རྔ་བ་ཀུན་བཟང་།
ཧ་ཅང་འཇམ་ཐིང་ངེར་གནས་པའི་དོ་ནུབ། ང་རང་སྒེའུ་ཁུང་གི་དྲ་མིག་གམ་གྱི་ཅོག་ཙེར་བསྙེས་ཏེ་ཕྱི་རོལ་ཏུ་རླུང་བུ་མེད་དོན་དང་། ངས་རང་ཉིད་ཀྱི་རང་ཉིད་ལ་བསམ་བློ་དུ་མ་ཞིག་བཏང་ཡང་། ངའི་སེམས་སུ་ཅི་ཡང་འཆར་རྒྱུ་མི་འདུག། ། ངས་སྙིང་ཁོང་ན་རང་འབྱུང་གི་མཛེས་པ་དང་མེ་ཏོག་གི་འདབ་མ་མི་འཁོར། སྐྱོ་སྣང་དང་སྐྱོ་སྣང་བར་ཟུག་གཟེར་བ་དེ་ཡང་རང་གི་སེམས་སུ་བྲིས་པའི་གངས་སེང་དཀར་མའི་རི་མོ་དག་ཡིན་སྲིད་ལ། སུ་ལ་ཡང་དབྱངས་དང་ཁ་དོག་མི་གཅིག་པའི་རྨི་ལམ་རེ་དང་འཚོ་བ་རེ་ཡོད་པ་ནི། སུས་ཀྱང་བཙལ་ནས་རྙེད་མི་སྲིད། སུས་ཀྱང་བཙལ་ནས་རྙེད་དགོས་དོན་མེད། དེ་ཕྱིར། ངས་སྟོང་བསམ་བཏང་བཞིན། ང་སྙན་ངག་པ་ཞིག་གི་ཆུང་མ་བྱེད་འདོད་བརྗོད་ན། སྐད་སྒྲ་མེད་པའི་སྐད་མདའ་ཞིག་ཁྱེད་ཀྱི་རྨི་ལམ་དུ་ལྷུང་བ་འདྲ་ཡང་། རྩྭ་ལྗང་དང་ཆུ་ཕྲན་བར་ནས་ཡིད་འོང་གི་མེ་ཏོག་རྣམས་མཐའ་ནས་བསྐོར་ཏེ་མཛེས་སྡུག་གི་ཞབས་བྲོ་འཁྲབ་པའི་སྣང་བ་དེ། དོ་ནུབ་ཡང་དང་སྐྱར་ཏུ་ཡིད་ལ་འཁོར་ནས། ཟུག་གཟེར་དང་ཟུག་གཟེར་ཁྲོད་ནས་སྙན་ངག་པ་ཞིག་དྲན།
དྲང་མོར་བཤད་ན། ངའི་འཇིག་རྟེན་ན། ཁྱེད་ཀྱི་ངལ་གསོ་ཐེངས་གཅིག་བྱེད་པའི་བརྩེ་དུང་གི་མེ་འོབས་ནང་ལྷུང་ས་དེ་ཡིན་སྲིད་ལ། ཡང་ན་ཁྱེད་ལ་ཐོབ་པའི་ཉམས་མྱོང་དང་བརྩེ་དུང་གི་བྲོ་བ་ལས་སྒྲུབ་པའི་གཏམ་རྒྱུད་ཆེས་ཐོག་མ་ཡིན། ལྷག་པར་ཏུ། གཟུགས་མེད་ཀྱི་དངོས་པོ་འདི་ཁྱེད་ལ་མཚོན་ན་མི་ཚེ་རིང་མོའི་ནང་གི་གུག་གུག་ཀྱག་ཀྱོག་དང་། ཚེར་མས་ཁེབས་པའི་འགག་འཕྲང་ཡོད་ཚད་གཏོར་མཁན་དེ་ཡིན་ལ། ཁྱེད་ལ་ཐོབ་པའི་ཉམས་མྱོང་དང་བྲོ་བ་དག་འཇིག་རྟེན་གྱི་ཆེས་དཀོན་པའི་གནས་ལུགས་ཞིག་ཡིན།
མ་གཞིར། ཁྱེད་ནམ་ཡང་ལྐོག་འགྱུར་ཀྱི་རྣམ་ཤེས་དེ་ཡིན་ཡང་། ཁྱེད་དགའ་སྤྲོས་ཁེངས་དུས། ངས་གདོང་སྤྲིན་ནག་ལྡིག་པོ་ཞིག་གིས་གཡོགས་མི་སྲིད་ལ། ཁྱེད་ལ་ན་ཟུག་དང་སྡུག་བསྔལ་གྱིས་མནར་དུས། ང་སུ་དང་གང་ཞིག་གི་པང་དུ་བཟི་མི་སྲིད ། གལ་ཏེ་བཟི་སོང་ཡང་ཧ་ཅང་མཛེས་སྡུག་དང་དྲོད་སྣང་ལྡན་པའི་ཁྱེད་ཀྱི་རུམ་ཁ་ན་ལོག་ཡོང་།
ཁྱེད་ཀྱི་སྨྱུག་ཁ་ནས། དམར་གཏམ་གྱི་སྡིག་སྒྲ་གླེང་བས། ཁྱེད་ཀྱི་ཁ་གཏད་དུ་སྡོད་དུ་སྐད་འགགས་པའི་རྣམ་པ་མང་ལ། མི་ལ་ལར་ཡུལ་རིང་སྒུག་པའི་ཆར་ཆུ་དང་བཟི་ཆང་རྣམས་ཁྱེད་ཀྱི་སྨྱུག་ཁ་ནས་འཐུང་བཞིན་ཡོད ། ད་དུང་།དགུན་གྱི་དུས་དང་། མཚན་གྱི་དུས། གནམ་འཐིབས་པའི་དུས། ཆར་འབབ་པའི་དུས། རླུང་འཚུབ་གཡོ་བའི་དུས། མུན་ནག་པའི་དུས།མདོར་ན། དུས་ཚོད་ཀྱི་སྣེ་མོ་རེ་རེ་ནས་མི་དང་མིའི་བར་ན་སྙན་ངག་གི་མེ་ཏོག་གི་གཏོར་བཞིན། སྨྲ་བ་མེད་པའི་ཕྱེ་མ་ལེབ་ཡང་ཁྱེད་ཀྱི་སྨྱུག་ཁ་ནས་ཆུང་མ་དང་ཨ་མ་ལ་འགྱུར་མྱོང་ཡོད་ཐལ།
དེ་འདྲའི་དྭངས་གཙང་དང་། དེ་འདྲའི་ལྷད་མེད། དེ་འདྲའི་ལྷིང་འཇགས་ཀྱི་འཇིག་རྟེན་ན་རོལ་མཁན་སུ་ཞིག་ཡོད་དམ། ང་ནར་སོན་ནས་མི་ཚེའི་བཞུད་ལམ་དུ་འགྲིམ་པའི་དུས་སུ། འཇིག་རྟེན་གྱི་ཁ་དོག་མང་པོ་ཞིག་རྟོགས་སོང་ལ། ད་དུང་ལྐོག་ཏུ་ལུས་པའི་གསང་བ་དུ་མ་ཞིག་འཇའ་ཚོན་ལྟར་ས་གནམ་བར་ནས་ཐིམ་ཟིན་ཡང་། ཁྱེད་ཀྱི་སྨྱུག་ཁ་ད་དུང་གསོན་བཞིན་འདའ། དེ་དག་ཡོད་ཚད་འཚོ་བ་ཞིག་བལྟ་བཀོན་ཙམ་ལས། སུ་དང་གང་ཞིག་གི་ཁྱེད་དང་འདྲ་བའི་འཇིག་རྟེན་ལ་སེར་འོད་ལྷབ་ལྷབ་ཞིག་གི་འོད་མདངས་ཞིག་བསྐྲུན་མ་ཐུབ་ནོ་ཅི་རེད་དམ།
ཅིའི་ཕྱིར། ང་དགའ་དུས་བགད་ཡོད་མཁན་དང་སྡུག་དུས་ངུས་དགོས་མཁན་ཞིག་ཡིན།ཅིའི་ཕྱིར། ང་བརྡ་བྱེད་ཀྱི་རོལ་རྩེད་ལ་འཇིགས་མཁན་དང་། ཕྲག་དོག་གི་དམིགས་སྟངས་ལ་སྐྲ་མཁན་ཞིག་ཡིན། ད་དུང་། ཚིག་ལན་དང་བརྡ་ལན་མེད་ན་ལུས་སེམས་ཀྱི་ཚ་དྲོད་ཉམས་ནས་ངའི་བརྗོད་བྱ་ཡོད་ཚད། སྐྱོ་གར་དང་། སྐྱོ་ངག།། གྲོས་སྣང། རྙོག་རྫོབ། མུན་རྡོ་སོགས་ཀྱི་བར་ནས་འདས་འགྲོ ། ཏག་ཏག་སོང་མི་ཚར་བའི་རྨི་ལམ་ཞིག་དང་། མངོན་སུམ་དུ་འགྱུར་བའི་དབྱར་གཞུང་གི་མེ་ཏོག་ཁྱེད་རི་འདབ་ནས་ཤར་ཡོང་བས། དེ་ནས་བཟུང་། གདུང་བ་དང་རྒྱ་ཕབ་ཡོད་ཚད་བདག་གི་སྤྲོ་དགའ་ཡིན་ལ། མི་ཡུལ་གྱི་སྒྲ་དབྱངས་འཇམ་པོ་ཞིག་རང་སེམས་ན་མྱོང་བཞིན། སྟེས་དབང་གི་འཕྲད་པའི་གཏམ་རྒྱུད་དག་སྨྱུག་ཁ་ནས་གླེང་བཞིན་ཡོད།
དེ་ན་ད་ཁྱོད་ངའི་ཆུང་བྱེད་དང་། ཁྱོད་འཆུག་ཡོད་ནི་མ་རེད།
ཁྱེད་ལ་ནོར་འཕྱུགས་བྱུང་འདུག རྒྱུ་མེད་དབང་མེད། སྡུག་གཏམ་རྐྱང་རྐྱང་བཤད་མཁན་ཞིག་གི་ཆུང་མ་བྱས་ན་བདེ་སྐྱིད་ཅི་ཞིག་འདུག དེ་ལས་བླ་མ་ཞིག་གི་ཆུང་མ་བྱོས་དང་འཕྱུགས་མེད།
ང་དང་མཉམ་དུ་འཚོ་བ་བསྐྱལ་འདོད་འདུག་གམ། ང་ད་ལྟ་ཨ་རི་ན་ཡོད། འོན་ཀྱང་མི་ཚེ་ཧྲིལ་པོར་ཨ་རི་ནས་འདུག་རྒྱུ་བསམ་བློ་མེད། ཨ་སྒོར་ཅུང་ཙམ་ཞིག་བསགས་ནས་ཆོས་ཉམས་ལེན་བྱེད་དགོས་བསམ་གྱི་ཡོད། སྒྲུབ་གྲོགས་ཡག་པོ་ལྟ་སྤྱོད་མཐུན་པ་ཞིག་དང་མཉམ་དུ་མི་ཚེ་སྤྱད་ན་ཡག་པོ་འདུག་བསམ་གྱི་ཡོད། ཁྱེད་ཀྱིས་སྙན་ངག་པ་ཞིག་འཚལ་བཞིན་འདུག་མོད། ཁྱོད་ཀྱིས་མ་འོངས་པར་ཆོས་ཉམས་ལེན་བྱེད་དགོས་བསམ་བློ་དེ་འདྲ་ཨེ་ཡོད། གལ་ཏེ་ཡོད་ན་ངེད་གཉིས་ལྟ་སྤྱོད་མཐུན་སྲིད་པ་རེད་སྙམ། །
སྙན་ངག་པ་དུ་ཆང་གི་རྐྱལ་བ་ཟིག་གི་ཆུང་མ་བྱེད་ན་འདོད་དམ། བོད་ཀྱི་སྙན་ངག་པ་དང་སྒྲུང་རྩོམ་པ་མང་ཤོས་ལ་གློ་ནད་དང་མཆིན་ནད་ཡོད་ཡ། སྒྲུང་དང་སྙན་ངག་འབྲི་ཤེས་པ་མ་གཏོགས་རང་གི་གཟུགས་པོའི་འཕྲོད་བསྟེན་ལ་བདག་སྐྱོང་བྱེད་མི་ཤེས་པའི་གླེན་པ་སྨྱུག་ཐོགས་པ་དེ་ཚོ།
སྙན་ངག་པ་ཞིག་དགོས་ན། ཨ་ལགས་ཀླུ་སྨྱོན་ལས་ལྷག་ཅིག་ཅི་དགོས། ཁྱེད་ཀྱི་པར་ཞིག་འདི་དང་མཉམ་དུ་ཡོད་ན་བཟང་མོད། །
ཨ་ལགས་ཀླུ་སྨྱོན་ལ་ཚེ་རིང་སྐྱིད་ཡོད་རེད། གཉིས་ཁག་པོ་བྱས་ཡོང། མ་གཞི་ནས་སྙན་ངག་པ་རྣམས་དུ་ཆང་གིས་བཟི་ཡོད་ན་ཨ་ཁུ་ཡང་དེར་ཐལ་དེའི་ཕྱིར། ཟེར་ན་ལན་ཡོད་དམ། ཡང་ན་སྙན་ངག་པ་མིན་པར་ཁས་ལེན་དགོས་ཡང་ན་དུ་ཆང་ལོངས་སྤྱོད་བྱེད་པར་དོན་གྱིས་ཁས་བླངས་པ་ཡིན།
སྙན་ངག་པ་ཞིག་གི་ཆུང་མ་བྱེད་འདོད་ན་དང་པོ་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ལ་རྒྱུས་ལོན་རོབས་ཙམ་མ་ཐུབ་ན་སྐུ་ངལ་འཕྲད་ཡོང་ངོ་ཧཧཧ་སྐུ་རྩེད་ཞུས་ཡིན།
སྙན་ངག་ཙམ་དང་ཚིགས་བཅད་ཙམ་རེ་འབྲི་མཁན་ནི་ཁེངས་བསྡད་ཡོད་པ་རེད། དེ་ཙམ་ནི་དཀའ་ལས་གང་ཡང་མེད་པའི་ལས་ཀའི་རིགས་གཏོགས་རེད། ཨ་ཅང་ཀུ་རེ་སྟེ། དོན་ལ། ངས་དཀའ་ལས་རྒྱག་མི་དགོས་པར་འབེལ་བོ་ཡོད་པའི་ལོངས་སྤྱོད་ཅིག་ལོངས་སུ་སྤྱོད་འདོད་ཟེར་གྱི་ཡོད་པ་འདྲ། ལེགས།
དགེ་དབང་དགེ་ལེགས་དཔལ་སོག ས་ཀྱི།།
མགོ་ལ་གོམ་པ་འགོད་པ་ལ།།
མེ་ལོང་མ་དང་དེང་རྩོམ་སོགས།།
ད་ལྟ་ཉིད་དུ་སྦྱང་གི་ཡིན།།
མྱུར་བ་མྱུར་དུ་སྦྱང་གི་ཡིན།།
བཅོ་ལྔའི་ཟླ་བའི་མོ་སྒོ་ཅན།།
དཀའ་ཐུབ་འཇིག་པའི་སྒེག་ཉམས་ཅན།།
རྔ་བ་ཀུན་ཏུ་བཟང་མོ་འདི།།
མོ་བརྒྱ་སྡང་བའི་ཡག་མ་ཡིན།།
ཕོ་བརྒྱ་འགུགས་པའི་མཛེས་མ་ཡིན།།
༄༅། འཇིག་རྟེན་གོ་ལ་འདིའི་ནང་དཀའ་ངལ་མེད་པར་འཚོ་འདོད་ན་སྙན་ངག་པ་གཅིག་དགོས་
དོན་མེད།
ཡོན་ཏན་ཡོད་ཀྱང་མེད་ཀྱང། སྐྱིད་སྡུག་མཉམ་མྱོང་བཟའ་ཟླ་དགོས།
སྡུག་དུས་ཐུག་པ་འཐུང་རོགས་དང། སྐྱིད་དུས་མོག་མོག་ཟ་རོགས་ཞིག།
བྱུང་ན་མི་ཚེ་ལེགས་སྐྱེལ་ཐུབ།
ཁྱེད་ལ་ཐོབ་པའི་ཉམས་མྱོང་དང་བྲོ་བ་དག་འཇིག་རྟེན་གྱི་ཆེས་དཀོན་པའི་གནས་ལུགས་ཞིག་ཡིན།
རྔ་པས།
ཁྱེད་ལ་ཐོབ་པའི་ཉམས་མྱོང་དང་བྲོ་བ་དག་འཇིག་རྟེན་གྱི་ཆེས་དཀོན་པའི་གནས་ལུགས་ཞིག་རེད།
ཀརྡོས།
་
ཨ་སྒོར་ཅུང་ཙམ་ཞིག་བསགས་ནས་ཆོས་ཉམས་ལེན་བྱེད་དགོས་བསམ་གྱི་ཡོད།
རང་འབྱུང་གིས།
ཨ་སྒོར་ཅུང་ཙམ་ཞིག་བསགས་ནས་ཆོས་ཉམས་ལེན་བྱེད་དགོས་བསམ་བགྱིད་ཡོད།
ཀརྡོས།
་
མ་གཞི་ནས་སྙན་ངག་པ་རྣམས་དུ་ཆང་གིས་བཟི་ཡོད་ན་
བན་དེ་བས།
མ་གཞི་ནས་སྙན་དངགས་པ་རྣམས་དུ་ཆང་གིས་བཟི་ཡོད་ན་
ཀརྡོས།
་
ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ལ་རྒྱུས་ལོན་རོབས་ཙམ་མ་ཐུབ་ན་
གཞུང་པས།
ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ལ་རྒྱུས་ལོན་རོབ་ཙམ་མ་ཐུབ་ན་
ཀརྡོས།
་
ངས་དཀའ་ལས་རྒྱག་མི་དགོས་པར་འབེལ་བོ་ཡོད་པའི་ལོངས་སྤྱོད་ཅིག་ལོངས་སུ་སྤྱོད་འདོད་ཟེར་གྱི་ཡོད་པ་འདྲ།
བྱངལོས།
ངས་དཀའ་ལས་རྒྱག་མི་དགོས་པར་འབེལ་པོ་ཡོད་པའི་ལོངས་སྤྱོད་ཅིག་ལོངས་སུ་སྤྱོད་འདོད་ཟེར་བགྱིད་ཡོད་པ་འདྲ།
ཀརྡོས།
་
མྱུར་བ་མྱུར་དུ་སྦྱང་གི་ཡིན།།
བདེ་འཇགས་ཀྱིས།
མྱུར་བ་མྱུར་དུ་སྦྱང་བགྱི་ཡིན།།
ཀརྡོས།
་
#10 AྀBHARU JIGWANG ་ལགས་ཀྱིས་སྤེལ་དོན།:
June 2nd, 2019 at 4:48 pm
༄༅། འཇིག་རྟེན་གོ་ལ་འདིའི་ནང་དཀའ་ངལ་མེད་པར་འཚོ་འདོད་ན་སྙན་ངག་པ་གཅིག་དགོས་
དོན་མེད།
་
ངས་བྱས་ན།
འཇིག་རྟེན་གོ་ལ་འདིའི་ནང་ལ་དཀའ་ངལ་མེད་པར་འཚོ་འདོད་ན་སྙན་དངགས་པ་གཅིག་ཡིན་དགོས་
དོན་མེད།
ཡ་ཡ་ཡ། ང་འདིར་ལྷག་བསྡད་ཡོད། ང་ཡང་སྙན་ངག་པ་མོ་ཞིག་དང་མཉམ་དུ་འདུག་འདོད་ཡོད། ང་གཉིས་ཕ་ཡུལ་ཡང་གཅིག་རེད། བསམ་ཐོག་ཏུ་རྟ་རྒྱུག་བཏང་དང་ཞིག ལས་ཡོད་ན་ལམ་ཞིག་ཡོད་ཟེར་བ་དེ་ད་བྱས་དུས་བདེན་པ་ཡིན་ས་རེད། ལས་ཟེར་བ་དེ་ཡོད་ན་བཀག་ཀྱང་མི་ཁོག
སྙན་ངག་གི་རྒྱུད་པ་བླ་མའི་རྒྱུད་པ་སྔགས་པའི་རྒྱུད་པ་སྤྲུལ་སྐུའི་རྒྱུད་པ་གཏེར་སྟོན་གྱི་རྒྱུད་པ་མོ་པའི་རྒྱུད་པ་སྨན་པའི་རྒྱུད་པ་རྒྱལ་པོའི་རྒྱུད་པ་བློན་པོའི་རྒྱུད་པ་ཤིང་བཟོའི་རྒྱུད་པ་ལྕགས་བཟོའི་རྒྱུད་པ་རྡོ་བཟོའི་རྒྱུད་པ་ཁང་བཟོའི་རྒྱུད་པ་ཞིང་པའི་རྒྱུད་པ་འབྲོག་པའི་རྒྱུད་པ་སོགས་བོད་མི་རིགས་ལ་བསམ་ན་འཛམ་གླིང་གི་ཡུལ་ལུང་གཞན་དང་མ་འདྲ་བའི་རྒྱུད་པ་ལ་སྐྱབས་བཅོལ་ནས་བྱ་ལས་འགྲུབ་མཁན་གྱི་མི་གི་སྤྱི་ཚོགས་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་མི་འདུག་གམ།
ཕ་ཡུལ་གཅིག་པ་ཡིན་དུས། ངས་བ་ས་མ་རེད། ཡུམ་མགོ་བཏགས་ནི་མིན་ན། ཨོ་ཡ། ཕ་ཡུལ་གཅིག་པ་བཟའ་ཚང་བྱས་ན། ཞ་ཞི་ཡག་པ་སྐྱེ་ནི་རེད། འདི་ཕལ་ཆེར་ལམ་ཐུག་མ་རེད། ལས་ཐུག་རེད། ང་སྟོན་མོའི་སྐབས་ཡོང་གི་ཡིན་དཱ།
སྟར་ཀ་ལ་ནི་ཡོ།
སྟར་ཀར་རྡོ་གཅིག་གཞུས་པས།
སྟར་ཀ་ལ་ནི་ཡོ།
ཉི་ཤུ་ས་ལ་ཟགས་སོང་།
སྟར་ཀ་ལ་ནི་ཡོ།
བཅུ་དགུ་ག་ལེར་བཞུགས་དང་།
ཕ་ཡུལ་གཅིག་དང་མ་གཅིག་ཡོད་ས་མ་རེད་དོ། །ཐེ་བོ་སངས་རྒྱས་ཟེར་བའི་ཕོ་གསར་ཀན་གིས་རྡོ་ཡིས་གཞུས་ཚར་འདུག
༄༅། ཁུ་བྱུག་འཕུར་བའི་ཉིན་མོ་དེ་ནས། སྡོང་པོ་སེར་པོ་རླུང་གིས་གཏོར་སོང།
དབྱར་ཟླ་ཚེས་ནས་སྐྱིད་སྐྱིད་འདྲ་ཡང། ལྷ་བྱ་དྲན་ནས་སྐྱིད་རྒྱུ་མི་འདུག།
གྲོགས་མོ་ཕྱིན་པའི་ཉིན་མོ་དེ་ནས། སེམས་པ་ཁྲ་མོ་སྡུག་གི་མནར་སོང།
དབྱར་ཟླ་ཚེས་ནས་སྐྱིད་སྐྱིད་འདྲ་ཡང། སྐྱིད་སྡུག་མཉམ་གཤིབ་དུས་ཚོད་མ་བྱུང།