པདྨ་ཚེ་དབང་ཤཱསྟྲིས།
ཡང་ཡང་ཡིད་ཀྱི་ཡུལ་ལ་ཁྱོད་འཁོར་བཞིན།།
མི་ཚེའི་སྐོམ་པ་མངར་མོ་འདིས་ཤོད་རྒྱུར།།
ཡང་ཡང་ཡིད་ཀྱི་ཡུལ་ལ་ཁྱོད་འཁོར་གདའ།།
དགོང་དྲོ་ནམ་ཡིན་མིག་གི་མདུན་དུ།།
ཁྱེད་ཀྱི་གཟུགས་བརྙན་འཆར་བཞིན་གནས།།
མཚན་མོ་ནམ་ཡིན་དྲན་པའི་ཡུལ་དུ།།
བག་མ་བསུ་ལེན་བྱེད་པ་རྨིས།།
དབུགས་ཀྱི་འབྱུང་རྔུབ་རེ་རེ་བྱེད་དུས།།
ཁྱེད་ལུས་དྲི་བསུང་དང་སྦྲགས་ཏེ།།
སྣ་ལ་མངར་བའི་དྲི་ཞིམ་འཐུལ་བའི།།
རྣར་འཇེབས་འཕྲིན་ཞིག་འཁྱེར་ཡོང་གི།
ང་ཡི་སྙིང་གི་འཕར་ལྡིང་གིས་ཀྱང་།།
ཁྱོད་ཀྱི་གླུ་དབྱངས་ལེན་གྱི་འདུག །
ཡང་ཡང་ཡིད་ཀྱི་ཡུལ་ལ་ཁྱེད་འཁོར་གདའ།།
ཁྱོད་ཀྱིས་མནོ་བསམ་ཡག་པོ་ཐོངས་དང་།།
འདི་འདྲའི་བརྩེ་དུངས་སུ་ཡིས་བྱེད།།
ཁྱོད་ཀྱིས་ང་ནི་སྨྱོན་པར་བསམས་ན།།
ང་ལའང་མོས་མཐུན་དེ་ལྟར་ཡོད།།
སྨྱོན་པའི་ལབ་གླེང་འདི་དག་གང་ཡིན།།
སྨྱོན་པ་རང་གིས་ཤེས་ཀྱི་ཡོད།།
འཚིག་པའི་སྤྲོ་སྣང་ཇི་འདྲ་ཡོད་མེད།།
ཕྱེ་ལེབ་ཉིད་ཀྱིས་ཤེས་ཀྱི་ཡོད།།
ཡང་ཡང་ང་ཡི་སེམས་ལ་འཆར་ནས།།
ཁྱོད་ཀྱིས་འདི་ལྟར་སྲེག་བཞིན་སྡོད།།
ཡང་ཡང་ཡིད་ཀྱི་ཡུལ་ལ་ཁྱེད་འཁོར་གདའ།།
Pal pal dil ke paas tum rehti ho
Jeevan meethi pyaas yeh kehti ho
Pal pal dil ke paas tum rehti ho
Har shyam aankhon par
Tera aanchal lehraye
Har raat yaadon ki
Baarat le aaye/
Main saans leta hoon
Teri Khushboo aati hai
Ek Mehka mehka sa
Paigham laati hai
Meri dil ki dhadkan bhi
Tere geet gaati hai
Pal pal………..
Tum sochogi kyon itna
Main tumse pyaar karoon
Tum samjhogi deewana
Main bhi iqraar karoon
Dewaanon ki yeh baatein
Deewane jaante hain
Jalne mein kya mazaa hai
Parwane jaante hain
Tum yunhi jalate rehna
Aa aakar khwabon mein
Pal pal…………….
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༤ ཚེས་༢༢ ཉིན།།