འབྲོག་རུ་ཆོས་གྲགས།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པ་ནི་མི་རིགས་འདི་འཚོ་གནས་ཀྱི་ཆེད་དུ་ཡིན་ལ། མི་རིགས་འདིའི་ངོ་བོ་སྲུང་སྐྱོབ་བྱ་ཆེད་ཀྱང་ཡིན། དེར་བརྟེན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དེ་བོད་མི་རེ་རེའི་ངོས་ནས་མགོ་རྩོམ་དགོས་པ་ཞིག་ཆགས་ཡོད། བོད་མི་རེ་རེའི་ངོས་ནས་ཇི་ལྟར་མགོ་རྩོམ་དགོས་པ་རེད་ཅེ་ན། ཆུང་ས་ནས་རང་གིས་བོད་སྐད་གཙང་མ་བཤད་པ་དང་། རང་གི་ཁྱིམ་ཚང་དང་ལས་ཁུངས། ཡང་ན་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་། དགོན་པའི་ཚོགས་ཆོས་རྭ་དང་། གྲོང་པ་ཁྱིམ་མཚེས་བར་སོགས་ཐ་ན་རང་གི་ལས་རོགས་ཚུན་ཆད་བར་ལ་ཡང་བོད་སྐད་གཙང་མ་བཤད་དེ། རང་ཉིད་ནས་མགོ་བརྩམས་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་དགོས།
འདི་ནི་བླ་དཔོན་དང་དབུལ་ཕྱུག དགེ་སློབ་དང་གཞུང་མང་གཉིས་ལ་ཁྱད་པར་མེད་པར་སུ་ཞིག་གིས་ཀྱང་སྒྲུབ་ཐུབ་པ་ཞིག་རེད་སྙམ། ཡིན་ནའང་། གནད་འགག་གཙོ་བོ་དེ་རང་འགན་རང་སྲུང་མ་བྱས་པས་ད་ལྟའི་བོད་ཀྱི་སྐད་ཡིག་གི་འཐུས་ཤོར་འདི་སླེབས་པ་རེད། མཐར་དེད་ན་བོད་ཀྱི་སྐད་ཡིག་གི་འཐུས་ཤོར་ཟེར་ན་འདྲ། ཉམས་ཆག་ཟེར་ན་འདྲ། གང་ལྟར་རྒུད་པ་དེ་བོད་མི་རེ་རེའི་ངོས་ནས་སོང་ཡོད་པར་བརྟེན། དེ་སླར་གསོ་ཡང་བོད་མི་རེ་རེའི་ངོས་ནས་བསྒྲུབ་དགོས་པ་ཞིག་རེད་ལ། སྒྲུབ་ཐུབ་པ་ཞིག་ཀྱང་རེད།
སྤྱིར་བཏང་འཇིག་རྟེན་གྱི་ཆོས་ཉིད་བཞིན། བྱེ་བྲག་མང་པོ་ཞིག་འདུས་ནས་སྤྱི་གྲུབ་པ་ལྟར། ཆུང་ས་ནས་བོད་མི་རེ་རེའི་ངོས་ནས་ལས་དོན་དེ་བསྒྲུབ་པ་ཡིན་ན། བོད་སྤྱི་ཡོངས་ཀྱི་ཐད་ནས་བོད་སྐད་གཙང་མ་བཤད་ས་དང་བོད་ཡིག་དག་མ་འབྲི་སའི་ཁོར་ཡུག་དེ་ཡང་རང་བཞིན་གྱིས་ཆགས་ཡོད། འདི་ནི་ཆོས་ཉིད་ཀྱིས་ཐག་བཅད་པའི་གནས་ལུགས་ཤིག་ཡིན་སྟབས། བོད་མི་རིགས་འདི་འཚོ་གནས་བྱེད་འདོད་ཀྱི་འདུན་པ་ཡོད་མཁན་དང་། རིག་གཞུང་གླེང་མཁན། འཐབ་རྩོད་སྒྲུབ་མཁན། ཆོས་རིག་བགྲོ་མཁན་སོགས་ཐ་ན་མི་རིགས་འདིའི་ཁོངས་སུ་གཏོགས་པའི་བོད་མི་ཡོད་ཚད་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་རང་འགན་རང་སྲུང་བྱ་རོགས་ཞེས་སེམས་བསམ་པའི་གཏིང་ནས་ཞུ་འདོད་བྱུང་།
་་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དེ་བོད་མི་རེ་རེའི་ངོས་ནས་མགོ་རྩོམ་དགོས་པ་ཞིག་ཆགས་ཡོད། ་་་།
་་་་་རང་འགན་རང་སྲུང་མ་བྱས་པས་ད་ལྟའི་བོད་ཀྱི་སྐད་ཡིག་གི་འཐུས་ཤོར་འདི་སླེབས་པ་རེད། ་་་་།
་་་་་་སླར་གསོ་ཡང་བོད་མི་རེ་རེའི་ངོས་ནས་བསྒྲུབ་དགོས་པ་ཞིག་རེད་ལ། སྒྲུབ་ཐུབ་པ་ཞིག་ཀྱང་རེད། ་་་་་།ཅེས་གསུངས་པ་ནི་ཤིན་ཏུ་བདེན་པས་བོད་མི་ཀུན་གྱིས་རེམས་པའི་དུས་ལ་བསླེབས་འདུག་གོ །
བོད་ལ་གཅེས་ན་རང་ཉིད་ནས་དབུ་བཙུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་བོད་སྐད་བཤད་པ་དང་བོད་ཡིག་སྤྱོད་པར་འབད་དགོས།
འབྲོར་རུ་ལགས། དུས་ནམ་ཞིག་གི་ཚེ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་སྨིན་ཁོ་ཐག་རེད།
གནད་དོན་འདི་ལ་དམིགས་ནས་། ལྷག་དཀར་ཞེས་། ལས་གཞི་ཆུང་ཆུང་ཞིག་གི་མགོ་བརྩམས་ནས་། ཆེ་དམའ་ས་ནས་འགྲོ་བཞིན་ཡོད་། དེས་ནང་ལྷག་དཀར་དམ་བཅའ་ཞེས་བས་སྡེ་ཚན་ཞིག་ཡོད་དེ་ནི་གོང་ན་གསུང་བཞིན་པས་གནད་དོན་དེས་ཐད་རང་ཉིད་ཀྱི་རང་ཉིད་ལ་སྐད་ཆ་བཤད་ས་ཞིག་ཡིན། གཞན་ལ་ལྟ་བར་མིག་དགོས་ཀྱང་། རང་ཉིད་ལྟ་བར་མེ་ལོང་དགོས་། སུ་གསུང་ཡིན་མི་ཤེས་།
རང་གིས་རང་ལ་སྐད་ཆ་བཤད་སའི་དྲ་ཚིགས་དེ་འདི་ཡིན།
http://iamtibetan.wordpress.com/
ཡ། ད་བདེ་མོ་།
འོ་། ད་དུང་འདི་བརྗེད་འདུག། དགོང་ཚུལ་སྐུར་ས་འདི་ཡིན། iamtibetan@gmail.com
རང་སྐད་རང་གིས་མ་བསྐྱོད་ན།།རང་ངོ་རང་གིས་མ་ཤེས་རྟགས།།
རང་རིགས་རང་གིས་མ་བསྲུང་ན།།རང་མཚང་རང་གིས་བརྟན་པའོ།།
རང་སྐད་རང་གིས་སྲུང་དགོས་པ་བདེན་པ་རེད། དེས་ན་བོད་ཕྱི་ནང་གང་ན་བཞུགས་པའི་བོད་རིགས་ཀུན་གྱིས་ལྷག་དཀར་དམ་བཅའ་ཞེས་པའི་དྲྭ་ཚིགས་དེར་ཐུགས་སྣང་གནང་སྟེ་གཞི་རྒྱ་ཆེ་རུ་སྤེལ་ཐུབ་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་ཏན་ཏན་ཕན་ཐོག་ཡོད་ངེས་རེད་འདུག་སྙམ།
སང་ཉིན་ནི་འཛམ་གླིང་སྐྱབས་བཅོལ་ཉིན་མོ་ཡིན་པས་གོང་གསལ་གྱི་གནས་ཚུལ་མ་སུ་རིའི་སློབ་གྲྭ་ནས་སློབ་ཕྲུག་༡༠་དང་ཕ་ཚབ་མ་ཚབ་བཅས་ཁྱོན་མི་༡༢ཕྱིར་འབུད་གཏང་བ་དེ་སྤྱིར་སློབ་གྲྭའི་ཁྲིམས་དང་འགལ་བ་ཞིག་ཡིན་ཀྱང་དུས་སྐབས་འདི་དང་ཡུལ་འདི་ནས་ལས་ཀ་འདི་གནང་ཐབས་རྩ་་བ་ནས་མེད་པ་ཞིག་རེད། ད་དུང་བོད་ནས་ཡོང་བའི་ཕྲུ་གུ་ཁ་ཤས་བལ་ཡུལ་དུ་འབྱོར་ཡོད་དེ་ཚོ་ཀྱང་སྐྱབས་ཐབས་གནང་རོགས། བོད་ནས་སར་དུ་འབྱོར་བ་དེ་ཚོ་བལ་ཡུལ་མཐའ་སྲུང་བའི་ལག་ནས་མ་རགས་ཀྱང་ད་ལྟ་ང་རང་ཚོའི་མདུན་དུ་ཡོད་པའི་སློབ་ཕྲུག་དེ་དག་རྒྱ་མའི་ལག་ཏུ་སྤྲོད་ན་ངོ་མཚར་དགོས་པ་ཞིག་མ་རེད་སམ། དེ་འདྲ་ཡིན་ཙམ་དེ་ཚོ་སྐྱབས་འདོད་ཡོད་ན་ང་ལ་འབྲེལ་བ་གནང་རོགས། ད་དུང་སློབ་ཕྲུག་ཚོའི་ཕ་ཡུལ་གང་དང་གང་ནས་ཡིན་པ་གསལ་པོ་ཤེས་ན་འབྲེལ་བ་གནང་རོགས། 0_9805634232
འདིའི་བསྐོར་ང་ཚོའི་སྤྱི་ཚོགས་ནང་ལོ་ངོ་བཅུ་ཁྲག་མང་པོ་མ་ཎི་གྲངས་གྲངས་ གྲངས་བསྡད་རེད་དེ་ བཤད་ཁན་དང་ཉན་ཁན་ཚོར་ཁན་དྲན་ཁན་གླེང་ཁན་མང་དག་ཞིག་ཡོང་གི་ཡོད་ཀྱང་ དོན་ངོ་མའི་ལག་ལེན་ཐོག་རྒན་བྱིས་སེར་སྐྱ་ཕོ་མོ་མང་ཆེ་བའི་ངོས་ནས་བོད་སྐད་དང་བོད་ཡིག་བོད་བཟས་བོད་གོས་བོད་གཞས་བོད་སྤྱོད་དེ་དག་ལ་ལོ་རེ་བཞིན་དོ་འཁུར་ཆུང་བའི་བརྐྱེན་གྱིས་རང་རེའི་གཟི་བརྗིད་ལྡན་པའི་རིགས་གཞུང་འདི་དག་ག་ལེར་ཉམས་འགྲོ་བ་ནི་ཧ་ཅང་བློ་ཕམ་ཆེན་པོ་རེད་ རང་ཉིད་ནས་ཉིན་རེ་བཞིན་འདྲེས་ལྷད་མེད་པའི་བོད་སྐད་གཙང་མ་ཞིག་དང་བོད་ཡིག་གང་མང་བེད་སྤྱོད་ངང་ཡར་རྒྱས་གཏོང་རྒྱུ་བོད་མི་ཞིག་གི་འགན་ལ་བརྩིས་ཏེ་ཡུལ་དུས་གང་དུའང་རྒྱུན་འཁྱོངས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་།