལུགས་རེད།
མི་གཅིག་མིང་གཉིས་སོ་སོའི་འདོད་པ་རེད།
བཙོན་ཟུར་བདེན་རྫུན་སོ་སོའི་དཔྱད་པ་གལ།
་་་་་་་་་་་་་ ནང་སྒོས་སུ། སྲིད་སྐྱོང་མཆོག་ཨོ་གླིང་གི་ས་གནས་གཅིག་ལ་ཕེབས་འཇུག་གི་མེད་པ་དེ་དང་། ཀོ་ལི་སྒར་གཞིས་ཆགས་ལ་ཕེབས་འཇུག་གི་མེད་པ་འདི་ཚོ་ཡག་པོ་རྩ་བ་ནས་མ་རེད། ་་་་་་་་་་་་ ཟེར།
སྲིད་སྐྱོང་རྒྱལ་འགྱུར་ཅིག
དབུས་བོད་མིའི་སྒྲིག་འཛུགས་དེ། རྟག་ཏུ་རྒྱལ་འགྱུར་ཅིག སྲིད་སྲིད་རྟག་ཏུ་རྒྱལ་འགྱུར་ཅིག བློ་སེང་རྒྱལ་འགྱུར་ཅིག བདེན་པ་ཉིད་རྒྱལ་འགྱུར་ཅིག །
དུས་རབས་ཉི་ཤུ་ཡིས་ནང་རྒྱ་ནག་ཞུང་ནས་བོད་ཀྱི་བདེན་པའི་འཐབ་བརྩོད་གནང་མཁན་བཙོན་པ་དང་སྤྱི་མཚོགས་སྟེང་གི་དཔའ་བོ་དཔའ་མོ་ཚོར་ ཁ་བྲལ་རིང་ལུགས་པ་དང་ཟིང་བྱ་སློང་མཁན་ ལོག་སྤྱོད་པ་ ཞེས་པའི་ཉེས་མིང་དང་ཉེས་རྡུང་ག་ཚོད་གཏང་ཡང་སེམས་ལ་དེ་ཙམ་གྱ་ིབསྡུག་མངལ་མི་འདུག་ འོན་ཀྱང་དུས་རབས་ཉེར་གཅིག་གི་རྗེས་སུ་རང་ཞུང་བཀའ་ཤགས་ཀྱི་མཐོ་རིམ་དཔོན་རིགས་དང་དེ་སྔོན་ཕ་ཡུལ་ལ་མི་རིགས་ཀྱི་རིགས་རུས་ཀྱི་ཟུར་ཆ་ཙམ་བསམ་ལོར་འཁོར་མྱོང་མེད་པ་དགྲ་བོ་རྒྱ་དམར་ཞེས་པའི་སྨ་འོག་ཙམ་ཞིགས་རྒྱ་མིར་འདོན་་མ་མྱོང་རང་དབང་ལུང་པར་ཕ་བཟང་པོའི་ཇ་ཁུག་ལག་ཏུ་རགས་མ་དྲེན་ཅན་གྱི་ཞབས་བསྟིགས་བསྟིང་ནས་སེམས་ཤུགས་ཞེ་བོ་ཡོད་འདོག་དགྲ་བོ་དང་དགྲ་བོ་དོན་ལ་ཁོ་ཚོས་དུས་རབས་གོང་མའི་ནང་གཡུལ་ས་མདུན་མར་མཐོན་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་་རྣམས་ལ་རྒྱ་ནག་་གཞུང་ནས་བཏགས་པའི་ཉེས་མིང་དེ་སླར་ཡང་ཆབ་སྲིད་བཙོན་པའི་མགོ་ཐོག་ནས་འབུར་འཇོམ་བྱེད་པའི་ལག་ཆར་ཁྱེར་ནས་རྒྱ་ནག་ཞུང་ལ་བརྗེས་སུ་ཡིད་རང་གི་བྱེད་ཐབས་འདི་ངོ་མ་ཡིད་སྐྱོ་བའི་ལས་ངན་ཞིག་རེད་
་་་་་་་་་ གནད་དོན་དེར་དོ་སྣང་མི་བྱེད་ག་མེད་བྱུང་། ་་་་་་་་
འདི།
གནད་དོན་དེར་དོ་སྣང་མི་བྱེད་ཀ་མེད་བྱུང་།
ག་དེ། ཀར་འབྲི་དགོས།
ད་ཆ་སྲིད་སྐྱོང་དང་ཁོ་པའི་ཕྱོགས་གཏོགས་འགའ་རེས་བཤད་པའི་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་མཁན་གྱི་ཨོ་གླིང་དུ་ཡོད་པའི་ཆབ་སྲིད་བཙོན་ཟུར་རྣམས་ནི། ལོ་རབས་བརྒྱད་ཅུ་ནས་བཟུང་གདན་ས་སེ་འབྲས་དགེ་གསུམ་གྱིས་གཙོས་པའི་ཕོ་དགོན་མོ་དགོན་རྣམས་དང་། མི་སྐྱའི་སྡེ་ལས་གྲུབ་པའི་དོན་དངོས་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་རེད། ཁོ་ཚོའི་གཏམ་རྒྱུད་ནི་རི་བོ་ལས་ལྕི་ཞིང་། མྱངས་པའི་དཀའ་ཐུབ་ནི། དགུན་གྱི་འཁྱམས་རོམ་གྱི་ཆུ་སྒྲ་ལྟར་རྣ་བར་གཟན། ད་ལྟ་ཡང་བྱས་པའི་ལས་ཀྱི་འབྲས་བུ་བསྟན་རྒྱུ་ཡོད་ལ། ཆབ་སྲིད་བཙོན་ཟུར་ཡིན་པའི་དཔང་ཡིག་དང་། ལུས་སྟེང་དུ་མནར་གཅོད་མྱངས་པའི་རྨ་ཁ་བསྟན་རྒྱུ་ཡོད།
དེང་དུས་སྲིད་སྐྱོང་དང་ཁོ་པའི་ཕྱོགས་གཏོགས་པ་འགའ་རེས་བཤད་པའི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་དང་། རྒྱལ་གཅེས་དཔའ་བོར་ངོས་འཛིན་བྱེད་པའི་ཆབ་སྲིད་བཙོན་ཟུར་རྣམས་ནི། ཐོབ་ན་རྐུ་ཞིང་མ་ཐོབ་ཉོ་བའི་བོད་དུ་ལྷ་ཚོང་རྐུ་ཚོང་དང་། གཡུ་བྱུར་སོགས་བོད་ཀྱི་ཕ་ཟོག་དྲེག་པ་ཅན་དང་མ་ཟོག་གཡུ་ཁྲ་ཅན་ཚང་མ་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་ཕྱི་རྒྱལ་དུ་ནག་ཚོང་རྒྱག་མཁན་བུ་ལོན་གྱིས་རྐུབ་རུལ་བ་དེ་དག་དང་། མི་གསོད་ཀྱི་ལག་དམར་བ། བཙན་གཡེམ་གྱི་དོན་རྐྱེན་ཡོད་པ་བཅས་བོད་དུ་སྡོད་མ་ཐུབ་པར་རྒྱ་གར་དུ་ཡོང་བ་དང་། རྒྱ་བལ་དུ་ཡང་སྦག་ཁང་དུ་ཉིན་མཚན་ངོ་མ་ཤེས་པ་སྡོད་མཁན་ཤ་སྟག་རེད། ཁོ་ཚོས་མི་རིགས་སྤྱི་ལ་བྱས་པའི་བྱས་རྗེས་མེད་ལ། ཆབ་སྲིད་བཙོན་ཟུར་ཡིན་པའི་དཔང་རྟགས་ཤོག་འཛར་གཅིག་ཀྱང་བསྟན་རྒྱུ་མེད།
བཙན་བྱོལ་བོད་པ་རྣམས་བསོད་ནམས་ཟད་པའི་རྟགས་མཚན་ལ། འགོ་སྲིད་སྐྱོང་ཁྲམ་རྒན་བློ་སེང་སླེབས་པ་ནས་བོད་དུ་སྔར་རིག་གསར་ཚུགས་པ་དང་ཕལ་ཆེར་མཚུངས་པ་སྔོན་དུས་བོད་གཞུང་དང་༸གོང་རྒྱལ་བར་མངོན་ལྐོག་ཅི་རིགས་ནས་ངོ་རྒོལ་བྱེད་པའི་མི་ངན་རྣམས་སྲི་ལྟ་བུར་ཡར་ལངས་ཏེ། རྒྱལ་ཞེན་དང་སྤྱི་སེམས་ཆེ་མདོག་གིས་བཙན་བྱོལ་བོད་པ་ཞོ་ལྟར་ཆགས་པ་ཁྲག་ལྟར་དཀྲུགས་པས། ད་ལྟ་ལ་རྒྱ་ཟབ་ཅིང་ཤེས་འཇོན་ཅན་གྱི་གང་ཟག་ཕལ་ཆེར་༸གོང་ས་མཆོག་ཅི་དྲག ཅེས་ཐུགས་ཕམ་འབྱུང་དོགས་སེམས་ངལ་བྱེད་པ་ལས་དགུན་གྱི་ཁུ་བྱུག་ལྟར་མི་སྨྲ་བའི་རྟུལ་བཞུགས་ལ་གནས་པ་འདི། ཐན་བྱ་སྲིད་སྐྱོང་འདིའི་བྱེད་བབ་ཁོ་ན་ཡིན།
སྲིད་སྐྱོང་དང་ཁོ་པའི་ཕྱོགས་གཏོགས་པ་ཁམས་པ་རྣམས་ཀྱིས་ཟེར་ན་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་དང་། རྒྱལ་གཅེས་དཔའ་བོར་ངོས་འཛིན་བྱེད་པའི་ཆབ་སྲིད་བཙོན་ཟུར་རྣམས་ནི། ཐོབ་ན་རྐུ་ཞིང་མ་ཐོབ་ཉོ་བའི་བོད་དུ་ལྷ་ཚོང་རྐུ་ཚོང་དང་། གཡུ་བྱུར་སོགས་བོད་ཀྱི་ཕ་ཟོག་དྲེག་པ་ཅན་དང་མ་ཟོག་གཡུ་ཁྲ་ཅན་ཚང་མ་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་ཕྱི་རྒྱལ་དུ་ནག་ཚོང་རྒྱག་མཁན་བུ་ལོན་གྱིས་རྐུབ་རུལ་བ་དེ་དག་དང་། མི་གསོད་ཀྱི་ལག་དམར་བ། བཙན་གཡེམ་གྱི་དོན་རྐྱེན་ཡོད་པ་བཅས་བོད་དུ་སྡོད་མ་ཐུབ་པར་རྒྱ་གར་དུ་ཡོང་བ་དང་། རྒྱ་བལ་དུ་ཡང་སྦག་ཁང་དུ་ཉིན་མཚན་ངོ་མ་ཤེས་པ་སྡོད་མཁན་ཤ་སྟག་རེད། ཁོ་ཚོས་མི་རིགས་སྤྱི་ལ་བྱས་པའི་བྱས་རྗེས་མེད་ལ། ཆབ་སྲིད་བཙོན་ཟུར་ཡིན་པའི་དཔང་རྟགས་ཤོག་འཛར་གཅིག་ཀྱང་བསྟན་རྒྱུ་མེད།ཅེས་སྐད་གསེང་མཐོན་པོས་གྲོས་ཚོགས་ནང་བསྒྲགས་སོང་། འཛམ་བུ་གླིང་གིས་མཐོང་སོང་ཐོས་སོང་། ད་ཤ་ཚ།
ད་དུང་གནས་དོན་གལ་གནས་ཅན་ཞུ་རྒྱུར་སེར་རྟ་་ཚུལ་ཁྲིམས་སོགས་ནས་ཆབ་སྲིད་མི་རྣ་རྣམས་ལ་འབུར་འཇོམ་ཆེད་ ཚོགས་ཆུང་ཞིགས་འཛུག་དགོས་ཡོད་ཞེས་ ཟེར་དེ་ནི་དོན་ལ་རྒྱ་ནག་ཞུང་གི་༡༩༨༧ལོ་ནས་དུས་ད་ལྟ་བར་དུ་ཟིན་པའི་སྲིད་བྱུས་ཞིགས་རེད་ལ་བོད་ཀྱི་ལྡན་ས་ཁག་དང་བཙུན་མའི་དགོན་པ་ཁག་ལ་ལས་དོན་ཚུགས་ཆུང་ཞེས་པའི་ཚོགས་པ་ཁག་བཙུགས་ནས་རྒྱ་ནགས་དབུས་ཞུང་ནས་བོད་ཀྱི་ཆབ་སྲིད་མི་སྣར་ཀར་ཏགས་འཛིན་བྱེད་ཆེད་འཛུགས་པའི་ཚོགས་པ་ཞིགས་རེད་དུས་ད་ཆ་བཙན་བྱོལ་བོད་མིའི་ཆེ་མཐོའི་གྲོས་ཚོགས་ནང་རྒྱ་ནག་ཞུང་གི་སྲིད་བྱུས་དེ་ལགས་ལྟར་བྱེད་པའི་ལམ་ཁ་བཟོད་ཡོང་གི་ཡོད་པ་འདི་ལ་ངོ་རྒོལ་ཐ་གཅིག་དུ་བྱེད་རྒྱུ་ཡིན་ ཙ་བའི་ཆབ་སྲིད་མི་སྣའི་ཐོགས་ཞིམ་འཇུགས་ལོས་དགོས་ ང་ཚོའི་འཐབ་རྩོད་གྱི་ཁ་གཏད་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པ་ཞིགས་རེད་ འོན་ཀྱང་ལོ་ངོ་དྲུགས་བཅུའི་ནང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཡ་རྒྱལ་བདེ་གསུང་ལས་ཁོང་ནས་ལས་དོན་ཁག་ལ་མ་འདུས་ནམ་ཡང་བྱུང་མྱོང་མེད་་ད་ཆ་ལོག་སུ་ཚོགས་པ་གསར་པ་ཞིག་འཛུགས་ན་དེ་ལ་བཏགས་འཛིན་བྱེད་མཁན་གང་ཟགས་དེ་ག་ནས་ཡོང་མེད་ཐེ་ཚོམ་རེད་
མཆན་༡༦ པས་སྲིད་སྐྱོང་ཀོ་ལི་གྷལ་གཞིས་ཆགས་སུ་ཕེབས་འཇུག་
གི་མེད་ཟེར་བ་དེ་བདེན་པ་རྩ་བ་ནས་མ་རེད་ལ་སྲིད་སྐྱོང་ལ་འོས་་ཤོག་
མང་ཤོས་ཀོ་ལི་གྷལ་ནས་ཐོབ་ཡོད་ན་སྲིད་སྐྱོང་དང་ཀོ་ལི་གྷལ་གཞིས་
ཆགས་མི་མང་དབར་མ་དཀྲུགས་རོགས་གནང་ཐུགས་རྗེའི་གཟིགས།
ཆུང་ཚེ་རིང་གི་ངོ་དེབ་སྒང་ལ་སྤེལ་བའི་རྩོམ།གོང་དཔོན་ལ་གུས་མེད་ངོ་ལོག་པ།། འོག་དམངས་ལ་གྲོས་མེད་སྒེར་གཅོད་པ།། བོད་གཞུང་དམངས་དཀྲུག་པའི་ཚོགས་སྒེར་དག། ཡུལ་གང་ན་འདུག་གམ་ལན་རེ་ཐོབས།། འཁྱོག་བརྗོད་ཀྱིས་ཚིག་དུམ་དེའི་འོག་ཏུ་མཆན་ལྔ་བཅུ་ལྷག་ཙམ་བརྒྱབ་འདུག སྤྱིར་གུས་པ་ལས་བྲེལ་རྐྱེན་པས་ངོ་དེབ་སོགས་ལ་བེད་སྤྱོད་གཏོང་ཡག་ཉུང་ཉུང་ཡིན། ཆུང་ཚེ་རིང་། ངས་ཆུང་ཚེ་རིང་ངོ་ཡག་པོ་མི་ཤེས་ཁོང་གི་ངོ་དེབ་སྒང་ལ་སྤེལ་བའི་རྩོམ་ཡིག་སོགས་བཀླགས་མྱོང་ཡོད། དེས་ཁོང་མི་སྤྱི་སེམས་ཅན་ཞིག་དང་དྲང་བདེན་བ་ཞིག་རེད་བསམ། ད་ལྡ་ཟང་ཟིང་ཆེ་བའི་བཙན་བྱོལ་བའི་གནས་སྟངས་འདི་འདྲའི་སྐབས། ཁོང་གིས་བྲིས་པའི་ཚིགས་བཅད་འདི་མཐོང་དུས་ཁོང་རྒྱུན་ལོན་རྟོག་ཙམ་བྱ་དགོས་བྱུང་། ཁོང་དང་གཤིབ་གྲོགས་ཡོད་པ་མང་པོ་ཞིག་ལ་སྐད་ཆ་བྲིས་པ་ཡིན། ཁོང་ཚོས་ཟེར་རྒྱུར་བཅོས་མའི་རྣམ་འགྱུར་ཅན་གྱི་ཆུང་ཚེ་རིང་ནི་སྤྲེལ་ལད་ཅན་རང་དོན་བསྒྲུབ་པར་མཆོག་འགྱུར་བ་ཞིག་དང་མིང་གྲགས་དོད་གཉེར་ཞིག་ཀྱང་རེད་ཟེར། སུའུ་ཇ་དང་ཤེས་རིག་བསྡད་དུས་སྤྲེལ་ལད་ཁྲབ་པའི་སྐོར་མང་པོ་ཞིག་བཤད་སོང་།
ངེད་ཀྱིས་ཁོང་གི་ངོ་དེབ་ཐོག་ལ་སྤེལ་བའི་ཡིག་རིགས་དག་ལ་འདང་ཞིག་བརྒྱབ་དུས། མིང་གྲགས་དོན་གཉེར་བ་དངོས་གནས་རེད་འདུག ཕྱི་ལོ་ ༢༠༡༦ སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་སྐབས་ངོ་དེབ་ཐོག་ལ་ང་ད་ལོ་སྤྱི་འཐུས་འོས་ཤོག་བླུགས་པ་དང་པོ་ཡིན། ཆོལ་ཁ་དབྱེར་མེད་ཐོག་ལ་འོས་ཤོག་བླུགས་ཡག་དེ་ཡག་པོ་ཞིག་མཐོང་ཞེས་དབུས་ཞེན་མེད་པ་ལྟ་བུའི་བཅོས་མའི་བྱ་སྤྱོད་དེར་མདོ་སྨད་དང་མདོ་སྟོད་ཀྱི་མི་མང་ཚོའི་རྣ་ལམ་ལ་བག་ཆགས་ཡག་པོ་ཡོང་ཐབས་ཀྱིས་མིང་གྲགས་དོན་གཉེར་རེད་འདུག
༡ དཔོན་ལ་ངོ་ལོག ༢ གྲོས་མེད་སྒེར་གཅོད། ༣ བོད་གཞུང་དམངས་དཀྲུག་ཟེར་བ་སོགས་དེ་འདྲ་ཤེས་ཡོན་པ་ཡིན་ཟེར་མཁན་ཞིག་གིས་སྐད་ཆ་མ་རེད། ཤེེས་ཡོན་པ་ཆབ་སྲིད་པའི་ལག་ཆར་གྱུང་སོང་ན། ད་གཟོད་སྤྱི་ཚོགས་འདི་རུལ་སུངས་སུ་གྱུར་བའི་རྟགས་རེད།
༡ ཆུང་ཚེ་རིང་ལྟ་བུ་དབྱིན་བོད་གཉིས་ཀ་ཤེས་པའི་ཁུལ་རེད། ད་ལྡ་འཛམ་གླིང་ནང་ངོ་རྒོལ་རབ་དང་རིམ་པ་བྱུང་དང་འབྱུང་
བཞིན་པ་རེད། ཨ་རིར་མི་མང་གིས་ངོ་རྒོལ་མང་པོ་བྱེད་བཞིན་འདུག ངོ་རྒོལ་དེ་དག་སྲིད་འཛིན་གྱི་ལས་འཆར་རམ་སྲིད་འཛིན་གྱི་སྲིད་ཇུས་འཛིན་ཕྱོགས་ཐད་ཡིན་པ་ལས་ཨ་རིའི་གཞུང་དང་སྲིད་འཛིན་སྒེར་ལ་མིན་པ་ལོང་བས་ཀྱང་ཤེས། ཟླ་འདི་ནང་ཕྷ་རན་སིའི་ནང་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱུང་སོང་། ངོ་རྒོལ་དེ་ཕ་རན་སིའི་གཞུང་དང་སྲིད་འཛིན་ལ་མ་ཡིན་པར་སྲིད་འཛིན་སྲིད་ཇུས་སྣུམ་གོང་སྤར་བ་དང་དཔྱ་ཁྲལ་སྤར་བ་དེར་ཡིན་པ་སློབ་ཆུང་གི་སློབ་མ་ཡན་གྱི་ཧ་གོ་ཡོད། ཆུང་ཚེ་རིང་གི་རྣ་མིག་གཉིས་གང་ཟག་སུས་བཀག་པ་ཡིིན་ནམ།
༢ ཆུང་ཚེ་རིང་བཙན་བྱོལ་དམངས་གཙོའི་ལུང་པར་འབྱོར་ནས་ལོ་མང་ཕྱིན་པའི་ཁུལ་རེད། དམངས་གཙོའི་ལུང་པར་རྒྱལ་ཁབ་དང་དེ་མིན་གྱི་ཚོགས་སྡེ་ཁག་གི་བྱ་ལས་གང་སྤེལ་ཡང་མི་མང་གིས་བདམས་པའི་འཐུས་མི་རྣམ་པས་སྐབས་བསྟུན་གྱི་ཐག་གཅོད་བྱེད་ཀྱིན་ཡོད། དཔེར་ན། བཙན་བྱོལ་ནང་ལ་ཆགས་བཞག་ན། བོད་ཀྱི་གཞོན་ལྷན་ཚོགས་པ་ཆེ་ཤོས་རེད། ཁོང་ཚོས་ལས་འགུལ་གང་སྤེལ་ཡང་རྒྱུན་ལས་རྣམ་པས་ཐག་གཅོད་བྱས་ན་ལས་འགུལ་སྤེལ་བ་ལས་གཞོན་ལྷན་གྱི་ཚོགས་མི་རྣམ་པར་གྲོས་བསྡུར་བྱེད་ཀྱིན་མེད། དེ་ནི་ཁོང་ཚོ་ནི་གཞོན་ལྷན་གྱི་ཚོགས་མིས་བདམས་པའི་གཞོན་ལྷན་གྱི་ཚབ་མཚོན་མི་སྣ་ཡིན་པས་རེད། བོད་ཀྱི་གནད་དོན་མང་པོ་ཞིག་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད། སྤྱི་ལྷན་ཐག་གཅོད་དེ་དག་སྒེར་གཅོད་རེད། མི་མང་ལ་སྐད་ཆ་བྲི་མ་སོང་ཟེར་ན་འགྲིག་གམ།
༣ ཆུང་ཚེ་རིང་གི་དབུས་གཙང་གི་སྤྱི་འཐུས་ལ་འོས་ཤོག་བླུགས་མྱོང་མེད་ཅེས་སྤྱི་མི་ཡིན་པའི་རྣམ་འགྱུར་སྟོན་པའི་ཁུལ་རེད། ད་ལྟ་སྲིད་སྐྱོང་བློ་བཟང་སེང་གེའི་རྒྱབ་སྐྱོོར་བ་ཕྱོགས་རིས་ཅན་གྱིས་ཁམས་ཞེན་རིང་ལུགས་པ་ཚོས་སྲིད་སྐྱོང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་ཚོ་དཀྲུགས་ཤིང་བརྒྱབ་མཁན་རེད་ཅེས་མ་ཉེས་ཁ་ཡོག་བྱེད་བཞིན་ཡོད། ཆུང་ཚེ་རིང་གི་ཡང་ཁོང་ཚོའི་རྗེས་སུ་སྙེགས་ཏེ་འཁྱོག་བརྗོད་དེ་བསྐྱར་ཟློས་བྱས་འདུག རྒྱུ་མཚན་གང་ཡིན་མིན་གསལ་པོ་ཤེས་མ་སོང་། དེའི་རྒྱབ་ལ་བསམ་ཚོད་ལས་འདས་པའི་གནས་ཚུལ་ཡང་ཡོད་སྲིད། ཁམས་པ་ཐམ་བཅད་ཁམས་ཞེན་རིང་ལུགས་པ་མ་རེད།
༄༅། རྩོད་འདོད་ན་ཕ་ཡུལ་བཙན་འཕྲོག་པར་རྩོད།
རྒྱ་ལ་ཐུག་ན་རི་བོང་ལྟར་བྲོས། ནང་ལ་ཐུག་ལ་ཝ་སྟག་བཞིན་ངར་།
ཐབས་སྐྱོ་བ་ལ་། བཙན་པོའི་གདུང་བརྒྱུད་ཀྱི་ཞབས་འདྲེན་པ་ཚོ།
ཨོ་གླིང་བོད་པ་ཆབ་སྲིད་བཙོན་ཟུར་ལ་ལ་ངོ་མ་ཡིན་སྲེད་། ལ་ལ་ནི་ད་ཧ་གོ་གིས་འདུག་བ་སོ་སོས་མིང་དག་གོ་ལ་འདོད་ནས་་་་བོད་མིའི་སྒྲིག་འཛུག་ཆུང་ནའང་་་བོད་སྤྱི་པའི་ལས་ཁུང་ལ་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་ཡོད་ཚོར་སྣང་བྱུང་ཡིན་ནའང་་་དེ་ལྟར་མིན་ན་དགའ་བསུ་ཡོད།
ད་ནི་ལོ་གཅིག་དང་ཕྱེད་ཀ་ལས་མེད། སྲིད་སྐྱོང་སུས་ཕེབས་ཡོང་ངམ། ད་ངས་བསམ་ན་སྤྱི་འཐུས་པདྨ་འབྱུང་གནས་སམ། ཡང་ན་ཨ་མ་རྗེ་བཙུན་པདྨའི་སྲས་མོ་ཨ་རི་ལ་བཞུགས་ཡོད་པ་དེ་གཉིས་ལ་ཐུགས་བསམ་བཞེས་རོག
མི་དང་མིའི་བར་དུ་སྐད་ཆ་བཤད་ན་མི་གོ་ན། མུ་མཐུད་དུ་ལབ་རོགས་གནང་། ལག་ཡོང་ཆེན་པོ་ཡོད་པའི་རེ་བ་ཡོད།
སྲིད་སྐྱོང་ཡང་པེ་ཅིང་མཁར་ལ་སོང་ནས་ཐབས་ཕྱོགས་གཅིག་གྱུར་ཁང་གི་གསོལ་ཚིག་བཞེས་ཟིན་པས་ང་ཚོས་བདེན་པ་ཅི་ཙམ་བཤད་ན་ཁོ་ལ་དེ་ཙམ་ཕོག་གི་རེད། དེ་བཞིན་ཙི་ཙི་སྐམ་པོ་ཚོ་ལ་དརའཕྱར་དུང་འབུད་པའི་གོ་སྐབས་བྱུང་རེད
ཨོ་གླིང་གི་ཆབ་སྲིད་བཙོན་པ་ཚོ་གཞན་གྱིས་ནག་པོ་བཟོ་དགོས་པ་མ་རེད། མ་གཞི་ནས་བརྒྱ་ཆའི་བརྒྱད་ཅུ་ནག་པོ་ཡིན། ངའི་ངོ་ཤེས་པའི་ཆབ་སྲིད་བཙོན་པའི་མིང་ཁུར་བ་ཚོའི་ཁྲོད་ན་ཡང་གཅིག་གཉིས་ཤིག་མ་གཏོགས་ཕལ་ཆེ་བ་བཙོན་སྒོ་མིག་གིས་མཐོང་མ་མྱོང་བའི་བཙོན་པ་རྫུན་མ་ཡིན། ཆབ་སྲིད་བཙོན་པའི་ནང་ཐོ་འགོད་བྱེད་ཆེད་ངོ་ཚ་མེད་པའི་ལས་གང་མང་སྒྲུབ་བཞིན་པ་ཡང་མིག་གིས་མཐོང་མྱོང་།