རྫ་ཚེ་རིང་བཀྲ་ཤིས།
འཛམ་གླིང་ཡུལ་གྲུ་ངེས་མེད་དུ་བཞུགས་པའི་བོད་སྐད་སྨྲ་བ་ཚང་མ་ལ་སྟོན་པའི་འཁྲུངས་སྐར་དང་འབྲེལ་བའི་བཀྲ་ཤིས་བདེ་ལེགས་ཞུ།
མཁྱེན་གསལ་ལྟར། སང་ཉིན་ནས་ས་ག་ཟླ་བའི་ཚེས་བཅིག་རེད། ས་ག་ཟླ་བ་ནི་འཛམ་གླིང་ཡོངས་རྫོགས་ཀྱིས་ཕལ་ཆེར་གཅིག་གྱུར་མཐུན་དུ་ངོས་འཛིན་ཡོད་པའི་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་པའི་ཟླ་བ་རེད། ད་ལོ་ཟླ་ལྷག་གི་དབང་གིས་བོད་ལུགས་ཀྱི་ས་ག་ཟླ་བ་དེ་འཛམ་གླིང་གི་ནང་པའི་ཆོས་གྲོགས་གཞན་པ་ལས་ཟླ་བ་གཅིག་གི་སྔ་རྗེས་བྱུང་ཡོད་མོད། གང་ལྟར་ཟླ་བ་འདི་ནི་གནའ་ནས་ད་བར་རང་རེ་བོད་བརྒྱུད་བསྟན་གྱི་རྗེས་འཇུག་པ་ཚོས་ཧ་ཅང་གལ་ཆེན་དུ་རྩི་བའི་སྟོན་པ་བཀའ་དྲིན་ཅན་དེ་ཉིད་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམས་ཀྱི་ཟླ་བ་རེད།
ལོ་གཅིག་ལ་འདི་ལས་གལ་ཆེ་བའི་དུས་ཆེན་ཞིག་ནང་པ་སངས་རྒྱས་པ་ལ་མེད་པ་ལྟ་བུ་རེད། དུས་ཆེན་འདི་ལ་སྤྱི་སྒེར་སོ་སོའི་ངོས་ནས་སྟོན་པའི་འཁྲུངས་སྐར་དེ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་རྩི་ཞུ་རྒྱུའི་གྲྭ་སྒྲིག་རྒྱ་ཆེན་པོ་ཡོད་ངེས་རེད། ཡིན་ན་ཡང་། འདིར་དམིགས་བསལ་ཞུ་ཡ་ཞིག་ལ། ང་ཚོས་ས་ག་ཟླ་བ་འདི་དཀར་ཟས་ཟླ་བ་ཞིག་ཏུ་བསྒྱུར་ཐུབ་ན་ཧ་ཅང་ཡག་པོ་འདུག
སྐད་ཆ་འདི་ངས་ལོ་མང་པོ་སྔོན་ནས་ཀྱང་ཞུ་མྱོང་ཡོད། དེ་ཡང་སྤྱིར་བཏང་ཚང་མས་ས་ག་ཟླ་བ་ལ་སྲོག་བླུ་མང་པོ་བྱེད་བཞིན་ཡོད། དེ་ནི་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་དེང་སང་སྲོག་བླུ་བྱེད་སྐབས་གཟབ་གཟབ་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད།
བོད་པའི་ས་ག་ཟླ་བའི་སྲོག་བླུའི་དུས་ཆེན་ལ་དམིགས་ནས་ཆུ་གནས་སོགས་མང་པོ་བོད་ཁུལ་དུ་ཆེད་དུ་སྐྱེལ་འདྲེན་བྱེད་པ་སོགས་ཤན་པ་དག་གིས་ཚོང་གི་ལག་ཆར་བེད་སྤྱོད་གཏོང་བའི་སྣང་ཚུལ་དེ་འདྲ་ཡོང་གིན་ཡོད་པ་རེད་འདུག དེའི་རིགས་ལ་དོགས་ཟོན་དགོས། དེ་བཞིན་དམར་ཟས་ཟ་མཁན་ལ་དམིགས་བསལ་དགག་པ་རྒྱག་དགོས་དོན་གང་ཡང་མེད་ན་ཡང་། དཀར་ཟས་འབོད་སྐུལ་བྱེད་པ་ཙམ་གྱི་ཐོབ་ཐང་ནི་སུ་ལའང་ཡོད་ངེས།
སྤྱིར་བཏང་ཁྱེད་རང་སྒེར་ངོས་ནས་དམར་ཟས་བཞེས་མཁན་ཞིག་ཡིན་ཡང་། ས་ག་ཟླ་བ་འདིར་ཤ་མ་བཞེས་ན་ཡག་པོ་རེད། ང་ལ་མཚོན་ན། ཤ་ཟོས་དང་མ་ཟོས་ཟེར་བ་དེ་ནང་པ་ཡིན་མིན་གྱི་ཚད་གཞི་རེད་ཅེས་སྐད་ཆ་སྦོམ་པོ་དེ་འདྲ་བཤད་འདོད་མེད། ཡིན་ན་ཡང་། སྤྱིར་ནང་པ་དང་ཁྱད་པར་དུ་ཐེག་པ་ཆེན་པོ་པ་ཞིག་ཡིན་ན་དཀར་ཟས་གསོལ་ན་ཡག་པོ་ཡོད་པ་བརྒྱ་ཆ་བརྒྱ་རེད། དེ་ཡང་ཀུན་སློང་གི་ཆ་ནས་བསམ་ན་ང་ལ་སྡིག་པ་ཡོང་གི་རེད་སྙམ་ནས་ཤ་མ་ཟོས་ན་དགེ་བ་ཆེ་ཤོས་ཆགས་ཀྱི་མ་རེད། དེ་བས་ངས་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་ཟླ་བ་འདིར་སྟོན་པའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་གཞན་གྱི་ཚེ་སྲོག་ལ་རྩི་འཇོག་གི་ཆེད་དུ་ཤ་མི་ཟ་བ་ཁས་ལེན་གྱི་ཡིན་སྙམ་ན་དེ་འདྲའི་དགེ་བ་དེ་ཧ་ཅང་རླབས་ཆེན་ཞིག་ཆགས་ཟིན་པ་རེད། སངས་རྒྱས་ཀྱི་དགོངས་པ་ངོ་མ་ཡང་རེད།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོའི་ནང་དུ། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག །གསུངས་པའི་རྒྱུ་མཚན་ཡང་།། གཞན་གྱི་བདེ་སྡུག་ལ་སེམས་ཁུར་དགོས་པ་དང་། ཚེ་སྲོག་ཚང་མ་འདྲ་མཉམ་ཡིན་པའི་ལྟ་བ་གསུངས་བཞིན་ཡོད་རེད། ཤ་ཟོས་ན་སྡིག་པ་ཡོད་མེད་རྩོད་རྒྱུ་མཚམས་ཞོག་ལ། ཚེ་སྲོག་འདྲ་མཉམ་གྱི་ལྟ་གྲུབ་ལ་ཉམས་ལེན་བྱས་ན་སངས་རྒྱས་ཐུགས་མཉེས་ངེས་ཡིན་པ་དང་། དེ་ནི་ཁོང་གི་ཆེས་རླབས་ཆེན་གྱི་ལྟ་གྲུབ་དེ་ཡིད་ཆེས་བྱེེད་ར་མ་ཟད། དཀར་ཟས་ཟ་བ་དེ་སངས་རྒྱས་ཀྱི་ཚེ་སྲོག་འདྲ་མཉམ་གྱི་རླབས་ཆེན་གྱི་ལྟ་གྲུབ་དེ་ལ་ཡིད་ཆེས་བྱེད་སྟངས་ཤིག་ཡིན་བསམས་པ་ཡིན་ན་དེས་འགྲིག་བསྡད་ཡོད་རེད། ལར་ནས་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་བསྟན་པ་གཅིག་ལ་སྟོན་པ་གཅིག་ལས་མེད་པས། ངེས་པར་དུ་སྟོན་པའི་བཀའ་དྲིན་དྲན་པའི་ཆེད་དུ་འཛམ་གླིང་གི་ཆོས་ལུགས་གཞན་ཚོས་རང་རང་གི་སྟོན་པའི་འཁྲུངས་སྐར་རྩ་ཆེན་དུ་རྩི་བ་ལྟར་ང་ཚོས་ཀྱང་རྩ་ཆེན་དུ་རྩི་དགོས།
མདོར་ན། ས་ག་ཟླ་བ་དཀར་ཟས་ཅན་དུ་བསྒྱུར་ནས་ལོ་གཅིག་གི་ནང་གིས་ས་ག་ཟླ་བ་འདི་དཀར་ཟས་ཟླ་བ་ཞེས་པ་ཞིག་ཏུ་བསྒྱུར་ཐུབ་ན་དེའི་དོན་སྙིང་ནི་མི་སྒེར་བ་ཞིག་གིས་ཤ་ཟོས་མ་ཟོས་ཀྱི་ཕན་གནོད་ཀྱི་དོན་དག་ཅིག་མིན། དེ་ནི་ནང་པ་སངས་རྒྱས་པ་ཡོངས་ཀྱིས་རླབས་ཆེན་གྱི་ཚེ་སྲོག་འདྲ་མཉམ་དང་བདག་གཞན་མཉམ་རྗེ་ཡི་ལྟ་གྲུབ་སྨྲ་བའི་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་ལ་གདེངས་འཇོག་དང་ངོས་འཛིན་བྱེད་ཚུལ་ཞིག་ཡིན། དོན་དག་འདི་ཚང་མས་ཐུགས་ལ་འཛིན་དགོས། དེ་ནི་གུས་པས་སེམས་གཏིང་གི་རེ་བའང་ཡིན།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ས་ག་ཟླ་བའི་སྔ་ནུབ་སྟེ་སྤྱི་ལོ་༢༠༡༩ཟླ་༦ཚེས་༣ཕྱི་དྲོ་འཕྲལ་བྲིས།
ང་ནི་ལོ་མང་ཙམ་རིང་ཤ་མེད་ཡིན། ཤ་སྐམ་པགས་སྐམ་ཡང་ཡིན།
དཀར་དམར་གཉིས་ཀ་ལ་དཀོར་ཟས་རེད་དེ་གསོལ་ན་ཡག་པོ་མེད་པ་བརྒྱ་ཆ་བརྒྱ་རེད །
སྟོན་པ་་ཐུགས་རྗེ་ཅན་སྐམ་དགོས་པའི་རྒྱུ་མཚན་ཡང་དེ་རེད་ལགས །།
རྫ་ཆུ་ཁ་བ་ལགས། གནས་ཚུལ་འདི་རིགས་སྤེལ་ན་ཡག་གདའ
་་་་་་་་་ འདིར་དམིགས་བསལ་ཞུ་ཡ་ཞིག་ལ། ང་ཚོས་ས་ག་ཟླ་བ་འདི་དཀར་ཟས་ཟླ་བ་ཞིག་ཏུ་བསྒྱུར་ཐུབ་ན་ཧ་ཅང་ཡག་པོ་འདུག ་་་་་་་་་་་་
བཙུན་པས་ཤ་ཟློག་མི་རིགས་པས། །
འདུལ་བར་ཤ་ནི་བཀག་པ་མེད། །
་
བྱང་སེམས་སྙིང་རྗེས་བྱང་ཆུབ་པས། །
ཤ་ནི་གཉེན་ཤ་འབའ་ཞིག་མཐོང་། །
་
གསང་སྔགས་མོས་གུས་དམ་ཚིག་ལ། །
བཙིགས་ཕྱིར་ཤ་མེད་ཤ་ཡོད་སྤྱད། །
་
དུས་རབས་ཉི་ཤུར་ཤ་མེད་རིགས། །
བརྒྱ་ཟས་ལེའུའི་བརྒྱ་ལས་ལྷག །
་
དེས་ན་སོ་སོའི་ལུས་སེམས་ལ། །
ཕན་ཕྱིར་ས་ཟླར་དཀར་ཟས་གྱིས། །
བཀྲིན་ཆེ། གསུང་དེ་བདེན་པ་རེད་འདུག གང་མང་ཁྱབ་སྤེལ་དགོས་འདུག🙏🙏🙏🙏
སྟོན་པའི་འཁྲུངས་ཚེས་ངོ་མ་ཟླ་བ་གོང་མ་དེའི་ནང་ལ་རེད། བོད་པས་ས་ཟླ་མ་ཡིན་པ་ཞིག་ལ་ས་ཟླ་ཉིད་དུ་ངོས་འཛིན། དེ་ལ་བཟའ་བཏུང་གི་རང་དབང་བཀག་ནས་འཁྲབ་སྟོན་འདྲ་མིན་བྱས་པས་ཕན་ཡོན་ཅི་ཨེ་ཡོད་ན། དོན་ངོ་མ་ཤ་སྤོང་འདོད་ཅན་ཡོད་ན། གཏན་དུ་སྤོངས་རོགས།
ཟུར་གནས་མཁས་པ་ཚོ་ས་ག་ཟེར་བའི་ཐ་སྙད་དེ་བོད་སྐད་རེད་
དམ་རྒྱ་གར་སྐད་རེད་ཡང་ན་སྔོན་སངས་རྒྱས་ཞལ་ཞུགས་པའི་
སྐབས་ཀྱི་སམ་ཊི་ཏའིི་སྐད་ ༼ sanskrit ༽ རེད་ངོ་སྤྲོད་གནང་དང།
ཁ་བརྡ་དྲ་བདག་ལགས་ངས་ཁ་མཆུ་ཨང་ཉི་ཤུ་དགྲ་དགའ་གཉེན་
སྡུག་གི་ཁ་མཆུ་ཨང་ཉི་ཤུ་ལ་དཔྱད་པའི་ཀ་བཤད་ཟེར་བ་ཞིག་བཏང་
བ་ཁ་བརྡའི་སྟེང་བཀོད་མི་འདུག་པ་གང་འདྲ་ཡིན་ནམ།
༄༅། ས་ག་ཟླ་བར་སོང་དཀར་ཟས་ལ་བེད་སྤྱོད་གནང་དགོས་སྐོར་རྫ་ཚེ་རིང་བཀྲིས་
ལགས་ཀྱིས་རྩོམ་བྲིས་གནང་བ་ལ་བསྟོད་པར་ཞུ།
ཡང་གཞུང་པ་ཚེ་བསོད་ལགས་ནས་ཁ་མཆུ་ཨང་ཉི་ཤུའི་སྐོར་ལ་དགྲ་དགའ་གཉེན་སྡུག་གི་
རྩོམ་ཞིག་ཡོད་ས་རེད། དེ་ཡང་སྤྱི་ཚོགས་དཀྲུགས་ཤིང་རིགས་ཀྱི་རྩོམ་ཡིག་རིགྶ་ཁ་བརྡའི་ནང་
མ་བཀོད་ན་ལེགས། གང་ལགས་ཟེར་ན།
ང་ཚོའི་མི་རེ་གཉིས་ནས་་་ནང་ལ་ཐུག་ན་སྟག་མོ་བཞིན་ངར་ཆེ་བ།
ཕྱི་དགྲ་ལ་ཐུག་ན་རི་བོང་བཞིན་ཟུར་མིག་བལྟས་ནས་བྲོས་ཀྱི་ཡོད་པ་རེད།
ཁ་བརྡ་ལའང་རང་ཚོད་འཛིན་ས་ཞིག་ངེས་པར་ཡོད་ཀྱི་རེད། སྤྱི་ཚོགས་འཆམ་མཐུན་མེད་པ་
དཀྲུགས་ཤིང་རིགས་ཀྱི་རྩོམ་ཡིག་ནམ་ཡང་བཀོད་རྒྱུ་མི་འདུག་
ཁ་བརྡའི་གཟི་བརྗིད་བརླག་གི་རེད། འདི་འདྲ་ཞིག་སྔོན་དུ་ཡང་ཞུས་ཡོད།
སྤྱི་ཚོགས་ནང་བསྡད་དགོས་ན་སྤྱི་ཚོགས་ཀྱི་མི་དང་བསྟུན་ནས་བསྡད་དགོས།
སྤྱི་ཚོགས་དཀྲུགས་མཁན་ཟེར་བའི་ཐ་སྙད་དེ་ཁ་བརྡ་དྲ་སྟེང་དུ་
འཐོན་པ་དང་པོ་མ་རེད་དམ་གལ་སྲིད་སྤྱི་ཚོགས་དཀྲུགས་མཁན་
ཡོད་ན་རང་མིང་བཀོད་མ་ནུས་ནས་མིང་རྫུན་འོག་ཏུ་དྲ་ནང་འཛུལ་
མཁན་ལས་གཞན་དུ་འགྲོ་ས་ཨ་ཡོད།
ད་ཁ་མཆུ་སྐོར་འདིར་བྲིས་མ་ཡོང་། ངོ་མ་ཐབས་སྐྱོ་བོ་རེང་འདུག། འབྲུག་པ་རང་དབང་རང་བཙན་རྒྱལ་ཁབ་་་་འཛམ་གླིང་མི་མང་པོས་་འབྲུག་རྒྱལ་པོའི་གསུང་ལ་་་དགའ་སྤྲོ་་འཛིམ་གྱིས་བསུ་གཏམ་བཤད་དེ་ནི་་་་ངའི་འབྲུག་རྒྱལ་ཁབ་བདེ་སྐྱིད་ནང་གི་བདེ་སྐྱིད་དེ་ཡིན་་་གསུངས་པ་དང་། མ་ཟད་ཡུ་ཊུབ་ནང་དུ་ཕན་ཚུན་སུས་ལ་སྨད་ར་ཕྲག་དོག་སྐད་ཆ་ཅིག་གོ་ཡག་མི་འདུག་་་བོད་པ་ཚོ་དམང་གཙོ་ཟེར་ནས་་་་ལས་འབྲས་དང་། ངོ་ཚ་ཁྲེལ་རྩ་ནས་སྟོང་ཚར་འདུག་་ཐོབ་རྒྱུ་མེང་པ་ཞིག་་་རྩོད་པ་རྒྱོབས་
ས་ག་ཤེས་པ་འདི་རྒྱ་གར་སྐད་རེད་འདུག དེ་ཡང་། བི་ཤཱ་ཁཱ་པཱུརྞི་མཱ། ཞེས་རྒྱ་གར་སོགས་སུ་ཡུལ་གྲུ་མང་པོར་བཅོམ་ལྡན་འདས་ཤཱ་ཀྱ་ཐུབ་པའི་དུས་ཆེན་རྩི། དེས་ན། ཤཱ་ཁཱ། ཞེས་པའི་ཚིག་དེ་ཉིད། ས་ག ཞེས་སོ།
རྒྱ་གར་སོགས་ཡུལ་གྲུ་མང་པོར། ཞེས་ཞུས་དག་བྱས།
རྒྱ་གར་ཟེར་བའི་ཐ་སྙད་འདིའི་དོན་ངོ་མ་གང་ཡིན་ནམ་མཁས་
པ་ཚོའི་འབྲེལ་བཤད་གནང་དང།
རྒྱ་གར་ཟེར་བའི་ཐ་སྙད་འདིའི་དོན་ངོ་མ་གང་ཡིན་ནམ་མཁས་
པ་ཚོའི་འབྲེལ་བཤད་གནང་དང།་
མཁས་པ་ཚོའི་རྒྱ་གར་གྱི་འགྲེལ་བཤད་ཅིག་ད་བར་བདག་་གིས་མ་མཐོང་ཡང་། རྒྱ་དཀར། མི་ཕོ་རྣམས་ཀྱིས་གོས་དཀར་གོན་པས་དེ་ལྟར་མིང་ཆགས། ངའི་མི་ཚེའི་སྟོད་ལ་ཡང་། ཡུལ་འདིའི་སྐྱེ་བོ་ཕལ་ཆེས་བས། གོས་དཀར་པོ་གོན། རྗེས་སུ་དཀར། གར་དུ་གྱུར། སྤྱིར་གར་ལ་ཕ༹ཀར་པོའི་དོན་མེད་ཀྱང། རྒྱ་དང་འབྲེལ་བ་ན། དཀར་པོའི་དོན་ལ་གོ་དགོས།
དེ་བཞིན་དུ། རྒྱ་ནག་ལ་ཡང་མིང་ཆགས་པ་ཡིན་འདུག དིང་དུས་རྒྱ་དཀར་ནག་གཉིས་ཀར་མི་རྣམས་ཀྱི་གོན་ཆས་ལ་འགྱུར་བ་བྱུང་ངོ་།
གཞུང་པ་ཚེ་དབང་བསོད་ནམས་ཁྱེད་ཀྱིས། དངོས་མ་དང་། ཚོས།་ཞེས་སྦྱངས་ན། རང་ཉིད་ལ་ཕན་ནོ།
ང་ཚོས་ཁ་སྐད་བཞིན་མ་འབྲི་བར་རྗེ་འཇམ་དབྱངས་བཞད་པ་དང་། གུང་ཐང་བསྟན་པའི་སྒྲོན་མ། ཐུ་ཀྭན་ཆོས་ཀྱི་ཉི་མ། ཨ་ཁུ་ཤེས་རབ་རྒྱ་མཚོ། དགེ་ཆོས་སོགས་བོད་ཀྱི་མཁས་པ་ཚོས་བྲིས་པ་ལ་གཞི་རྩ་བྱས་ན། འབྲི་ཐུབ་ན། བོད་ཡུལ་ཀུན་ལ་ཁྱབ་པའི་ཡིག་སྐད་དེ་མ་ཉམས་པར་བྱེད་ཐུབ། ཁ་སྐད་བཞིན་འབྲི་ན། བོད་སིལ་བུ་གཏོང་བའི་གཞི་རྩ་ཡིན་པས། རྣམ་དཔྱོད་ཅན་ཀུན་གྱིས་གནས་ལ་འདི་ལ་གཟབ་དགོས་སོ།
རྒྱ་དཀར་ར། རྒྱ་དཀར་བ། དེ་ནས། རྒྱ་གར་བ། རྒྱ་གར་པར་ཆགས་པ་མིན་ནམ་སྙམ་པས་དཔྱད་པར་བྱའོ།།