རོང་པོ་བློ་བཟང་རིན་ཆེན།
ནམ་རྒྱུན་ཁོ་བོས་རེས་གཟའ་ཟླ་བའི་ངལ་གསོ་སྤྱད་ནས། བོག་ཡིག་མ་ཤེས་པ་ཤེས་པ་དང་། ཤེས་པ་གོང་འཕེལ་དུ་འགྲོ་བའི་སླད་དུ་རྩོམ་ཐུང་རེ་འབྲི་ཁུལ་བྱེད་ཀྱི་ཡོད་མོད། རེད་དེ་ཁ་སང་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ནས་དགོང་མོའི་ས་མ་རུབ་བར་དུ། རྐང་རྩེད་སྤོ་ལོ་དང་ཆུ་རྐྱལ་སོགས་ལ་གཡེང་ཤོར་ནས་དགོང་མོར་ཤག་ལ་འབྱོར་སྐབས་ཆུ་ཚོད་དགུ་པ་ཟིན་ལ་ཉེ། མ་ཟད་ཉིན་གང་བོར་རྩེད་མོ་བརྩེས་པས་ཅུང་ཙམ་ཐང་ཆད་འདུག དེ་ནས་རྩོམ་ཡིག་འབྲི་བའི་ངལ་བ་བསྟེན་མ་ཐུབ་པར། ཁ་ཐུག་གཟུགས་པོ་ཆུ་བཤལ་བཏང་ནས་གཏི་མུག་གཉིད་ཀྱི་ཞིང་ཁམས་སུ་བསྐྱོད་དོ།།
དེ་རིང་ཞོགས་པར་མལ་ལས་སད་མ་ཐག་སྐད་འཕྲིན་དུ་བལྟས། སྐད་འཕྲིན་དུ་<<བློ་གླིང་དཔེ་མཛོད་>>ཅེས་པའི་སྐད་ཚོམ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཚན་པ་ཞིག་བཏང་འདུག བཀའ་སློབ་དེ་ལ་ཉན་བཞིན་ཡར་ལངས་ཤིང་ཁ་ལག་བཀྲུས ཞོགས་ཇ་འཐུང་། དཔེ་ཆར་ལྟ་འགོ་རྩོམ་དུས། ཁ་སང་རྩོམ་ཡིག་བྲིས་མེད་པ་དྲན་ཏེ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<འགྱུར་རྡོ་དང་ཞིག་ཤུལ་>>ཞེས་པའི་ཚན་པ་འདི་བཀླགས་ནས་རྩོམ་ཐུང་ཞིག་འབྲི་བའི་ལམ་དུ་ཞུགས།
ཚན་པ་འདིར་འཕྲིན་ཡིག་སྔོན་མ་དག་གི་བསྐྱར་སྦྱོང་ཙམ་ལས་བརྗོད་བྱ་གསར་པ་གང་ཡང་བསྙད་མི་འདུག འཕྲིན་ཡིག་འདི་ནས་བུ་མོ་ཨེནབཌྷི་ར་གྷན་དྷེ་ལ་ཆུང་དུས་ནས་ཁྱིམ་ཚང་གི་སློབ་གསོ། གཞི་རིམ་གྱི་སློབ་སྦྱོང་། བསམ་བློ་ཡི་སྣེ་ཁྲིད། སློབ་གཉེར་གྱི་མཐུན་རྐྱེན་འཛོམས་པ་སོགས་དཔོག་སླ་བ་ཞིག་རེད་འདུག ངའི་སེམས་སུ་མི་བུ་སུ་ཞིག་ཡིན་ཡང་། ཆུང་དུས་ནས་ཁྱིམ་ཚང་གི་སློབ་གསོ། གཞི་རིམ་གྱི་སློབ་སྦྱོང་། བསམ་བློ་ཡི་སྣེ་ཁྲིད། ཡང་དག་པའི་བཤེས་གཉེན། སློབ་གཉེར་གྱི་མཐུན་རྐྱེན་སོགས་འཛོམས་ཚེ། ལྟོས་བཅས་ཀྱི་ཕུལ་བྱུང་མི་སྣ་ཞིག་ཏུ་གྱུར་བ་ནི་རྒྱུན་ལྡན་ཞིག་རེད་སྙམ། འོན་ཀྱང་འུ་ཅག་ལྟ་བུའི་ཁྱིམ་ཚང་གི་སློབ་གསོ་ཐོབ་ཀྱང་གཞི་རིམ་གྱི་སློབ་སྦྱོང་མ་ཐོབ་མཁན། གཞི་རིམ་གྱི་སློབ་སྦྱོང་ཐོབ་ཀྱང་ཁྱིམ་ཚང་གི་སློབ་གསོ་མ་མྱོང་མཁན། ཡང་ན་དེ་དག་ཐོབ་ཀྱང་བསམ་བློའི་སྣེ་ཁྲིད་དང་། སློབ་གཉེར་གྱི་མཐུན་རྐྱེན་མ་འཛོམས་པ་སོགས། མདོར་ན་གཅིག་ལྡན་ཡང་གཅིག་མ་འཛོམས་པའི་འུ་ཅག་གིས་ནི། རླབས་ཆེན། སྐྱེས་ཆེན། ཕུལ་བྱུང་། སྔོན་ཐོན་གྱི་མི་སྣ་དག་གི་མཛད་རྣམ་དང་། ལོ་རྒྱུས། བྱུང་བ། གསར་གཏོད། གྲུབ་འབྲས། ལག་ལེན་སོགས་ལ་ཁ་མིག་ཡར་ལྟ་བྱེད་པ་ནི་ཁ་བཤད་ཐེར་འབུམ་ལས་ལྷག་པ་གདོན་མི་ཟའོ།།
2019/5/28
སྔོན་བསགས་ལས་དབང་རྟེན་འབྲེལ་འཛོམས་པ་ན།
རང་ཤེས་རིག་པས་ཕྱི་ནང་མཐུན་རྐྱེན་འཛོམས།
བཟང་པོའི་སློབ་གསོ་ངན་པའི་ལྟ་སྤྱོད་སོགས།
འཇིག་རྟེན་མི་གི་ལས་དབང་རྒྱུད་ནས་སྨིན།
ནེ་རུའི་གདམས་པའི་བཟང་པོའི་སློབ་གསོའི་འོག།
ཨིན་རྡར་གྷན་རྡིས་ཆབ་སྲིད་དགུང་ལ་བསྒྲགས།
ཕ་བུ་གཉིས་ནས་གཞུང་འཛིན་མི་ལོ་བཅུ་ཕྲག་གསུམ་ལྷག་བསྐྱངས།
མཐའ་མ་རང་གི་སྲོག་ཀྱང་རྒྱལ་མང་ཆེད་དུ་བཏང།
ཕོ་རྒོད་ནེ་རུའི་འཛམ་གླིང་འགུལ་དུ་བཅུག།
ལོ་རྒྱུས་ལྷད་མེད་ཡིག་མཛོད་ནང་དུ་བཞག།
པཎཌིཏ་ནེརུ་མཆོག་ནི།
པཎ་ཆེན་ནེ་རུ་རྒྱ་གར་པཎ་ཆེན་རེད། །
སྲོལ་རྒྱུན་སྦྱངས་ནས་ལོན་ཊོན་སློབ་སྦྱོང་བྱས། །
གྷན་དི་སུ་བྷས་ཅནདར་ལ་སོགས་མཉམ། །
རང་བཙན་ལེན་ཤོར་སྲིད་དོན་གང་མང་འཁྲབ། །
་
གྷན་དིའི་ཁ་ལ་མ་ཉན་པ་ཀིས་ཏན་དེ་གྱེས། །
ཧིན་དུ་མི་འབོར་ཆེ་བས་སྲོད་བློན་དང་པོ་གནང་། །
༸གོང་ས་མཆོག་དང་རྒྱ་གར་རྒྱ་ནག་དང་། །
མ་སུ་རི་སོགས་ལན་མང་མཇལ་འཕྲད་གནང་། །
ནེ་རུས་གསུངས་ལྟར་ཕྱིར་ལོག་ང་དགུའི་བར། །
རྒྱ་དང་བོད་གཉིས་གྲང་དམག་ཁྲག་དམག་བརྒྱབས། །
ཐ་མར་ང་དགུར་བཙལ་བྱོལ་གྱར་བྱོལ་སྐབས། །
བོད་གྲངས་ཅིག་འབུམ་བརྒྱད་བརྒྱ་ཕེབས་བསུ་གནང་། །
༸གོང་ས་མཆོག་གིས་ཐུགས་བཞེད་ཐུགས་རྒྱང་ལྟར། །
བོད་རིགས་སློབ་ཕྲུག་ཟུར་བཙུགས་གཞིས་ཆགས་སོགས། །
ཆབ་སྲིད་བཙན་བྱོལ་གཞུང་ལྟར་དྷ་སར་ཆགས། །
བུ་མོ་ཨིན་དར་གྷན་དིས་བུ་གྷན་དིས། །
གཅིག་སྟོང་དགུ་བརྒྱ་ང་བཅུ་ང་དགུ་ཡི། །
ཟླ་བ་གསུམ་པའི་ཚེས་པ་བཅུ་བདུན་ནས། །
བོད་རིགས་བཙན་བྱོལ་ཡོངས་ལ་བཀའ་དྲིན་བསྐྱངས། །
དེ་བཞིན་བལ་ཡུལ་འབྲུག་ཀྱང་དེ་དེ་བཞིན། །
ཀརྡོས།