ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ཀུན་བཟང་རིག་འཛིན་བརྒྱུད་པར་ནམ་མཁའི་ཁྱོན།།
འོད་གསལ་ཉི་ཟླ་གསལ་བའི་ཀུན་མཁྱེན་དཔལ།།
སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་སྙིང་པོ་ཅན།།
ཀུན་མཁྱེན་ཡབ་སྲས་དམ་པས་དགེ་ལེགས་སྩོལ།།
གནའ་དེང་མཁྱེན་རབ་ཟས་གཙང་སྲས་ལས་མཁས།།
གངས་ཅན་བརྩེ་བར་སྤྱན་རས་གཟིགས་ལས་བཙུན།།
འཕགས་མཆོག་མཐུ་སྟོབས་རྡོ་རྗེ་འཛིན་ལས་བཟང་།།
མཁས་གྲུབ་ཀུན་མཁྱེན་བླ་མ་ཞབས་བརྟན་ཤོག།
མཁན་སློབ་ཆོས་རྒྱལ་བརྒྱུད་པའི་སྔ་འགྱུར་དང་།།
ཕྱི་འགྱུར་རྣམས་དང་ཁ་ཆེ་ཡེ་ཤུའི་རིགས།།
ཚན་རིག་བཅས་ཏེ་ཆོས་ལུགས་སྣ་ཚོགས་ཀུན།།
ཀུན་བཟང་ལམ་དུ་འདྲེན་མཁས་ཞབས་བརྟན་ཤོག།
ཚུལ༵་ཁྲིམས༵་རྣམ་དག་དཔག་བསམ་ལྗོན་ཤིང་རྒྱས།།
བློ༵་གྲོས༵་མཚུངས་མེད་ཡིད་བཞིན་ནོར་བུའི་དཔལ།།
ཀུན་མཁྱེན་ཀློང་ཆེན་ཡེ་ཤེས་སྒྱུ་མའི་འཕྲུལ།།
རིགས་ཀུན་ཁྱབ་བདག་བླ་མའི་སྐུ་ཚེ་བརྟན།།
མཚན་དཔེའི་ལང་ཚོ་ཡར་ངོའི་ཟླ་བཞིན་རྒྱས།།
ཟབ་རྒྱས་ཆོས་འཁོར་དབྱར་གྱི་མཚོ་ལྟར་འཕེལ།།
ཐུགས་རྗེ་ཀུན་བཟང་རྒྱལ་བའི་དགོངས་མཐར་ཕྱིན།།
ཀུན་ཁྱབ་ཕྲིན་ལས་དོན་ཀུན་ལྷུན་གྲུབ་ཤོག།
ཅེས་པ་རབ་གནས་ས་ཕག་སྣྲོན་ཟླའི་ཡར་ངོའི་རྒྱལ་བ་གསུམ་པར་གངས་ཅན་བོད་ཡུལ་ནས་ཌཱ་ཀི་ནི་ཤྲཱིཿམ་ཧཱ་དྷེ་ཝས་ངོར་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་ཀུན་བཟང་ཆོས་གླིང་ནས་སྨོན་པར་དགེའོ།། །།
ཁ་བརྡར་མཆན་འདེབས་པོ་དཀོན་གི། ཁ་བརྡའི་གཞི་བདག་རྣམས་ཀྱང་ཅང་མི་སྨྲ་འི། མཆན་མེད་པ་ལས་དྲག་ཙམ་ངས་ཨེ་མ་ཧོ་ཁོང་ལ་ཀུ་རེ་ཞིག་ཞུས་ན། རང་གི་བླ་མར་སྐུ་བསྟོད་ཡིན་ཁུལ་གྱིས་ལུང་དང་རིགས་དང་འགལ་བའི་ཚིགས་བཅད་འདི་ཚོར་དགོད་རྒྱུ་འོང་གི། བླ་མ་སངས་རྒྱས་དང་གཉིས་སུ་མེད་པར་མོས་དགོས་པ་དེ་མེད་པར། སངས་རྒྱས་ཐམད་ཅད་མཁྱེན་པ་མི་མཁས་པར་སྒྲུག་བ་ལུངདང་འགལ། བླ་མའི་མཁྱེན་བརྩེ་ནུས་གསུམ་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་དང་དབྱེར་མེད་དུ་མོས་དགོས་པ་དེ་མེད་པ་རིགས་པ་འགལ་བ་མ་རེད་དམ།
ཨ་ཁུ་འབྲོག་པས་མཆན་དེར་ངས་མོས་མཐུན་ཡོད། 👍
ཨེ་མ་ཧོ་ཟེར་མཁན་དེ་ཚོས་གྲས་མཚན་སྙན་གྲགས་ཅན་ཞིག་ལ་བསྟོད་ར་དང་། ལུང་བསྟན་ཚུལ་འབྲི་བ་དེ་དོན་དག་སོ་སོ་མཉམ་དུ་ཆེན་པོ་བཟོ་ཐབས་ཞིག་རེད། མ་ཟད་མཚན་ཉིད་ལྡན་པ་བླ་མ་དེ་ཚོ་ཕྱི་ནང་གི་ལམ་ལ་བར་ཆད་བཟོ་རྐྱེན་ཁོ་ན་ལས་གཞན་ཅི་ཐུབ།
ཤྲཱིཿཨེ་མ་ཧོ་མཆོག་ལ་ཞུ་བ།
ཟས་གཙང་སྲས་ཞེས་པ་འཚང་མ་རྒྱ་བ་དང་། སངས་རྒྱས་ཟིན་པ་གཉིས་ལ་འཇུག་དགོས་ཏེ།
འདྲེན་པ་མཉམ་མེད་ཟས་གཙང་སྲས། །དེའི་སྲས་མཁྱེན་དང་བརྩེ་བའི་བདག༏
ཅེས་པ་ལྟར། གཤམ་གསལ་བརྗོད་པ་འདི་ཉིད་སངས་རྒྱས་ཟིན་པ་ལ་དམིགས་པ་ཡིན་ན། དེ་ཉིད་མི་འཐད་པར་སེམས་སོ།
གནའ་དེང་མཁྱེན་རབ་ཟས་གཙང་སྲས་ལས་མཁས།།
ལ་དྭགས་སྐུ་ཞབས་ལགས། གསལ་ཁ་གཏོད་པར་ཐུགས་རྗེ་ཆེ། ང་ཡང་དེ་རང་བསམ་གྱིན་ཡོད།