པདྨ་ཚེ་དབང་ཤཱསྟྲིས།
Samay tu dheere dheere chal
Saari duniya chhod de piche
Aage jaaun nikal,
Main to aage jaaun nikal,
Pal pal, ho pal pal
Samay tu dheere dheere chal
དུས་ཚོད་ཁྱོད་ག་ལེར་ག་ལེར་རྒྱུགས།
འཇིག་རྟེན་ཡོངས་རྫོགས་རྒྱབ་ཏུ་བཞག་སྟེ།
མདུན་ལ་རྒྱུགས་ནས་ཐོན་འགྲོ།
ང་ནི་མདུན་ལ་རྒྱུགས་ནས་ཐོན་འགྲོ།
སྐད་ཅིག་སྐད་ཅིག ཧོ་སྐད་ཅིག་སྐད་ཅིག །
དུས་ཚོད་ཁྱོད་ག་ལེར་ག་ལེར་རྒྱུགས།
Ye rut aur ye pyara sama
Sara jivan thahare yahan
Pyar ki raaho me khoi rahun
Teri hi baacho me soi rahun
Aaj kaa din meri mutthi me hai
Kisne dekha kal,
Are kisne dekha kal, pal pal
Samay tu dheere dheere chal
ནམ་དུས་འདི་དང་ཡིད་འོང་དུས་སྐབས་འདི།
མི་ཚེ་ཡོངས་རྫོགས་འདི་གར་སྒུག་ནས་གདའ།
བརྩེ་དུངས་ལམ་དུ་ཡལ་ནས་སྡོད་འདོད་ཆེ།
ཁྱོད་ཀྱི་པང་པར་ཉལ་ནས་སྡོད་འདོད་ཆེ།།
ད་རིང་ཉི་མ་ང་རང་ལག་ཏུ་ཡོད།
སང་ཉིན་ཅི་ཡོང་སུ་ཡིས་ཤེས་འགྱུར་རམ།
འོ་ཛི། སང་ཉིན་ཅི་ཡོང་སུ་ཡིས་ཤེས་འགྱུར་རམ།། སྐད་ཅིག་སྐད་ཅིག །
དུས་ཚོད་ཁྱོད་ག་ལེར་ག་ལེར་རྒྱུགས།
Ruk jaae ghadiyan tuk jaae chin
Raat ki rut mein bandh jaae din
Naa main main rahun na tum tum
Ik duje mein ho jaae gum
Ban ke shamaa parwana dono
Pyaar mein jaae jal,
Ham to pyaar mein jaae jal, Pal pal
Samay tu dheere dheere chal
ཆུ་ཚོད་ཉལ་ཏེ་སྐར་ཆ་འགག་གྱུར་ནས།
མཚན་གྱི་དུས་སུ་ཉིན་མོ་མཐུད་བྱས་ཏེ།
ང་ང་ཁྱོད་ཁྱོད་དབྱེ་བ་མེད་པའི་ངང་།
གཅིག་ལ་གཅིག་འཐིམ་ཡལ་ནས་སྡོད་པར་བྱེད།
གཉིས་ཀ་ཕྱེ་ལེབ་དང་ནི་མར་མེའི་ངོར།
བསྒྱུར་ནས་བརྩེ་དུངས་མེ་ལ་ལྕེབ་ན་འདོད།
ང་ནི་བརྩེ་དུངས་མེ་ལ་ལྕེབ་ན་འདོད། སྐད་ཅིག་སྐད་ཅིག །
དུས་ཚོད་ཁྱོད་ག་ལེར་ག་ལེར་རྒྱུགས།
Chhota sa ho apana ghar
Naa kuchh fikre na koi dar
Haradam aisa waqt rahe
Aankhon se na aansu bahe
Dharati parawat hil sakete hai
Apani prit atal,
Dekho apani prit atal, pal pal
Samay tu dheere dheere chal
རང་ལ་བདག་པའི་ཁྱིམ་ཆུང་ཞིག་ཡོད་ན།།
སེམས་ཁྲལ་འཇིགས་སྣང་ཅི་ཡང་མེད་པའི་ངང་།།
རྟག་ཏུ་འདི་ལྟའི་དུས་ཚོད་གནས་པ་དང་།།
མིག་ནས་མིག་ཆུ་ཟགས་པའི་སྐབས་བྲལ་ཏེ།།
རི་རབ་ས་གཞི་འགུལ་བ་ཡོང་སྲིད་ནའང།།
ང་ཚོ་གཉིས་ཀྱི་བརྩེ་དུངས་འགྱུར་མེད་རེད།།
ལྟོས་དང་ང་གཉིས་བརྩེ་དུངས་འགྱུར་མེད་རེད། སྐད་ཅིག་སྐད་ཅིག །
དུས་ཚོད་ཁྱོད་ག་ལེར་ག་ལེར་རྒྱུགས།།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༤ ཚེས་༣༠ ལ།