སྲིད་རྡོ།
ཨོ་གླིང་གི་དོན་གཅོད་དང་བོད་རིགས་མཐུན་ཚོགས་ཤིག མི་མང་བཅས་ཀྱི་བར་དུ་བྱུང་མྱོང་བའི་གནད་དོན་ཅི་ཞིག་ཡོད། དམིགས་གསལ་གྱིས་བཀའ་སྤྱི་གཉིས་ཀྱི་འོས་འགན་སྟེ། གྲོས་ཚོགས་ཀྱི་སྡིངས་ཆ་རུ་དྲང་བདེན་གྱིས་གནས་ལུགས་རྒྱུ་མཚན་ཡོད་པའི་གཏམ་སྨྲ་བ་གལ་ཆེ།
ཕྱི་ལོ་ ༢༠༡༩ ཟླ་ ༠༣ སྐབས་ ༡༦ སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༧ པའི་སྐབས་སུ། གྲོས་ཚོགས་ཀྱི་གླེེང་མོལ་ཞིག་ཏུ། ཨོ་གླིང་གི་མི་མང་ནག་པོ་བཟོས་ཤིང་མ་ཤེས་མདོག་གི་སྐད་ཆ་གང་མང་ཞིག་གིས་ནག་ཉེས་བཀལ་བ། སྐབས་འདིར་གླེང་སློང་བྱེད་མཁན་གྱི་སྤྱི་འཐུས་མི་སྣ་དེ་དག་གིས་ཨོ་གླིང་གི་དོན་གཅོད་མི་གླེང་བར་ཨོ་གླིང་གི་མི་མང་གླེང་བ་ཧ་ཅང་གིས་ཡ་མཚན་ཆེ་བ་ཞིག་རེད་བསམ།
ཨོ་གླིང་དུ་ཡོད་པའི་མི་མང་ནི་བོད་མི་རིགས་ཀྱི་ལས་དོན་ལ་ཆེད་དུ་དཀའ་ལས་རྒྱག་མྱོང་མཁན་དང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཡོད་མི་སྣ་རྐྱང་རྐྱང་ཡིན་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་ཞག་རྩི་མཐུག་པོ་ཡོད་མཁན་ཤ་སྟགས་རེད། དོན་གྱི་བདག་པོ་བོད་གཞི་ལུས་རྒྱ་ཆེའི་མི་མང་གི་ཚབ་མཚོན་དངོས་སམ། གཞི་བྱེས་གཉིས་བར་གྱི་ཟམ་པ་ལྟ་བུ་ནི་ཨོ་གླིང་གི་མི་མང་ཡིན་པ་མ་ཟད། བཀའ་སྤྱི་གཉིས་ཀྱིས་བོད་དོན་ཞུ་གཏུགས་བྱེད་པའི་དགོས་འདུན་ནང་གི་དོན་ཚན་ཆེ་ཤོས་ཀྱི་དཔང་པོ་དངོས་དེ་ཡང་ཡིན་པར་སེམས། འདི་ལྟ་བུའི་གལ་ཆེན་ནང་གི་དོན་ཆེན་ཞིག་ད་ལོའི་གྲོས་ཚོགས་ནང་གི་མི་སྣ་གཅིག་གཉིས་ཤིག་གིས་ནག་པོ་བཟོ་བའི་བསམ་འདུན། བཙན་བྱོལ་སྤྱི་ཚོགས་ནང་དུ་ཕྱིར་ཕུལ་བྱས་པ་མ་ཟད། བོད་ཀྱི་བདེན་དོན་རྩོད་པའི་ལོ་རྒྱུས་དེབ་ཐེར་ནང་ནས་རྒྱངས་ཕུལ་གཏོང་བའི་བརྩིས་ནག་འདེད་ཀྱི་འདུག
སྐབས་འདིའི་གྲོས་ཚོགས་ཀྱི་ཟིན་ཐོ་ནང་ལ་འཁོད་པའི་ཉེས་འགལ་འདི་ནི་གྲོས་ཚོགས་ཀྱི་སྡིངས་ཆ་རུ་བྱུང་ཞིང་། ཉེས་འགལ་འདིའི་ཁྲོད་དུ་མི་སྣ་གང་དག་སྐོང་ཡོད་མེད་ནི་གྲོས་ཚོགས་སྐབས་ཀྱི་བརྙན་ཐུང་ལས་མཐོང་ཐུབ།
ཨོ་གླིང་ན་བོད་རིགས་མཐུན་ཚོགས་ཁ་ཤས་ཡོད་ཅིང་། སིཌ་ནི་དང་དོན་གཅོད་བར་གྱི་རྙོག་གླེང་དེ་ནི་བོད་རིགས་མཐུན་ཚོགས་གཞན་གྱིས་ལག་པ་བསྲིང་ཆོག་པ་དང་བསྲིང་ཡོད་པ་ཞིག་གོ་ཚོད་ཀྱང་མེད་མོད། བཀའ་སྤྱི་གཉིས་ཀྱིས་ཨོ་གླིང་གི་མི་ཚང་མར་ནག་ཉེས་བཀལ་ཅིང་། ཨོ་གླིང་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཏོང་བའི་ལམ་ཁར་མིག་སེར་རྒྱག་གི་འདུག གང་ལྟར་དོན་གཅོད་དང་ས་གནས་བོད་རིགས་མཐུན་ཚོགས་ཤིག་གི་བར་གྱི་རྙོག་གླེང་དེ་ནི་ཨོ་གླིང་གི་མི་མང་ཡོང་གི་མགོར་བཙན་གྱིས་བཞག་ཅིང་། གྲོས་ཚོགས་ཀྱི་སྡིངས་ཆ་བེད་སྤྱད་ནས་གཏམ་ཚོད་མེད་སྨྲ་བ་འདི་ནི་ཨོ་གླིང་མི་མང་གིས་ནམ་ཡང་ཁུར་ཐུབ་མེད་པའི་རྫུན་གཏམ་ཞིག་ཡིན།
གླེང་སློང་གནང་མཁན་སྤྱི་འཐུས་མི་སྣ་དེ་དག་གིས་ཨོ་གླིང་གི་རྙོག་གླེང་དེར་རྒྱུས་མེད་ཀྱི་རྒྱུས་གཏམ་བཤད་ཅིང་། སྲིད་སྐྱོང་ཚུད་པའི་དོན་གཅོད་དང་བོད་རིགས་མཐུན་ཚོགས་ཤིག་གི་བར་གྱི་རྙོག་གླེང་དེ་ནི། བཀའ་ཤག་གིས་ཨོ་གླིང་མི་མང་ཡོངས་ཡིན་པ་ལྟ་བུ་ཞིག་བཀའ་ལན་དུ་བཏབ། ཨོ་གླིང་གི་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་་ “མི་མང་གི་མཐུན་བསྒྲིལ་ཡག་ཐག་ཆོད་ཡོད” ཅེས་གྲོས་ཚོགས་སྐབས་བཤད་ཀྱང་རུང་། སྤྱི་འཐུས་ཁ་ཤས་ཀྱིས་སྤྱི་བཤད་བྱས་ཏེ་ཨོ་གླིང་མི་མང་གི་སྔར་བྱས་ལས་རྗེས་དག་ནག་གསིབ་དང་ད་ལྟའི་ལས་འགན་ལ་བཀེག་དང་བར་ཆད། གཏོར་སྐྱོན་བྱེད་པར་འབད་འབུངས་བྱེད་ཀྱི་ཡོང་པའི་ཚོར་བ་འགོག་མེད་དུ་སླེབས།
འདི་ལོའི་ཕྱི་ཟླ་ ༣ ནང་། སྲིད་སྐྱོང་གི་གཏམ་བཤད་ཅིག་ཏུ། ཨོ་གླིང་དུ་རྒྱ་མིས་གཞུང་ཚབ་དང་འབྲེལ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་བཞག་ཡོད་པ་རེད། དེའི་ནང་དུ་ཆབ་སྲིད་བཙོན་ཟུར་ཁ་ཤས་ཡོད་པ་རེད་དཱ། ང་ཚོས་དམིགས་གསལ་བཏང་བའི་མི་རྒྱ་མིའི་རྒྱུགས་ཁྱི་ཆགས་འདུག་ཡོད་པ་རེད། ཨོ་སི་ཁྲོ་ལི་ཡའི་བོད་རིགས་རྒྱ་རིགས་མཐུན་བསྒྲིལ་ཚོགས་པ་ཞིག་བཙུགས་འདུག ཁ་གཅིག་གི་ནང་དུ་སྐད་ཆ་གཉིས་བཤད་ཅིང་། དོན་དངོས་བོད་རིགས་སྤྱི་མཐུན་ཚོགས་པ་རེད་དམ་གཞན་དེ་རེད། གང་ལྟར་སྲིད་སྐྱོང་གིས་ཁ་གསལ་བོར་བཤད་བཞག་ན་ཡག་ག་མིན་འགྲོ། ཡིན་ལ་མིན་ལ་ཞིག་གིས་ས་རྒྱོངས་མི་ཆོད་ལ། མི་མང་གི་སེམས་རྩ་དཀྲུགས་པའི་གསུངས་སྐད་སྐྱོན་པ་འདི་ནི་རང་གཞན་གང་ལ་གནོད་ཀྱི་ཡོད་པ་མཁྱེན་ན་ཡག
ཕྱི་ལོ་ ༢༠༡༩ ཟླ ༠༤ ཚེས་མགོར།
ད་ཨོ་གླིང་བོད་པ་རྣམས་ནི། དང་པོ་ཆབ་སྲིད་བཙོན་ཟུར་རྫུན་མ་ཅན། བར་དུ་ནང་འཁྲུགས་ཅང་རྒྱབ་མཁན། ཐ་མ་རྒྱ་མའི་གཞུང་ཚབ་ལ་དགའ་བསུ་ཞུ་མཁན་ཡིན་པས། ད་ནི་ཡིད་ཆེས་མེད། ཨོ་གླིང་བོད་པ་ཚོས་་་ཡུ་རབ་བོད་པ་དང་ཨ་རིའི་བོད་པ་ལ་གཟིགས་དང་། དང་པོ་རང་གི་དངུལ་དང་རྒྱུ་སོང་ཚད་མེད་བཏང་། བར་དུ་བོད་མའི་སྒྲིག་འཛུག་ཆོལ་གསུམ་བོད་དོན་ལ་ཤ་ཚ་ཅན། ཐ་མ་༧ གོང་ས་མཆོག་ཐུགས་དགོངས་བཞིན་ཞབས་འདེགས་ཞུ་མཁན་ཡིན། ཨོ་གླིང་བོད་༡༥༠༠ ལས་མེད་ད་དུང་ང་དང་ཁྱོད། ཁོ་དང་མོ། ཟེར་ནས་བོད་ནང་ཁུལ་ནང་ནང་འཁྲུགས་དག་ཡིག་བརྫུན་ཅང་འགྲེམ་མཁན་རེད་འདུག གཟིགས་དག་། ཨ་རི་དང་ཀ་ན་ཌ་སོགས་བོད་ཁྲི་གཉིས་ལྷག་ཡོད་གང་འདྲ་འདུག ཡུ་རོབ་ལ་བོད་པ་དྲུག་སྟོང་ཙམ་གཟིགས་དང་། ཨོ་གླིང་བོད་པ་ཚོས་རྒྱགས་མ་ཆགས། སྐྱིད་མ་ཆགས། རྙོགས་དྲ་ཅང་ཅང་རེད། རྒྱ་དམར་གྱིས་བྱིན་རླབས་ཞུགས་འངུག་་
ད་ཨོ་གླིང་བོད་པ་རྣམས་ནི། དང་པོ་ཆབ་སྲིད་བཙོན་ཟུར་རྫུན་མ་ཅན། བར་དུ་ནང་འཁྲུགས་ཅང་རྒྱབ་མཁན། ཐ་མ་རྒྱ་མའི་གཞུང་ཚབ་ལ་དགའ་བསུ་ཞུ་མཁན་ཡིན་པས། ད་ནི་ཡིད་ཆེས་མེད། ཨོ་གླིང་བོད་པ་ཚོས་གཟིགས་དང་། ཡུ་རབ་བོད་པ་དང་ཨ་རིའི་བོད་པ་ལ་གང་འདྲ་བོད་མི་མང་གི་དོན་ཕྱག་ལས་གནང་གིས་འདུག་གཟིགས་དང་། ཁོང་ཚོ་དང་པོ་རང་གི་དངུལ་དང་རྒྱུ་སོང་ཚད་མེད་བཏང་། བར་དུ་བོད་མའི་སྒྲིག་འཛུག་ཆོལ་གསུམ་བོད་དོན་ལ་ཤ་ཚ་ཅན། ཐ་མ་༧ གོང་ས་མཆོག་ཐུགས་དགོངས་བཞིན་ཞབས་འདེགས་ཞུ་མཁན་ཡིན། ཁྱོད་རང་ཚོ་ཨོ་གླིང་བོད་༡༥༠༠ ལས་མེད་ད་དུང་ང་དང་ཁྱོད། ཁོ་དང་མོ། ཟེར་ནས་བོད་ནང་ཁུལ་ནང་ནང་འཁྲུགས་ཅང་བྱས། ཡིག་བརྫུན་ཅང་འགྲེམ་མཁན་རེད་འདུག གཟིགས་དག་། ཨ་རི་དང་ཀ་ན་ཌ་སོགས་བོད་པ་ཁྲི་གཉིས་ལས་ལྷག་ཡོད་གང་འདྲ་འདུག ཡུ་རོབ་ལའང་བོད་པ་དྲུག་སྟོང་ཙམ་གཟིགས་དང་། ཨོ་གླིང་བོད་པ་ཚོས་རྒྱགས་མ་ཆགས། སྐྱིད་མ་ཆགས། རྙོགས་དྲ་ཅང་ཅང་རེད། རྒྱ་དམར་གྱིས་བྱིན་རླབས་ཞུགས་འངུག་་
ད་ཨོ་གླིང་ལ་རྙོག་དྲ་འདྲ་ཅང་ལ་ཡོད་ཀྱི་མེ་རེད་བསམ། སྤྱི་འཐུས་ལྷན་ཚོགས་ནང་ཉིན་མང་པོར་བགྲོ་གླེང་བརྩད་འཆོལ་བྱས་མཐར་རྒྱ་གཞུང་གི་སོ་བ་དེ་འབའ་བ་སྐལ་བཟང་རྒྱལ་མཚན་ལས་གཞན་མེད་པ་ངོས་འཛིན་བྱུང་ཡོད། འེ་འདྲ་ཅིག་མ་རེད་པས།
ད་ཨོ་གླིང་བོད་རིག་དབུ་འཛིན་་ཨ་རི་ལ་བཅའ་བཞུགས་་་མི་ལ་རང་བཙན་་་ཁོང་བཏང་ན་ཡག་ས་རེད། ཁོང་ནི་བོད་དོན་སེམས་ཁུར་དང་། མཁྱེན་རྒྱ་ཅན་ཞིག་ཡིན་པས་དེ་དོན་ཚང་མས་རྒྱབ་སྐྱོར་གནང་རོག་་་མི་ལ་རང་བཙན་ལ་རྒྱབ་སྐྱོར་གནང་ན་ཨ་གླིང་གི་བོ་པའི་དབུ་འཛིན་གནང་ན་ཡག་ས་རེང།
མཁྱེན་ལྡན་རྣམ་པར་ཞུ་རྒྱུ་ ཨོསིཊིལིཡ་ནི་གླིང་ཆེན་ཧ་ཅང་རྒྱ་ཆེ་བ་ཞིག་རེད་དེའི་ནང་བོད་པ་ཁ་འཐོར་བ་གཅིག་སྟོང་ལྷག་ཙམ་མམ་འགའ་ཞིག་གི་ཉིས་སྟོང་ཡོད་ཅེས་བཤད་ཀྱིན་ཡོད་རེད་ ད་ཆ་རྙོག་གླེང་ཡོད་སའི་བོད་མི་ནི་སིད་ནི་(SYDNEY) ཅེས་པའི་གྲོང་འཁྱེར་ནང་ཡོད་པའི་བོད་མི་ཚོ་རེད་མ་གཏོགས་ས་གནས་གཞན་ Melbourne, Brisbane, Perth, Tasmania, Northern Territory སོགས་བོད་མི་བསྡོད་གནས་གང་དུའང་རྙོག་ཁྲ་ཏིལ་འབྲུ་ཙམ་ཡང་མེད་པས་བོད་རིགས་སྤུན་ཟླ་ཡོངས་རྫོགས་ཐུགས་བདེ་པོ་གནང་རོགས་
བོད་མི་མང་ཆེ་བ་རྒྱལ་ཁབ་འདིའི་ནང་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་འགྲོ་ཡི་ཡོད་རེད་ ད་བར་བོད་མི་ནང་ཁུལ་འཁྲུགས་སློང་གི་སྐད་ཆ་སྦྲང་བུའི་སྒྲ་ཙམ་ཡང་གོ་རྒྱུ་ཡོད་མ་རེད་ ད་ལྟའི་གནས་ཚུལ་ནི་མི་རབ་གསར་པ་རྗེས་སུ་འབྱོར་བ་རྣམས་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་རེད་
དེ་དོན་ཉ་དང་ཉུང་མ་མ་བསྲེས་རོགས་གནང་ཅེས་འབོད་བསྐུལ་ཡང་ཞུ་བར་ལགས་
༄༅། མི་ལ་རང་བཙན་ཟེར་མཁན་དེ་གང་བྱུང་མང་བྱུང་བཤད་ཀྱི་ཡོད་སྐོར་གོ་ཐོས་བྱུང།
ཁོས་བཤད་ཚད་ཚང་མ་ཁུངས་མེད་ལུང་མེད་ཁྲིམས་འགལ་ཤ་སྟག་རེད་ཟེར།
མི་ཚང་མ་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་འདྲ་། ཉིན་གཅིག་ཁོས་རྩ་བའི་བྱ་མ་ཚོར་
སྐྱོན་འཛུགས་བྱེད་ངེས་རེད། ཁོ་ལ་རིག་གནས་གང་ཡང་མེད་པར་བརྟེན་སྤྱི་ཚོགས་
དྲ་རྒྱའི་ནང་ཤེས་མདོག་དང་བྱོན་མདོག་ཤ་སྟག་བཤད་ནས་མི་མགོ་བསྐོར་གཡོགས་ཀྱི་
ཡོད་ས་རེད།
མི་ལ་རང་བཙན་ཟེར་མཁན་དེ་ཁོས་གནས་ཚུལ་ཞིག་གོ་ཐོས་བྱུང་། ལོ་ཕྱེད་གཉིས་རྗེས་ཁོ་བཀའ་ཤག་གསར་འདེམས་བྱུང་སྐབས་་སུ་ཁོ་འདོད་མོས་ལ་ཨོ་གླིང་གི་དོན་གཅོད་བྱུང་རེ་མོས་ཡོད་འདུག་ཟེར་།
༄༅། ཐུགས་རྗེ་གཟིགས་ཨོ་གླིང་བོད་རིགས་ཚོ་ཡག་པོ་གནང་རོགས་གནང།
བོད་པའི་ཞབས་འདྲེན་མ་བཞག་རོགས། ཀླད་སྟོང་ལྐུགས་སྟོང་རེ་གཉིས་ཡོད་ན་
མ་གཏོགས་མང་ཆེ་བར་ཞུ་དགོས་ཡ་མེད་པ་རེད།
བསྟན་དགྲའི་འདྲེ་ལག་དེ་བོད་པའི་སྤྱི་ཚོགས་ནང་རྐྱང་མ་བཅུག་ཨང།
གསར་པ་དང་རྙིང་པའི་བཀའ་མོལ་མ་གནང་། མང་བ་དང་ཉུང་བའི་སྐད་ཆ་མ་བཤད། ཀླད་སྟོང་དང་རོ་སྦྱོར་ཐ་སྙད་མ་སྤྱོད། རང་སྐྱོན་རང་གིས་ངོས་ཟིན་ཏེ་ཕྱིན་ཆད་བོད་མི་རིགས་ལ་མིང་ཆད་འབྱུང་བའི་ལས་འགུལ་དེ་རིགས་དོན་གཅོད་དང་འབའ་བ་སྐལ་བཟང་། བོད་རིགས་ཚོགས་པ་ཚང་མས་མ་གནང་རོགས།
ཕོ་བྲང་པོ་ཏ་ལའི་ས་འོག་དོང་ལམ་གྱི་གསང་བ།
བོད་ཀྱི་དུས་བབ། ༢༠༡༩/༠༤/༡༠ རིག་པ། (༦)
ཀླུ་སྨྱོན་ཧེ་རུ་ཀ
http://tibettimes.net/2019/04/10/176667/comment-page-1/#comments
ཀ་རྡོ་མ་ཤེས་ན་ཤེས་འདོག་མ་གནང་ན་དགེ་་་སོ་སོས་བྱིས་པ་དག་ཡིག་ཙམ་སྦྱོང་བ་ལ་བརྟེན་ཐམད་ཅད་ཞུས་དག་མི་ཐུབ་བོ། མ་ཟད་མཁས་དབང་ཀླུ་སྨྱོན་གྱི་རྐང་རྗེས་ཙམ་རྗེས་མི་ཟིན་་་ལྷོང་ཙམ་བཞུགས་ན་དགའ
་་་་་་་་་་་་ #11 ཨ་ཤོ་ཀ ་ལགས་ཀྱིས་སྤེལ་དོན།:
April 14th, 2019 at 1:56 am
ཀ་རྡོ་མ་ཤེས་ན་ཤེས་འདོག་མ་གནང་ན་དགེ་་་སོ་སོས་བྱིས་པ་དག་ཡིག་ཙམ་སྦྱོང་བ་ལ་བརྟེན་ཐམད་ཅད་ཞུས་དག་མི་ཐུབ་བོ། མ་ཟད་མཁས་དབང་ཀླུ་སྨྱོན་གྱི་རྐང་རྗེས་ཙམ་རྗེས་མི་ཟིན་་་ལྷོང་ཙམ་བཞུགས་ན་དགའ
་་་་་་་་་་་ ཟེར།
ཧཧཧཧཧཧཧཧཧཧ། མྱ་མན་མ་བྱེད་གསར་བུ་བ་ཁྱོད། ངས་འདིར་བཀོད་པ་ཙམ་མ་གཏོགས་གང་ཡང་བཤད་མེད། བརྒྱབ་པའི་ཁ་ལ་མ་ཕོག མ་བརྒྱབ་སྣ་ལ་ཕོག་ཤག ཧཧཧཧཧཧཧཧཧཧཧཧ།། །།
ཨ་ཤོ་ཀ་ལགས། ཨོནགླིང་གི་བོད་པས་བོད་མིའི་ཆབ་སྲིད་ལ་ཕན་རླབས་གང་འདྲ་བྱུང་ཡོད་མེད་མཁྱེན་གྱིནཡོད་དམ། ཁྱེད་ཀྱི་༡-བཙོན་ཟུར་རྫུན་མ། ༢-ནང་འཁྲུག་བརྒྱག་མཁན། ༣ རྒྱ་གཞུང་ལ་དགའ་བསུ་ཞུ་མཁན། ཟེར་བ་གསུམ་བདེན་པ་ཡིན་པའི་་དཔང་རྟགས་ག་རེ་ཡོད་དམ། སྲིད་སྐྱོང་བློ་སེང་གིས་གང་བཤད་ཡང་དག་ཡིན་ནམ
དེ རེར་བཀའ་ཤག་གམ་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་རེ་ཟུང་གིས་་བཙོན་ཟུར་ཚོ་རྒྱུགས་པ་ལེབ་བརྡུང་བྱས་བྱུང་ང་། མ་ཟད་ང་ཚོའི་བརྒྱ་ཆའི་གོ་དགུ་དེ་འདྲ་མིན་བསམ་ཡོད། ང་ཚོ་དེའདྲའི་་ཕན་ལས་གནོད་ཆེ་བ་ཞིག་ཡིན་ན། དབུས་བོད་མིའི་སྒྲིག་འཛུགས་སམ་བློ་སེང་གི་སྤྱི་ཚོགས་ལས་ལོགས་ཁ་བྱས་ཆོག་གོ།
དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་ལེགས་པར་གྲུབ།
་
http://tibettimes.net/2019/04/16/176829/
་
འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས།
་
ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ།།
བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད།།
ཐ་མ་འདྲིས་པའི་དོན་ལ་བརྩོན་པས་བསྒོམ།།
དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན།།