ཁྲོ་གཏུམ།
དེ་རིང་དགོང་ཁར། ཨོ་གླིང་གནས་མཁར་གསར་ནས་ཤེས་ཡོན་ལ་དགའ་བའི་བོད་མི་གཞོན་སྐྱེས་སྐོར་ཞིག་གིས་ཚེ་རིང་ཤེར་བྷས་བྲིས་པའི་རི་མོ་བཞི་གདམས་སྟེ། རི་མོ་དེ་དག་མཐོང་བའི་ཚོར་བ་དང་། རི་མོའི་འབྲི་སྟངས། ཁྱད་ཆོས་སོགས་ཀྱི་སྐོར་ལ་གླེང་སློང་བྱས།
རི་མོ་དེ་དག་གིས་སྤྲད་པའི་ཚོར་བ་འགའ་ཕྱོགས་བསྡུས་ཙམ་བྱས་ན།
བློ་བཟང་ནས་“རིག་གཞུང་རྙིང་བ་ཡིན་པ་གང་ཞིག་ལ་དེང་རབས་ཀྱི་ཁྱད་ཆོས་ཡོད་པ་ཞིག”མཚོན།
སྒྲ་དབྱངས་ནས་“རི་མོ་ནག་པོ་དེ་ལས།བྱ་བ་བཟང་པོ་མ་བྱས་ན་བཙོན་ཁང་ལ་འགྲོ་དགོས་པ་དང་།གཞན་དེས་དེང་དུས་ཀྱི་སྤྱི་ཚོགས་ནང་དུ།མིའི་གླད་པའི་ནང་དུ་སྐད་ཆ་གང་བྱུང་མང་བྱུང་བླུགས་ཀྱི་ཡོད་པས་ན།དེ་ནི་སོ་སོས་གཙང་བཟོ་བྱེད་དགོས་པ་ཞིག”མཚོན།
གཡང་སྐྱིད་ནས”ནམ་ཞིག་ལ་མིའི་མིང་ཕར་བཞག་སྟེ་མི་དེའི་མཚོན་དོན་ཨང་གྲངས་ཆགས་ཀྱི་ཡིན་པ།”མཚོན།
རིག་འཛིན་ནས་“རི་མོ་འདི་དག་ལ་ཆོས་ལུགས་མང་པོ་ཞིག་འདྲེས་འདུགམིའི་རྣམ་ཤེས་ནི་ཕྱེ་མ་ལེབ་དུ་གྱུར་ནས་འཕུར་བཞིན་པའི་ཆོས་ལུགས་ཀྱི་བཤད་སྲོལ་དེ་ལྟ་བུ་ཞིག་མཐོང་།ད་རུང་བལ་ཡུལ་དང་རྒྱ་གར་གྱི་མིའི་གཟུགས་རིས་ལྟ་བུ་ཞིག་ཡོད་པ།”མཚོན།
དབྱངས་ཅན་ནས་“ཁོ་གཉིས་ཀྱི་སྒང་ལ་དངུལ་ནག་བཞུར་གྱིན་པ་ལྟ་བུ་གཅིག་དང་།
མེ་དང་ཆུ་གཉིས་མཐུན་ཐབས་མེད་པ་ཞིག”མཚོན།
ཀུན་འཕེལ་ནས་“རི་མོ་མཐོང་བ་དང་མཉམ་དུ་ཆོས་ལུགས་ཀྱི་ཟུར་ཟའི་རི་མོ་ཞིག་ཡིན་པ།”མཚོན།
བློ་བཟང་ནས་“སྟོན་པའི་སྐུ་འདྲ་ལྟ་བུ་ཞིག་ཡིན་ན་ང་ཚོས་མཐོང་སྟངས་ཤིག་དང་མི་རིགས་གཞན་གྱིས་མཐོང་སྟངས་ཤིག་ཡོད་པ།”མཚོན།
དབྱངས་ཅན་ནས་”ཕྱེ་མ་ལེབ་ཀྱིས་རང་དབང་མཚོན་པ།”མཚོན།
གཡང་སྐྱིད་ནས་”ཕྱེ་མ་ལེབ་ཀྱིས་རེ་བ་མཚོན་པ།”མཚོན།
རིག་འཛིན་ནས་”ཕྱེ་མ་ལེབ་ཀྱིས་རྣམ་ཤེས་མཚོན་པ།”མཚོན།
ཁྲོ་གཏུམ་ནས་”རི་མོ་འདི་དག་གི་མ་གདན་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་’ཐང་ག་’ཞེས་པ་ལས་བྱུང་ཞིང་།དེ་ལས་འཕྲོས་པའི་དེང་རབས་ཀྱི་ཟུར་ཟའི་རི་མོའི་འབྲི་ཐབས་སྤྱད་ནས་སྒྱུ་རྩལ་གྱི་རྣམ་པ་མངོན་དུ་བཅུག་ཡོད།”ཅེས་སོགས་བགྲོ་གླེང་གནང་བ་དང་།
མཐའ་མར་བགྲོ་གླེང་བ་ཚང་མས་ཁོང་གི་རི་མོའི་འབྲི་རྩལ་ལ་ཁྱད་ཆོས་སྣ་ཚོགས་ལྡན་མོད། སངས་རྒྱས་ཀྱི་སྐུ་འདྲ་བེད་སྤྱོད་བཏང་བ་དེས་རང་མི་རིགས་ཀྱི་གོམ་གཤིས་སུ་དོ་ཕོག་སྤྲད་ཀྱི་མེད་དམ་ཅེས་དྲི་རྟགས་ཤིག་གིས་མཇུག་བསྡུས་པ་བཅས།།
ཕྱི་ལོ་༢༠༡༩ཟླ་༤ཚེས་༢༧ཉིན།
ཀླད་པ་ལ་གླད་པ་ཞེས་བྲིས་འདུག་པ་ནི་ད་ལོའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུའི་སྐབས་ཀྱི་སྟོད་གོས་ཀྱི་ངོར་གླད་པ་ཞེས་བྲིས་པ་དེའི་རྗེས་སུ་འབྲང་བ་ཡིན་ནམ།
དགོངས་ལ་དགོང་། རྙིང་པ་ལ་རྙིང་བ། ཀླད་་པ་ལ་གླད་པ། རྔུལ་ནག་ལ་དངུལ་ནག། བྱེད་སྤྱོད་ལ་བེད་སྤྱོད། ཅེས་པ་རྣམས་་ལ། རི་མོའི་མཚོན་དོན་རེ་ཡོད་དམ།
དོ་ཕོག ཅེས་པ་ང་ལ་མིང་སྒྲ་གསར་ཞིག་རེད། བདག་གི་སྐད་ལ་ཕོག་ཟེར།་བསྣུན་པའི་དོན་ཏེ། མདའའཕངས་པ་འབེན་ལ་ཕོག ཅེས་སོ།