Thandi hawa ke khoke chalet hain halke halke,
Aise me dil na todo vaade karo na kal ke/
གྲང་བསིལ་རླུང་པོའི་ལྡང་ཤུགས་ ཡང་ནས་ཡང་དུ་འགྲོ་སྐབས།།
འདི་ལྟར་སེམས་པ་མ་གསོད་ སང་གི་ཁས་ལེན་མ་གནང་།།
Chalte hain woh bhi humse tevar badal badal ke,
Jinko sikhaya humne chalna sambhal sambhal ke/
སྟངས་སྟབས་བརྗེ་ཞིང་བརྗེ་ཞིང་ ང་ལས་མགྱོགས་པའི་འགྲོ་སྟངས།།
ཟོན་ཟོན་བྱས་ཏེ་འགྲོ་སྟངས་ ང་ཡིས་ཁོང་ལ་བསླབས་ཡིན།།
Saqi ne aaj mujhko aisee nazar se dekha,
Mausam huwa gulabi rangeen jaam chhalke/
དེ་རིང་ཆང་མས་ང་ལ་ མིག་གིས་འདི་ལྟར་བལྟས་བྱུང་།།
ཚོན་ལྡན་རྒུན་ཆང་འཕྱར་དུས་ ནམ་དུས་རྒྱ་སེར་བསྒྱུར་སོང་།།
Bistar ki silvaton se yeh mahsoos ho raha hain,
Toda hain dam kisi ne karvate badal badal ke/
མལ་ས་འཇམ་པོའི་བབ་ནས་ ཚོར་བ་འདི་ལྟར་སྐྱེས་བྱུང་།།
གཅིག་གིས་བླ་འོག་བརྗེ་ཞིང་ དྲན་པ་འཐོར་བ་བྱུང་འདུག །
Thandi hawa ke jhoke chalet hain halke halke,
Aise me dil na todo vaade karo na kal ke//
གྲང་བསིལ་རླུང་པོའི་ལྡང་ཤུགས་ ཡང་ནས་ཡང་དུ་འགྲོ་སྐབས།།
འདི་ལྟར་སེམས་པ་མ་གསོད་ སང་གི་ཁས་ལེན་མ་གནང།།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༣ ཚེས་༢༨ ལ།
དངོས་གནས་སྙན་པོ་བྱུང་། མུ་མཐུད་མང་པོ་བསྒྱུར་པའི་སྐྱབས་འཇུག་ཞུ༄