བསྟན་འཛིན་རབ་དགའ།
ཕྱོགས་ལས་རྣམ་རྒྱལ་དགའ་བ་བརྒྱ་ལྡན་པའི།།
ཆབ་སྲིད་གདུགས་དཀར་དགུང་དུ་བཏེགས་པ་ལས།།
རྒྱལ་བའི་དགོངས་གཞི་དམངས་ཀྱི་རེ་ལྟོས་བཅས།།
གཟི་བརྗིད་འོད་དང་བསྲེས་པའི་མཛད་རྗེས་དྲན།།
ཤིན་ཏུ་གཉན་འཕྲང་གཡང་ཁ་གཟར་མོ་ནས།།
རྒྱལ་བའི་ཐུགས་རྗེ་འོད་ཀྱི་ཞགས་པ་ཡིས།།
ཉེ་བར་བཅིངས་པའི་མཐུན་ལམ་མདུད་པའི་རྒྱ།།
རྡོ་རྗེའི་ཁམས་སུ་བསྲེས་པའི་མཛད་རྗེས་དྲན།།
བདེན་པའི་གཏམ་དང་ཡང་དག་འཚོ་བའི་ཚིས།།
གཞུང་དམངས་ཆབ་སྲིད་སྲོག་གི་ཟུངས་སུ་གཟིགས།།
བསླུ་བྲིད་མགོ་སྐོར་སྤངས་པའི་གསུང་བཤད་དག།
དམངས་མའི་སེམས་ན་འབར་བའི་མཛད་རྗེས་དྲན།།
བསྒྲགས་སུ་རུང་དང་བསྟན་དུ་རུང་མིན་སོགས།།
འཕྲལ་ཕུགས་རྒྱང་གསུམ་གཟིགས་པའི་གནང་སྟངས་ལ།།
ཆོལ་གསུམ་མཐུན་ལམ་གོམ་པའི་རི་མོ་སྟོང་།།
གཞུང་སྲིད་མཛེས་པའི་དཔལ་དང་མཛད་རྗེས་དྲན།།
རིང་ཐུང་ཤོར་བའི་ལོག་འཚོའི་རྐང་པ་དང་།།
མ་བྱིན་ལེན་པ་རིང་བའི་ལག་པ་སོགས།།
དགོས་མེད་ཡན་ལག་སྐྱེས་པའི་མི་སྙན་གཏམ།།
མ་གྲག་སྙན་པར་འགྲོགས་པའི་མཛད་རྗེས་དྲན།།
གང་དུ་ཕེབས་པ་དེ་རུ་དགའ་བ་འབུམ།།
མ་བཅོས་གཤིས་ཀྱིས་འཁྱིལ་བའི་གཞི་ཉིད་ལ།།
འཛུམ་པའི་མདངས་རབ་འཕྱུར་བའི་འོད་སྣང་ལ་།།
དམངས་ཀྱི་སེམས་པ་འཁྱིལ་བའི་མཛད་རྗེས་དྲན།།
སྒུལ་མེད་ཐུགས་ཀྱི་རི་བོའི་རྩེ་མོ་མཐོ།།
གཡོ་མེད་གཤིས་ཀའི་མཚོ་མོ་ལྟེམ་མེར་འཁྱིལ།།
རྒྱལ་བའི་ཞབས་འདེགས་ཁོ་ན་ལྷུར་བཞེས་པའི།།
ཟླ་བྲལ་རི་མོར་བབས་པའི་མཛད་རྗེས་དྲན།།
ལྔ་བཅུའི་ལོ་ངོར་འབད་པས་བསྐྲུན་པ་ཡི།།
མཛེས་སྡུག་ཀུན་ལས་མཆོག་ཏུ་བསྔགས་པ་སྟེ།།
མཐུན་སྒྲིལ་གསེར་གྱི་མེ་ཏོག་ཁྲི་མ་འབུམ།།
དྲི་བསུང་གཅིག་ཏུ་བསྐྱིལ་བའི་མཛད་རྗེས་དྲན།།
མཛེས་རྗེས་དེ་ཙམ་ཡིན་ན་ཡིད་རེ་སྐྱོ།
༄༅། བསྟན་འཛིན་རབ་དགའ་ལགས་ནས་སྐྱབས་རྗེ་ཟམ་གདོང་རིན་ཆེའི་
མཛད་རྗེ་དྲན་་་ཞེས་པའི་ཆེད་རྕོམ་དེ་དངོས་དོན་དང་ལྡན་པ་ཞིག་བྱུང་འདུག་པ་ཁྱེད་ལ་
བསྔགས་བརྗོད་དང་་་བཀྲིས་བདེ་ལེགས་ཞུ།
བར་བར་ལ།
ཕ་རྒོད་བླ་མའི་ཞབས་འདེགས་དོལ་རྒྱལ་བསྟེན། །
བཙན་བྱོལ་སློབ་མའི་དོན་དུ་ཁ་མཆུ་བཙུགས། །
རྩ་བའི་བླ་མ་གཉེས་ཕྱིར་མི་རིགས་བརྗེད། །
མཁས་དབང་ཤོད་མཁས་མང་ཡང་རྩོམ་རིགས་ཉུང་། །
བར་བར་ལ།
མི་གསོད་ཁྲག་སྦྱོར་རྗེས་ལ་དོན་རྒྱལ་སྤངས་། །
མ་སུ་རི་དང་ཝ་ཎ་མཐོ་སློབ་བསྐྱངས། །
མི་རིགས་བརྗེད་ཀྱང་དབུས་ལམ་མཐའ་ཅིག་འབད། །
དིང་སང་དགེ་ལྡན་རིག་འཛིན་གསུམ་ལྡན་ཆགས། །
བར་བར་ལ།
ང་ནི་ཟབ་གདོང་སྤྲུལ་སྐུ་ཐང་མང་མཇལ། །
གཟབ་གདོང་བླ་མར་དད་པ་སྤུ་ཙམ་མེད། །
འོནད་ཀྱང་རྒྱལ་བའི་བཀའ་སྒྲུབ་མཁས་མཛངས་དང་། །
སྤྱི་དོན་སྒེར་དོན་མཁས་ལ་རྗེ་ཡི་རང་། །
ཀརྡོས།
ཟམ་གདོང་བླ་མའི་སྐད་ཆ་གཉིས་ནམ་ཡང་སེམས་ནས་བརྗེད་ཐབས་མི་འདུག ༡ ནང་ཆོས་དར་སོང་ན་བོད་མི་རིགས་ཉམས་ནའང་ཉམས། ༢ ངས་བླ་མའི་བཀའ་བསྒྲུབ་པ་མ་གཏོགས་བོད་མི་རིགས་ལ་ཞབས་ཕྱི་ཞུ་གི་མེད།
ཀུན་ལ་བསྟོད་པ་པོ་རེ་དང་སྨད་པ་པོ་རེ་ཡོད་པ་ཆོས་ཉིད་ཡིན། བསྟོད་པ་པོས་ཀྱང་འུད་བསྟོད་ཆེ་ཅམ་བྱས་འདུག་ཀྱང་ཕལ་ཆེ་བ་བདེན་པར་མངོན། སྨད་པ་པོས་སྐྱོན་འཛུགས་རྣམས་གཞི་མེད་ཡིན་ནམ་སྙམ་དུ་དོགས། སྨད་པ་དང་ཆབས་ཅིག དིང་སང་དགེ་ལྡན་རིག་འཛིན་གསུམ་ལྡན་ཆགས། །ཞེས་བསྟོད་པ་ནི་དགའ་འོས་པ་ཞིག་རེད། ཅི་ཕྱིར་ཞེ་ན། སྐྱོན་སྤང་གིན་ཡོན་ཏན་རྒྱས་ཀྱིན་ཡོད་པའི་རྟགས་རེད། གཞན་ལམ་ལོག་པའི་གྲོགས་བསྟེན་པ་ལ་བརྟེན་ནས་སྔར་ཡོན་ཏན་ཅུང་ཟད་ཡོད་པ་ཁོ་ཡང་ཟད་དེ་མ་རབས་ཐ་ཤལ་ཆགས་པ་ཀརྡོ་ལྟ་བུ་རེད།
་་་་་་་་་་ གཞན་ལམ་ལོག་པའི་གྲོགས་བསྟེན་པ་ལ་བརྟེན་ནས་སྔར་ཡོན་ཏན་ཅུང་ཟད་ཡོད་པ་ཁོ་ཡང་ཟད་དེ་མ་རབས་ཐ་ཤལ་ཆགས་པ་ཀརྡོ་ལྟ་བུ་རེད། ་་་་་་་་་་་ ཟེར། ཧཧཧ།། །།
ཨ་ཁུ་འབྲོག་པས།
ཁ་བརྡར་རང་མིང་ཤོད་མི་ཕོད་པའི་ཨ་ཁུ་འབྲོག་པས། ང་ལ།
་་་་་་་་་་ གཞན་ལམ་ལོག་པའི་གྲོགས་བསྟེན་པ་ལ་བརྟེན་ནས་སྔར་ཡོན་ཏན་ཅུང་ཟད་ཡོད་པ་ཁོ་ཡང་ཟད་དེ་མ་རབས་ཐ་ཤལ་ཆགས་པ་ཀརྡོ་ལྟ་བུ་རེད། ་་་་་་་་་་་ ཟེར། ཧཧཧ།། །།
ཁ་བརྡའི་གཞི་བདག་ཀརྡོ་ལགས། ངས་བྲིས་པའི་ཚིག་ལ་ལན་མ་ཐེབས་པར། ཧ་ཧ་ཧཧ་ཞེས་དགད་པས་ཅི་ཕན། ཁྱོད་ཀྱིས་རང་མིང་དངོས་སུ་སྤྱད་པ་ཡིན་དུ་སྲིད་ཀྱང་། ཁྱོད་རྒྱུས་མེད་པ་མང་པོ་ཞིག་གིས་མིང་ཚབ་ཡིན་ཤག་བྱེད་ཀྱི་ཡོད། ང་ངོ་ཤེས་མཁན་རྣམས་ཀྱིས་ང་ཡིན་པ་ཧ་གོ་ཐུབཀྱང་། ཁྱོད་ཀྱིས་ང་ངོ་མི་ཤེས་སྟབས་མིང་ཤོད་མི་ཕོད་མཁན་རེད་སྙམ་ན་རྩིས་ལོག་ཐེབས་པ་རེད། དེ་ཡང་ཡོན་ཏན་བསྒྲིབས་པའི་རྟགས་གཅིག་རེད།
ཁྱོད་ནང་པར་ཁས་འཆེ། ཐེག་ཆེན་པར་ཁས་འཆེ། གསང་སྔགས་ཀྱི་དབང་འདྲ་ཡང་ཞུ་མྱོང་བ་ཞིག་ཡིན་ནམ་མིན། གལ་ཏེ་མིན་ན་ངས་གང་ཡང་བརྗོད་རྒྱུ་མིན། གལ་ཏེ་ཡིན་ན་དགེ་རྙིང་གཉིས་ཀའི་བླ་བརྒྱུད་རྒྱལ་་མཆོག་ལྔ་པ་་ཆེན་པོ་ར་སྐྱོན་འཛུགས་རྗེས་བཟློས་དང་། བོད་མི་ས་ཡ་དྲུག་གི་ནང་ནས་མི་གཉིས་པའི་གྲལ་ལ་སོན་པ་ཟམ་གདོང་རིན་པོ་ཆེར་ཡང་།
མ་སུ་རི་དང་ཝ་ཎ་མཐོ་སློབ་བསྐྱངས།། ཞེས་རིན་པོ་ཆེའི་མཛད་པ་རགས་པ་ཙམ་ཡང་མི་ཤིས་བཞིན་དུ། ཕ་རྒོད་བླ་མའི་ཞབས་འདེགས་དོལ་རྒྱལ་བསྟེན། །ཞེས་མི་ཤེས་ཤེས་མདོག་བྱེད། རྩ་བའི་བླ་མ་མཉེས་ཕྱིར་མི་རིགས་བརྗེད། ། ཟེར་བའི་མི་རིགས་དེ་ཅི་ཞིག་ལ་ཟེར་གྱི་ཡོད་དམ། བོད་མི་རིགས་སྤྱི་ལ་ཟེར་ན་ནི། ཀརྡོ་ཁྱོད་ལྟ་བུ་མཐའ་འཁོབ་ཀྱི་ཡུལ་དུ་བློ་སྙིང་བྲང་གསུམ་དེ་ལ་བཏད་དེ་དེའི་མི་སེར་བྱས་ཏེ་བསྡད་ཡོད་པ་ནི། རང་གི་རྒྱལ་ཁབ་དང་མི་རིགས་བརྗེད་པ་མ་རེད་དམ། ཟམ་གདོང་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས་ཤིང་། བོད་མི་སྐྱབས་བཅོལ་བའི་མཚན་ཐོག་བཞུགས་པ་ལ་མི་རིགས་བརྗེད་པ་ཇི་ལྟར་ཟེར། གཟབ་༼ཟམ༽གདོང་བླ་མར་དད་པ་སྤུ་ཙམ་མེད། །ཅེས་མཐའ་ཚིག་སྒྲོགས་པ་ནི། སྙིགས་དུས་ཀྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཞིག་ལ་སྡོམ་ཉམས་ཆོས་དྲེད་ཆོས་ཀྱིས་མི་འཐུལ་བ་ཁྱོད་ལྟ་བུ་མ་དད་ན་བསོད་ནམས་ཟད་པའི་རྟགས་རེད། ལར་ནས་ཁྱོད་མ་དད་ན་གཞན་རྣམས་ཀྱང་དད་མི་དགོས་པ་ཡིན་ནམ། ད་ལྟ་འདི་ཙམ་གྱིས། ཞིབ་ཏུ་སྤྲོས་པས་ཆོག །
འབྲོག་ཕྲུག་གིས།
་་་་་་་་་་་་་་་་་་་་་་་་་་ བོད་མི་རིགས་སྤྱི་ལ་ཟེར་ན་ནི། ཀརྡོ་ཁྱོད་ལྟ་བུ་མཐའ་འཁོབ་ཀྱི་ཡུལ་དུ་བློ་སྙིང་བྲང་གསུམ་དེ་ལ་བཏད་དེ་དེའི་མི་སེར་བྱས་ཏེ་བསྡད་ཡོད་པ་ནི། རང་གི་རྒྱལ་ཁབ་དང་མི་རིགས་བརྗེད་པ་མ་རེད་དམ། ་་་་་་་་་་་་་ ཞེས་དང་།
་་་་་་་་་་་་་ གཟབ་༼ཟམ༽གདོང་བླ་མར་དད་པ་སྤུ་ཙམ་མེད། །ཅེས་མཐའ་ཚིག་སྒྲོགས་པ་ནི། སྙིགས་དུས་ཀྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཞིག་ལ་སྡོམ་ཉམས་ཆོས་དྲེད་ཆོས་ཀྱིས་མི་འཐུལ་བ་ཁྱོད་ལྟ་བུ་མ་དད་ན་བསོད་ནམས་ཟད་པའི་རྟགས་རེད། ་་་་་་་་་་་་་་ ཟེར། ཧཧཧཧཧཧཧཧཧཧ།། །།
་་་་་་་་་་་་་ #8 ཨ་ཁུ་འབྲོག་པ། ་ལགས་ཀྱིས་སྤེལ་དོན།:
April 24th, 2019 at 7:24 am
ཁ་བརྡའི་གཞི་བདག་ཀརྡོ་ལགས། ངས་བྲིས་པའི་ཚིག་ལ་ལན་མ་ཐེབས་པར། ཧ་ཧ་ཧཧ་ཞེས་དགད་པས་ཅི་ཕན། ་་་་་་་་་་་་་་་ ཟེར།
ཟམ་གདོང་བླ་མ་ནི། རྣམ་དཔྱོད་ཡག་པོ། རིག་པ་གྲུང་པོ། ཤེས་ཡོན་ལེགས་པ། ཆོས་དང་ཆབ་སྲིད་ལ་མཁས་པ། ཕྱི་ནང་གི་སྐད་ཡིག་ལ་བྱང་པ། མི་ལ་འབྲེལ་བ་འཛུགས་མཁས་པ། དུས་ཚོད་དང་བསྟུན་ནས་འགྲོ་ཐུབ་མཁན་གྱི་ཤཱཀྱའི་དགེ་སྦྱོང་ཡག་པོ་ཞིག་རེད།
ཁོང་ཆོས་རྒྱུད་ཁག་གི་བླ་མ་དང་འབྲེལ་བ་ལེགས་ཤིང་། ཕྱི་ནང་མི་རིགས་ཡོངས་ཀྱིས་གུས་ཞབས་ཞུ་ཡུལ་ཞིག་རེད།
ཁ་བརྡའི་གཞི་བདག་ཀརྡོ་བཞིན་བཟང་པོ། འབྲོག་ཕྲུག་གིས། ཞེས་འབྲོག་པར་མཐོང་ཆུང་ཁྱད་གསོད་བྱེདཁུལ་ཡང་། ཁྱོད་རང་ཡང་འབྲོག་ཐོམ་གྱི་རྒྱུད་པ་འཁྲུལ་མེད་ཡིན་པ་དེ་ཡང་སེམས་ལ་ཞོག །ཧཧཧཧཧཧཞེས་བྲིས་པ་ནི། སྲིན་བྱ་བསྙེན་ནས་དགོད་པ་དེ།། ལྟས་ངན་གཏོང་གི་དགའ་ནས་མིན།། གསུངས་པ་ལྟར་ཡིན་ཀྱང་། ཁྱོད་ཀྱི་ཁྲེལ་དགད་ལ་ང་མི་འཇིགས། ལན་མེད་པ་ནི་ཕམ་པའོ།། དེང་ནས་སྐྱེས་བུ་དམ་པ་རྣམས་ལ་རྗེས་སུ་ཡི་རང་གི་དྲིན་གཟོ་རེ་མ་བྱུང་གནས་དུས་ཚོད་རྩིས་ཀྱིས་་མ་གྲང་གྲོལ་བའི་རྗེས་སུ་འབྲངས་ཏེ་སྐུར་འདེབས་མ་ཞུས་ན་རང་དྲིན་རང་ལ་ཆེ་བར་གྱུར་པས་ཁ་ནང་དུ་སློག་ལ་སོམས་ཤིག་ཅེས་ལོ་མང་དྲྭ་གྲོགས་ཀྱི་ཚུལ་དུ་འབྲེལ་བ་བྱུང་བའི་ཆ་ནས་མོལ་བ་ཡིན་ནོ།།
ངའི་མིང་ལ། གཞན་ཚོས་རིས་མེད་བླ་མ་ཟེར། ང་དགེ་ལྡན་པོ་ཕྱོགས་སྦྱངས་པ་མི་དམན་པ་ཡོད་པ་ཙམ་མ་ཟད། གསང་བདེ་འཇིགས་གསུམ་ཁ་ཏོན་ཡང་འདོན་བཞིན་ཡོད། ངའི་རྩ་བའི་བླ་མ་གྲས་ལ་ཡོངས་འཛིན་རྣམ་པ་གཉིས་དང་། རྩ་བའི་ནང་ནང་ནས་རྩ་བིའ་བླ་མ་ནི་༇གོང་ས་མཆོག་དང་། དེའི་སྟེང་དུ་མཚན་ཉིས་སློབ་གྲྭའི་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་དང་། དགེ་བཤེས་དམ་སྐུ་ཚེ་མཐའ་མར་སྐུ་སྒེར་ཡིག་ཚང་ཕྱོགས་སུ་བྲལ་དུ་ཕེབས་མཁན་མཆོག་དང་། དགེ་བཤེས་དམ་ཆོས་མཆོག་དང་།
རྒན་པདྨ་རྒྱལ་མཚན་མཆོག་དང་། རྒན་ཉི་མ་རྒྱལ་མཚན་མཆོག་དང་། དེ་མིན་མཁན་པོ་དགེ་བཤེས་མང་པོ་ནས་དཔེ་འཁྲིད་དང་། གསུང་ཆོས་ཞུས་མྱོངས་ཡང་། ཕ་རྒོད་བླ་མའི་རྩོམ་མཁན་ནས་ཟོང་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་སོགས་ལ་ཟང་ཟིང་འབྲེལ་བ་སྟེ་ཟ་ཁང་མཉམ་སྤྱོད་སོགས་ལས། ཆོས་ཀྱི་འབྲེལ་དུས་ནམ་ཡང་བཞག་འདོད་མེད་ལ། ངའི་སྐྱེ་བ་ཕྱི་མ་རྣམས་སུ་ཡང་ཆོས་དང་ཟང་ཟིང་འབྲེལ་བ་མ་འབྱུར་ཟོག་ཅེས་སྨོན་ལམ་འདེབས་བཞིན་ཡོད་གདའ། ཨ་ཁི་དགེ་བཤེའ་འབྲོག་པའི་ཆེད་དུ་བྲིས་པའོ།། །།
་་་་་་་་་་་་་་ ཁ་ བརྡའི་ གཞི་ བདག་ ཀརྡོ་ ་་་་་་་་་་་་་་ ཟེར། ཧཧཧཧཧཧཧཧཧ།།
ཁ་བརྡའི་ཤུགས་ལྡན་ནམ། དོལ་རྒྱལ་སུ་ཡིན་ནམ། ལགས།
སྐུ་ཉིད་ཀྱི་ལྟ་བ་དང་སྤྱོད་པ་བལྟས་ན་གསང་བདེ་འཇིགས་གསུམ་ཁ་ཏོན་གནང་མཁན་རང་ཡིན་བཟོ་འདུག ཡོངས་འཛིན་རྣམ་གཉིས་རྩ་བའི་བླ་་མར་བསྟེན་ནས་ཁྲི་བྱང་རིན་པོའི་ཞལ་སློབ་རྡོ་རྗེའི་སྤུན་གྲོགས་ཟམ་གོང་རིན་པོ་ཆེ་དང་འཁོན་པ་རྩ་ལྟུང་བཅུ་བཞི་ཟེར་བ་དེ་ཚོ་ཞལ་གདོན་ནང་ལ་མི་འདུག་གམ་ལགས། དོལ་རྒྱལ་གྱི་རྩ་བར་དགྱེས་ནས་ཡལ་ག་ལ་མི་དགྱེས་པ་ཅི་ཡིན་ནམ་ལགས། རང་ཉིད་ཕ་རྒོད་བླ་མ་རྩ་བའི་བླ་མར་བཟུང་བཞིན་དུ་ཕ་རྒོད་བླ་མའི་སློབ་མ་རྣམས་ལ་འཁུ་ཆོག་པ་གསང་བདེ་འཇིགས་གསུམ་ནང་འདུག་ལགས་སམ།༧གོང་ས་མཆོག་རྩ་བའི་བླ་བར་རྩིས་ནས་རྒྱལ་དབང་ལྔ་པར་སྐུར་འདེབས་ཞུ་བ་རིས་མེད་བླ་མ་རང་འོང་བ་འདུག་གམ་ལགས། ལར་ནས་དེ་སྔ་དོལ་རྒྱལ་བསྟེན་པ་ལ་བརྟེན་ནས་ཟམ་གདོང་རིན་པོ་ཆེར་མ་དགྱེས་ན། དེ་སྔ་དོལ་རྒྱལ་༧གོང་ས་མཆོག་ནས་ཀྱང་བསྟེན་གནང་ཡོད། དེ་ཚོ་ནོར་འདུག་ཅེས་བཀའ་ལན་མང་གནང་ཡོད། ད་ཆ་མ་ནོར་བའི་ལམ་ལ་ཚང་མ་ཕེབས་བཞིན་ཡོད་པ་མ་ལགས་སམ། འོན་ཀྱང་ཁྱེད་རིས་མེད་བླ་མ་ཡིན་པ་ངས་མ་ཤེས། བྱང་ཆུབ་སེམས་དཔའ་ཡིན་ན་བཟོད་པར་གསོལ།
གསང་བདེ་འཇིགས་གསུམ་ཁ་ཏོན་ཙམ་མ་ཡིན་པར་ཕྱག་ལེན་དུའང་འཁེལ་བ་ཞིག་ཞུ། དེ་མིན་ཁྱེད་ཀྱི་མཚན་གྲོགས་ལེགས་པའི་སྐར་མ་ལྟ་བུ་ལས་མི་འཁགས་སོ།།
དང་པོ་མི་ཚོས་ཟམ་གདོང་བླ་མ་མཁས་པ་རེད། སཾ་ཀྲི་ཏར་ཧ་ཅང་མཁས་ནི་རེད། གོ་བདུན་ལོའི་སྟོན་ཁར་ལྡི་ལིར་སཾ་ཀྲི་ཏའི་མཁས་པའི་ཚོགས་ཆེན་ཞིག་གི་ཐོག་ལེགས་སྤྱར་སྐད་ཀྱིས་སྐད་གྲགས་ཞིག་འཇོག་ངེས་ཡིན་བསམ་ནས་རེ་བ་བཅིངས་པ་ཡིན། འོན་ཀྱང་། དབྱིན་སྐད་ཆག་ཆོག་ཞིག་ཚོགས་ཐོག་བཤད་པ་ལས་ལེགས་སྦྱར་གྱི་སྐད་ཅིག་ཀྱང་མ་བཤད་པས། ངའི་རེ་བ་ཡོད་ཚད་མེད་སོང་།
ཟམ་གདོང་བླ་མའི་མཛད་རྗེས་དྲན་པ་ལས་ངན་རྗེས་དྲན་ནའང་མི་དགའ་འམ།
ཐོག་མར་གདན་སར་བཀའ་སློབ་གནང་ཚར་ནས། །
གཞན་༼མཚན་ཉིད་རྒན་བློ་བཟང་རྒྱ་མཚོ་མཆོག༽གྱི་ཁ་ལ་ཉན་དགོས་མེད་ཅེས་ཕྱིན། །
་
ཟམ་གདོང་སྤྲུལ་སྐུ་ཐོག་མར་དྷ་སར་མཐོང་། །
ང་རྒྱལ་གོང་བུ་གཅིག་ལས་ངས་མ་མཐོང་། །
་
གར་ཞྭ་མཁའ་འགྲོའི་ཡུལ་དུ་ལན་ཅིག་འཕྲད། །
དེ་དུས་རྒྱ་གར་མ་གཏོགས་བོད་མཐོང་མེད། །
་
དེ་ནས་ཝ་ཎ་མཐོ་སློབ་ཡིག་ཚང་དུ། །
བོད་རིགས་ལས་ལྷ་གར་ཞྭར་རྒྱབ་སྐྱོར་བྱས། །
་
དེ་ནས་དྷ་སར་ལས་བྱེད་གནང་དགོས་ཞུས། །
རྟ་ནས་བབས་ནས་བོང་བུ་མི་བཞོན་ཟེར། །
་
དེ་ནས་སྤྱི་འཐུས་ཚོགས་གཙོ་བཀའ་ཁྲི་དང་། །
དེ་མིན་སྤྱི་སྒེར་བྱ་བ་སྣ་ཚོགས་གནང་། །
་
དད་པ་མེད་ཀྱང་ཤེས་ཡོན་མི་དམན་ཙམ། །
འབྲེལ་བ་མེད་ཀྱང་སྤྱི་དོན་རྗེ་ཡི་རང་། །
་
ཀརྡོས།
ངས་མཛེ་མེད་རིན་པོ་ཆེ་དང་གཅིག ཟོངས་རིན་པོ་ཆེ་དང་གཉིས། ལོན་ཌོན་དགེ་བཤེས་རྫུན་མ་དགེ་བཤེས་སྐལ་བཟང་དང་གསུམ་སོགས་དང་མཉམ་དུ་བོད་ཆོས་གསང་སྔགས་ཆོས་ཞུ་མ་རུང་བས། ང་ལ་དམ་ཚིག་ཉམས་དགོས་པའི་རྒྱུ་མི་ཚང་ངོ་།།
ཟམ་གདོང་རིན་པོ་ཆེས།
https://www.facebook.com/sharchokpa.choejortsang/videos/2149629295104773/
མཁའ་འགྲོའི་དབྱེ་བ་དགུ་ནི།
https://www.facebook.com/MadYogicTalks/photos/a.348081242434350/434617050447435/?type=3&theater