རྔ་བ་ཀུན་བཟང་།
གངས་ལྗོངས་མ་ཡུལ་གྱི་གཅེས་པའི་གཅེས་ཕྲུག་ཚོ། བོད་ཡུལ་འདིའི་དུས་རབས་ཀྱི་དཀར་ཁུང་འོད་ཆེན་དང་འབྲེལ་ནས་མདུན་ཕྱོགས་ཀྱི་རྨི་ལམ་འཚོལ་དུས། ཁྱེད་རང་ཚོ་གང་ནས་ལངས་བཞིན་ཡོད། སུ་དང་གསོད་རེས་དང་རྡུང་རེས་བྱེད་བཞིན་གཞན་གྱི་མགྲོན་ཁང་ནས་འུར་སྒྲ་སྒྲོག་བཞིན་ཡོད། ཅི་ཞིག་ལ་མགོ་བོ་རྡུང་ཡང་རང་རིགས་ཡིན། རང་ཅི་ཞིག་ལ་ཞེ་སྡང་སྐྱེས་ཀྱང་རང་མི་ཡིན། ཐ་ན་སྲོག་ཤོར་ཡང་རང་ཁྱིམ་གྱི་གཅེས་ཕྲུག་མ་ཡིན་ནམ།
གཞོན་པ་ཚོ། ལྟོས་དང་། ཉོན་དང་། ངས་བཤད་པ་མི་བདེན་ནམ། ང་ཚོ་ཚང་མ་ཕུགས་བསམ་གྱི་ལམ་ནས་རྔུལ་ཆུ་བཞུར། མགོ་གཟེར། རྐང་བ་ན། སྤོབས་པ་ཞུམ། ཕ་ཕུལ་ཤོར། མ་ཕ་འདས། ཡོད་ཚད་འཇིགས་སྣང་དང་སྐྲག་སྣང་གི་དུས་སྐབས་ཡིན་པ་ཁྱེད་ཚོའི་ཤེས་དགོས་པ་དེ་རེད།
གཞོན་པ་ཚོ། ཁྱེད་ཀྱིས་མ་ཚོར་རམ། འུར་འུར་ཟིང་ཟིང་གི་ཁྲོད་ནས་གསོད་དགོས། རྡུང་དགོས་ཞེས་ཞེ་སྡང་གི་མེ་རླབས་འབར་དུས། མཐའ་འཁོར་ན་སུ་དང་གང་ཞིག་གི་དཔུང་བ་མཉམ་གཤིབ་གྱི་གདུང་འབོད་བྱེད་མཁན་འདུག་གམ། དེ་ཕྱིར་སྐྱོ་བ་ནི་ང་ཚོ་རེད། ཕམ་པ་ནི་ང་ཚོ་རེད། ན་བ་ཡང་ང་ཚོ་རེད། ཤི་བ་ཡང་ང་ཚོ་རེད། དེ་ལྟ་ནའང། བྱུང་བ་ཐམས་ཅད། སོང་ཚར་བ་ཤ་སྟག།།
གཞོན་པ་ཚོ། ཕྱི་མིག་མ་གཟིགས། གཟིགས་ཐུབ་ཀྱང་ཕན་མེད་རེད། ཕམ་ཁ་རེད། གདུང་བ་དེ་སྨྲ་ཐབས་བྲལ། གཞོན་པ་ཚོ།་ དེ་རིང་ང་སྡུག་བསྔལ་གྱི་བཙོན་ཁང་དུ་བསྡད་ནས་གདུང་འབོད་ཀྱིས་མཆི་མ་གཏང་བཞིན་ཡོད།
༢༠༡༩།༧།༢༣
སེམས་མ་ཕམ་མ་སྡུག་ཀུན་བཟང་མ།།
ཀན་རྫ་རི་བསྐོར་ནས་ཡོང་གི་རེད།།
སྐྱིད་ཉི་མ་ཁུར་ནས་ཡོང་གི་རེད།།
ཇ་ཚ་མོ་བསྐོལ་ནས་སྒུལ་ལ་སྡོད།།
སེམས་མ་ཕམ་མ་སྡུག་ཀུན་བཟང་མ།།
ཀན་རྫ་རི་བསྐོར་ནས་ཡོང་གི་རེད།།
སྐྱིད་ཉི་མ་ཁུར་ནས་ཡོང་གི་རེད།།
ཇ་ཚ་མོ་བསྐོལ་ནས་སྒུག་ལ་སྡོད།།
སེམས་མ་དགའ་མ་སྐྱིད་ཀུན་བཟང་མ།
།ཕ་མེད་པའི་མི་ཡུལ་ལུང་བ་ན།
།ཚེ་གང་བོ་མི་གཡོག་རྒྱུག་བཞིན་དུ།
།གཡོག་དྲེད་རྒྱགས་ལངས་པའི་རྙང་མ་དེ།
།གཉེན་ཉེ་བའི་མགོ་ལ་བཤོས་འབྲས་སུ།
།སྡུག་བཙོན་ཁང་ནང་ལ་མྱོང་བཞིན་ཡོད།
།ཇ་ཚ་མོ་ལྟ་ཅི་ཆུ་ཡང་དཀོན།
ལོ་ཉི་མས་བསྐོར་ནས་མྱོང་བཞིན་ཡོད།།
སྡུག་དུས་མི་ཡིས་མི་རྫོ་མེད། །
སྐྱིད་དུས་འགོ་འཕང་མར་ལ་ཕོབ།
སྡུས་དུས་འགོ་འཕང་ཡར་ལ་ཁྱོག།
སེམས་ཆུང་མ་བྱེད་ཀུན་བཟང་མ།