ཚེ་དབང་བསོད་ནམས།
བཀའ་སྤྱི་ལྷན་དུ་འཛོམས་པ་གྲོས་ཚོགས་ཟེར།
ཁ་མང་བརྡར་བའི་གྲོས་ཚོགས་ལས་རིམ་ལ།
ག་ནས་བལྟས་ཀྱང་སྟོང་བཤད་འགན་འཁུར་མང།
ང་ཚོ་མི་མང་རྒྱང་ནས་ཉན་བལྟའི་འོག།
ཅ་ཅོ་ཉུང་ན་གྲོས་ཚོགས་གཟི་བརྗིད་ཆེ།
ཆ་ཤས་འགན་འཁུར་བཅའ་སྒྲིག་ལམ་སྟོན་ལ།
ཇི་ལྟར་བསམ་ཀྱང་ཁྲིམས་ཀྱི་དབང་བསྒྱུར་འོག།
ཉི་མ་རིང་ཀྱང་ཐོག་མའི་དམ་བཅའ་སྲུང།
ཏ་ལའི་བླ་མས་མང་གཙོའི་ལམ་བཟང་བསྟན།
ཐ་ན་གང་གི་སྐུ་དབང་བོད་མིར་གནང།
ད་ལམ་གྲོས་ཚོགས་བཀའ་བློན་འོས་འདེམས་སྐོར།
ནག་ནོག་ཡོད་མེད་ཟུར་གནས་མཁས་པའི་འགན།
དཔལ་འབྱོར་མ་དངུལ་དཔྱ་ཁྲལ་སྤར་ཆ་དགོས།
ཕ་ཡུལ་མེད་པའི་བཙན་བྱོལ་སྒྲིག་འཛུགས་ལ།
བུ་རབས་ཚ་རྒྱུད་ན་གཞོན་སོན་རྩའི་འགན།
མ་འཕྱུགས་མ་ནོར་རང་ཁ་རང་གསོ་དགོས།
རྩ་བ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག།
ཚ་གྲང་ཚོར་བ་ཡོད་ན་ཁྲིམས་སྒྲིག་སྲུང།
འཛམ་གླིང་མང་གཙོ་ཁྲིམས་སྒྲིག་འོག་ཏུ་གནས།
ཝ་སྤྱང་དམངས་གཙོ་གྲལ་རིམ་འོག་ཏུ་གནས།
གཞན་བསྟེན་རོགས་དངུལ་སྔོན་རྩིས་གཏན་འབེབས་ལ།
ཟབ་ཟབ་གནང་ནས་བཀའ་འཁྲོལ་མ་གནང་ན།
འོ་རྒྱལ་ཆེ་ཡང་ཁྲིམས་བཟོའི་ལས་དོན་རེད།
ཡ་རབས་བཟང་སྤྱོད་རྒྱུད་ནས་འགན་འཁུར་དགོས།
རང་རང་བསམ་ཚུལ་གླེང་སའི་སྒོ་སྐབས་ལ།
ལ་རྒྱ་ཕྱོགས་ཞེན་ཚིག་སྐམ་དོར་ན་དགའ།
ཤ་ཚའི་གཏམ་ལ་སྙན་ཆ་མེད་ན་ཡང།
ས་མཚམས་སྲུང་ནས་མང་གཙོའི་འགན་འཁུར་བླངས།
ཧམ་བཤད་མེད་པའི་རང་གི་བསམ་ཚུལ་འདི།
ཨི་བདེན་མི་བདེན་ཟུར་གནས་མཁས་པའི་འགན།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་ ༣ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
ཚེ་དབང་བསོད་ནམས་ལགས་ཀྱི་ལྗགས་རྩོམ་དེ།
དངོས་བདེན་དངོས་ར་འཕྲོད་པའི་ཆེད་བརྩམས་རེད།
སྤྱི་འཐུས་གྲོས་ཚོགས་ནང་ལ་རྒྱལ་ཁབ་མི་རིགས་ཆེད།
གླེང་མོལ་གནང་དགོས་དེ་མིན་བྱབ་ཆུང་རིགས།
ཀླད་སྟོང་གླན་བཤད་མ་གནང་ངོ་རེ་ཚ།
ལྷག་པར་ཁྲིམས་ཞིབ་ཁང་གི་གསལ་བཤད་ལ།
ལན་འདེབས་ཡེ་ནས་མེད་པ་ཅི་ཞིག་ཡིན།
ནོར་ན་ནོར་ཡིན་མ་ནོར་དག་སེལ་དགོས།
རྒྱ་ཆེའི་མང་ཚོགས་ལན་གསལ་སྒུག་བཞིན་ཡོད།
སྤྱི་འཐུས་ཚོར་བཤད་རྒྱུ་ཅི་གང་མེད། གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་དེ་མཚམས་འཇོག་བྱེད་ཐུབ་ན་དེ་ཚོད་བོད་སྤྱི་བ་ལ་ཕན་པར་མཐོང་།
བཅའ་ཁྲིམས་ནོར་བུ་མ་ནོར་ལམ་སྟོན་ལ།
འགན་འཁུར་ཐུབ་ན་གྲོས་ཚོགས་གཟི་བརྗིད་ཆེ།
བཅའ་ཁྲིམས་དང་སྒྲིག་གཞིའི་འགན་འཁུར་སོ་སོ་རེད།
ཁྲིམས་བཟོའི་འགན་དབང་བཅའ་སྒྲིག་སྲུང་ན་དགའ།
བཅའ་ཁྲིམས་དང་རྩ་ཁྲིམས་མ་ནོར་རོགས།
རང་བཙན་དང་རང་དབང་མ་ནོར་རོགས།
མང་གཙོ་དང་དམངས་གཙོ་མ་ནོར་རོགས།
ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་མ་ནོར་རོགས།
བོད་མི་ཚོའི་ནམ་ཡང་ནོར་མི་ཉན་པ་བཞི།
མང་གཙོ་དང་དམངས་གཙོ་ནོར་མི་ཉན།
རང་བཙན་དང་རང་དབང་ནོར་མི་ཉན།
རྩ་ཁྲིམས་དང་བཅའ་ཁྲིམས་ནོར་མི་ཉན།
ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་ནོར་མི་ཉན།
མང་གཙོ་ནི་དབང་ཆ་མི་མང་གིས་ལག་ཏུ་ཡོད་པའི་ཆབ་སྲིད་
ཀྱིས་ལམ་ལུགས་ལ་མང་གཙོ་ཟེར་བ་དང།
དམངས་གཙོ་ནི་དབང་ཆ་གྲལ་རིམ་གྱིས་ལག་ཏུ་བཟུང་བའི་ཆབ་སྲིད་
ཀྱིས་ལམ་ལུགས་ལ་དམངས་གཙོ་ཟེར་བ་དང།
རང་བཙན་ནི་སོ་སོའི་ས་ཆའི་བདག་དབང་སོ་སོར་དབང་བའི་ལམ་
ལུགས་ལ་རང་བཙན་ཟེར་བ་དང།
རང་དབང་ནི་ལུང་པའི་ཁྲིམས་ཀྱིས་འོག་ནས་རང་གིས་རང་དབང་ལེན་
དགོས་པའི་ལམ་ལུགས་ལ་རང་དབང་ཟེར་བ་དང།
རྩ་ཁྲིམས་ནི་མངའ་དབང་ཡོད་པའི་རང་བཙན་རྒྱལ་ཁབ་ཀྱིས་ཁྲིམས་ཡིག་ལ་རྩ་ཁྲིམས་ཟེར་བ་དང།
བཅའ་ཁྲིམས་ནི་སྒྲིག་འཛུགས་གིས་འགྲོ་སྟངས་དང་སྡོད་སྟངས་ལས་སྟངས་སོགས་ཀྱིས་ཆེད་དུ་བཟོས་པའི་སྒྲིག་གཞི་ལ་བཅའ་ཁྲིམས་ཟེར་བ་རེད།
ཡུལ་མིའི་རྒྱལ་ཁབ་ནི་རྒྱལ་ཁབ་ཀྱིས་དབུ་འཁྲིད་དང་སྲིད་གཞུང་གིས་འགོ་འཁྲིད་དེ་དག་མི་མང་གིས་འདམས་པའི་མི་ཞིག་དགོས་པ་ལ་ཡུལ་མིའི་རྒྱལ་ཁབ་ཟེར་བ་དང།
ཡུལ་མིའི་སྲིད་སྐྱོང་ནི་དབུས་བོད་མིའི་དམ་ངག་གསུམ་གྱིས་ནང་ནས་གསར་གཏོད་གནང་བའི་གོ་རྟོགས་མི་ཐུབ་པའི་ཐ་སྙད་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་ནང་མཇལ་རྒྱུ་མེད་པའི་གསར་གཏོད་ཀྱིས་ཐ་སྙད་ལས་མ་ཤེས་སོ།
དྲང་པོའི་གཏམ་ལ་འགན་འཁུར་མེད་ན་ཡང།
མང་པོའི་ཚོགས་ཀྱིས་སྙན་དུ་འཇུག་པ་ཚལ།
རྒྱུ་ཚན་ལུང་དུ་དྲང་པའི་བདེན་གཏམ་དང།
ཧམ་བཤད་སྟོང་བཤད་རྫུན་གྱིས་འཁོར་ལོ་གཉིས།
གཅིག་གི་གཅིག་ལ་བདེན་ངོ་སྤྲོད་ཆེ་བས།
བདེན་རྫུན་དབྱེ་བ་གཟུ་གནས་མཁས་པས་འགན།