འཆམ་ར་དྲི་མེད་དེས།
རྒྱ་ཆེའི་བཀུར་བར་འོས་པའི་ཕྱོགས་བཞུགས་སྙིང་ཉེ་བ་ཡོངས་ལ་གུས་ཞུ།
ང་ཚོས་་Zazzle་་་་་ཟེར་བའི་བཟོ་གྲྭས་ནང་པའི་ལྷ་དང་དབུ་ཁྲིད་ལྷམ་ངོས་ལ་སྦྱར་ནས།
ཚོང་འགྲེམ་བྱེད་ཀྱིན་པར་ངོ་རྒོལ་བྱ་འཆར་གྱིས།
རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ཟེར་བ་གསར་དུ་བཙུགས་ཏེ།
ཟླ་བ་འདིའི་ཚེས་ ༡༩
ཉིན་ལས་འགུལ་དངོས་སུ་སྤེལ་རྒྱུའི་ཐག་བཅད་བྱས་ཡོད།
༡༽དེ་ཡང་དྲྭ་ཐོག་ནས་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཐོག་ངོ་རྒོལ་གྱི་ཡིག་ཆ་འགྲེམ་སྤེལ་དང་།
༢༽
རྡ་ས་རུ་འཕྲེང་དར་སྒྲེང་ཁྱེར་གྱིས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ།
༣༽
འཛམ་གླིང་གང་སར་པར་རིས་འགྲེམ་སྤེལ་གྱིས་ངོ་རྒོལ་ཡིག་ཆ་སྦྱར་འཆར་སོགས་གྲ་སྒྲིག་ཟིན་མོད།
ཚོགས་མི་འགས་ཁོང་ཚོར་འབྲེལ་བ་བྱས་པ་བརྒྱུད།
བཟོ་གྲྭའི་བདག་པོས། ནང་པ་ཡོངས་ལ་དགོངས་སེལ་ཞུས་བྱུང། དེ་ཡང་ཁོང་ཚོའི་བཟོ་གྲྭ་ནི།
ཨ་རི་ལ་ཆགས་འདུག་ལ། ཕྱི་ལོ་ ༡༩༩༩ ཙམ་ནས་དབུ་བརྙེས་འདུག
ཁོང་ཚོའི་སྦྱིན་བདག་རང་གིས་བཤད་དོན།
ང་ཚོས་ལྷམ་ངོས་ཀྱི་པར་རིས་དེ་དག་གི་ཉེས་སྐྱོན་མ་ཤེས་ལ།
སྤྱིར་ན་ང་ཚོ་ནི་གཞན་གྱིས་ཅི་ཞིག་མངག་གཏོང་བྱས་ན།
དེ་བཞིན་བཟོ་བསྐྲུན་བྱེད་ཀྱིན་པའི་ཚོགས་པ་ཞིག་ཡིན།
འོན་ཀྱང་ཁྱེད་ཚོའི་གསལ་བཤད་དེས་ང་ཚོས་ནོག་ཉེས་དང་།
མི་སེམས་འཁྲུག་པའི་ལས་དཀའ་བཟོ་ཀྱིན་པ་ཤེས་སོང་བས་དགོངས་སེལ་ཞུ་རྒྱུ་དང་བསྒྲགས།
ང་ཚོས་བཏོན་ཟིན་པའི་ལྷམ་བརྒྱ་དང་བཞི་བཅུ་ཡོད་པ་དེ་དག་ཀྱང་དེ་རིང་ནས་མེད་པ་བྱེད་ངེས་ཡིན།
མ་ཟད་གཞན་ལ་འཚོང་ཟིན་པ་འགའ་ཡོད་པས་དེ་དག་ཀྱང་ཕྱི་བསྡུའི་ཐབས་ཤེས་གཏོང་ངེས་ཡིན།
གཞན་ཡང་ཕྱིས་འབྱུང་དེའི་རིགས་གཏན་ནས་མི་བྱ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་པས།
ཁྱེད་ཅག་གིས་ངོ་རྒོལ་མཚམས་འཇོག་གནང་རོགས།
ཞེས་ཡིག་ཐོག་དང་ཁ་པར་ལམ་ནས་ཀྱང་ཞུས་སོང་།
དེར་བརྟེན་ང་ཚོའི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་དེ་ད་ཐེངས་ཕྱིར་འཐེན་བྱས་ཡོད་པས་ཀུན་གྱིས་ཡིད་འཇགས་ཞུ།།
གཞན་ང་ཚོའི་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་ཀྱིན་པའི་རྒྱལ་ཆེའི་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
ཁྱོད་ཚོས་ཟས་བཅད་ངོ་རྒོལ་གནང་མ་ཐུབ་པར་བློ་ཕམ་ཧ་ཅང་ཆེ། གང་ཡིན་ཟེར་ན་བོད་པས་ཟས་བཅད་ངོ་རྒོལ་བྱས་པ་ཡིན་ན་ར་ལུགས་མ་ཧེ་ཕག་པ་བྱ་དེ་སོགས་མང་པོ་ཚེ་ཐར་ལ་འགྲོ་གི་ཡོད། ང་ཚོའི་ལུང་པར་དམར་གྱི་དྲི་ཡང་ཉུང་བ་ཁ་གི་འདུག
བཟོད་སྒོམ་གྱི་སྒྲུབ་འབྲས་ཐོན་པར་བརྩིས་དགོས།
ང་རྒོལ་མ་བྱས་བ་ན་ལེགས་ཏེ་བོད་ལ་ངོ་རྒོལ་བྱེད་ས་མང་དྲག་ན་མྱོང་མེད་པས ངོ་རྒོལ་བྱེད་རྒྱུ་མང་དྲག་ན་འཛམ་གླིང་མི་མང་སུན་འབྱིན་མི་ཡོང་བའི་ངེས་བ་མེད་ལ། བོད་མཚན་མཐོང་ཆོས་ལུགས་ཀྱི་ཐད་སྤྱོད་དང་མཁྲེགས་འཁྲིགས་རིང་ལུགས་ཀྱིས་བརླགས་ན་བློ་ཕམ་པ་ཞིན་མ་ཡིན་ནམ། སྔོན་ཆན་ཆོས་ལུགས་ཀྱི་ཆེད་དུ་ཕྱི་འབྲེལ་བཅད་ཅིང་། བོད་ནི་སུ་ཀྱང་མི་རྟོགས་པའི་གྲོགས་མེད་ཀྱི་ཁེ་རྐྱང་རྒྱལ་ཁབ་ཅིག་ཏུ་གྱུར་ལ་མ་འོངས་མེད་དེ་ལྟར་མི་འགྲོ་བའི་རེ་བ་ཡོད། གང་ལྟར་གཟབ་གལ་ཆེ་བ་སྙམ།
ངོ་རྒོལ་མ་བྱས་བ་དེ་གྲུབ་འབྲས་ཞིག་ལ་བརྩི་དགོས།
བོད་མི་རིགས་གཙོ་བོའི་ནང་པ་ཡོད་ཚད་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་དུ་གྱུར་བའི་སངས་རྒྱས་ཀྱི་སྐུ་བརྙན་སོགས། ལྷམ་ངོས་སུ་བྲིས་པ་འདི་ནི་བསམ་བཞིན་དམའ་འབེབས་དང་ཁྱད་གསོད་བྱས་པ་ཞིག་མིན་ན་ཡང་འདི་ལ་ངེས་པར་ཏུ་བརྡ་ལན་སྤྲོད་དགོས། འདི་རིགས་བཏང་སྙོམས་སུ་བཞག་པ་ཡིན་ན། ནམ་ཞིག་རྐུབ་ཕྱིས་བྱེད་ཀྱི་ཤོག་བུ་ངོས་སུ་ཡང་བཀོད་མི་སྲིད་པ་མིན་པས། སྐབས་དེ་འདྲ་ཞིག་ལ་སླེབས་པ་ཡིན་ན། ང་ཚོས་ད་དུང་ནང་ཆོས་ཁྱབ་སྒྲག བོད་པ་ཁྱབ་སྒྲག སངས་རྒྱས་ཁྱབ་སྒྲག་རེད་ཟེར་ནས་འདུག་རྒྱུ་ཡིན་ནམ།
ངོ་རྒོལ་མ་བྱེད་པར་རྡ་ས་དང་ཧི་མ་ལ་ཡ་རིའི་རྒྱུད་སངས་རྒྱས་པ་ཡོངས་ཀྱིས་ལྷམ་གྱི་གྲངས་དང་མཉམ་མ་ཎི་རྡོ་ལ་བརྐོས་ཏེ་རི་བོ་གངས་ཅན་ལ་བསྐྱལ་དགོས་ཞེས་བརྡ་གཏང་དགོས་པ་འདུག དེ་འདྲའི་༷སྐོར་ལ་འབད་བརྩོན་དགོས། ཞེས་ཕུན་ཚོགས་ལ་དྭགས་པ་ལ་བྱ་བ་འདི་ཁུངས་འཁེལ་བར་བྱེད་གྲོགས་ད་ལྟ་རང་ཁ་སྤར་གཏོང་ཆོག། དེ་འདྲའི་ལྷམ་བཟོ་མཁན་གྱི་ཁ་བྱང་ཏན་ཏན་ཡིན་པ་ཞིག་དགོས་འདུག
མི་མང་པོས་ད་རེས་ལྷམ་གྱིས་སྟེང་དུ་སངས་རྒྱས་ཀྱི་སྐུ་སྙན་བྲིས་པ་དེ་ལ་ངོ་རྒོལ་བྱེད་དགོས་པའི་བམས་ཚུལ་བརྗོད་མཁན་རིགས་
ཞིག་དང་ཡང་མི་དགའ་རེས་ངོ་རྒོལ་བྱས་ན་མི་ལེགས་པའི་བསམ་ཚུལ་བརྗོད་མཁན་མི་འདྲ་བ་་དགའ་རེ་འདུག་
གུས་པའི་བསམ་པར་བཟོ་གྲྭ་འདི་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས་ཀྱིས་འདུག་གང་ཡིན་ཟེར་ན་སྤྱིར་སྐུ་སྙན་དེ་དག་ནང་པ་ཡོངས་ཀྱི་
ཁོག་པའི་སྙིང་དང་དཀྲལ་བའི་མིག་ལྟ་བུ་ཡིན་པ་མཟད་བོད་གངས་ཅན་ལྗོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཉག་གཅིག་པུ་ཡིན་པ་ཞེན་པས་གནས་སྐབས་ཀྱི་དགོས་པ་ལ་
མི་ལྟོས་པར་འཕུགས་ཀྱང་རིང་པོར་ཐུགས་བསམ་བཞེད་རོགས་གནང་ཞུ།།
འཆམ་ར་དྲི་མེད་ཀྱིས་གནམ་ལ་ཀ་བ་གཙུགས་མི་ཐུབ་པས་འགྲུབ་རྒྱུ་མེད་པའི་ལས་འགན་དེ་སྐྱུར་ན་མི་ལེགས་སམ།
ཁྱོད་རང་མ་ཤི་བར་དུ་གོས་ངོས་ལ་སྐུ་དཔར་དང་བོད་ཡིག་འབྲི་མི་ཆོག་པའི་ང་རྒོལ་བྱས་ཀྱང་སེམས་པ་སྐྱོ་རོགས་ལས་གཞན་གྲུབ་འབྲས་མི་ཐོན་པས་རང་གི་འཚོ་བ་རང་གིས་སྒྲུབ་ཏེ་འཇིག་རྟེན་གྱི་བདེ་སྐྱིད་ལ་རོལ་ན་ལེགས།
གཞན་གྱིས་གང་བཤད་ན་བཤད། ཁྱེད་རྣམ་པས་བཟོ་གྲྭའི་མ་རུང་བའི་ཐོན་རྫས་མཚམས་འཇོག་ཐུབ་པ་དང་། དགོངས་སེལ་ཞུས་དགོས་པ་བཟོས་པར་རྗེས་སུ་ཡི་རང་ཡོད།
གྲོགས་པོ་ལགས་ཐུགས་རྗེ་ཆེ། གང་ཡིན་ཟེར་ན། ཤིན་ཏུ་མ་རུང་བའི་བཟོ་གྲའི་ཐོན་རྫས་དེ་དག་འཚམས་འཇོག་ཐུབ་པར་མ་ཟད། ཁོ་ཚོས་དགོངས་སེལ་ཡང་ཞུ་དགོས་པར་བཟོས་པས་སོ།།