རྭ་རྒྱ་དཔལ་ལྡན།
ངའི་བོད་ཡིག་གང་དུ་ཡོད།
ཐོན་མིས་སྲོག་ལ་བརྗེས་ཡོང་བ་དེ།
ཞང་ཞུང་བས་སྨྲར་ཡིག་དུ་བྲིས་པ་དེ།
བཙན་པོས་བཀའ་ཤོག་དུ་ཕབས་པ་དེ།
སྲོག་ལ་བརྗེས་པ་དེ།
ལྡེབས་ལ་བྲིས་པ་དེ། གང་དུ་ཡོད།
ངའི་བོད་ཡིག་གང་དུ་ཡོད།
རྒྱ་གར་ལུགས་སུ་བཟོས་པ་དེ།
བོད་པའི་སྲོལ་ལ་བྲིས་པ་དེ།
སྲོག་ལ་བརྗེས་པ་དེ།
ལྡེབས་ལ་བྲིས་པ་དེ། གང་དུ་ཡོད།
ངའི་བོད་ཡིག་གང་དུ་ཡོད།
བཙན་པོའི་དམག་རྟའི་རྨིག་སྒྲ་ཅན་དེ།
བཎ་ཆེན་རིན་པོ་ཆེའི་དཔའ་སྐད་ཁྲོད་ཀྱི་དེ།
སྲོག་ལ་བརྗེས་པ་དེ།
ལྡེབས་ལ་བྲིས་པ་དེ། གང་དུ་ཡོད།
ངའི་བོད་ཡིག་གང་དུ་ཡོད་ཁྱེར་ལ་ཤོགས།
༢༠༡༩/༧/༣༠ཉིན།
གསར་འབྱོར་པ་དབྱིན་ཇི་མི་ཤེས་ཙང་ཕྲག་དོག་ཟ་བ་རེད། གཞན་ཅི་མ་རེད། ཧ་ཧ།
འབྲོང་གི་བུ་བརྒྱུད་ལགས་ཁྱབ་བསྒྲགས་སྐམ་པོ་རེའི་ནང་དོན་ལ་འཐོག་པའི་གསར་འབྱོར་དེང་སྐབས་དཀོན་པོ་རེད།
ཆེན་པོ་ཆེན་པོ་ད་རྙིང་འབྱོར་ཚོའི་ནང་དུ་ཡང་ཁ་ཁེར་རེད།
བོད་ཕྲུག་འདི་ཚོས་ཅི་ཟེར་གདའ་འོ། །
གཏམ་གླེང་བ་ཙམ་གྱིས་ཕྲག་དོག་བཤད། །
དོན་ཕན་པ་ཡོད་ན་ཤོད་དང་ཉོན། །
དོན་མེད་ཀྱི་གཏམ་མང་ཉུང་ན་དགེ །
ཁོ་ཚོ་ལ་ཁག་མེད་ཀི བོད་ཡིག་ཤེས་ཀི་མ་རེད། བྱས་ཙང་ཨིན་ཡིག་བྲིས་པ་རེད། འདི་བོད་ཀྱིས་མ་འཇོན་པ་རེད། བོད་ཕྲུག་ཚོར་ཁག་མེད་ཡ། ཀླུ་གཏོར་ཆུ་གཏོར་འདོན་སྤྱད་པོ་ཡི་གེ་འདིས་ཁ་ལག་སྤྲད་ནི་མ་རེད་ཡ། ཡི་གེ་ཞིག་སྦྱངས་ནའང་དངུལ་ས་ཡ་སྤྲོད་སྤྱད་པོ་ཡི་གེ་ཞིག་སྦྱང་མ་ཐུབ་ནའང་ལྟོ་རྒྱབ་གཉིས་འདང་རྒྱག་མེད་སྤྱད་པོ་ཡི་གེ་ཞིག་སྦྱང་དགོས་ཀི་ཨ།
ལྟོ་རྒྱབ་ཙམ་ད་ཕཱ་རེ་སའི་ཟམ་འོག་ནས་ཉལ་ན་རག་གི་རེད། ཡིན་ཡང་མི་རིགས་ཤིག་གི་ཚེ་སྲོག་རྟ་རྔ་ཙམ་པོ་འདི་ལྟོ་བ་བརྗེས་བཞག་ན་ཅི་འདྲ་འདུག
བོད་ཡིག་དང་བོད་སྐད་ཉམས་ཆགས་འགྲོ་བཞིན་པ་ནི་
དངོས་ཡོད་གནས་ཚུལ་རེད་ལ་ང་ཚོ་བོད་མི་བསམ་ཡོད་
ཚང་མས་སེམས་ཁྲལ་ཟེར་ན་ཡང་དེ་རེད་ལ་འགན་
འཁུར་ཟེར་ན་ཡང་དེ་ཡིན་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་
དང་རིག་གཞུང་གསོན་གནས་ཐུབ་པའི་འགན་འཁུར་ང་ཚོའི་
བླངས་མ་ཐུབ་ཚེ་ང་ཚོ་ནི་བོད་མི་རིགས་ཀྱིས་བླ་སྲོག་དང་
བཅས་པ་ཉམས་ཆགས་དང་རྩ་མེད་དུ་གཏོང་མཁན་གྱིས་
བོད་ཀྱི་མི་རབས་མཐའ་དེ་ཡིན་པ་ལོ་རྒྱུས་ཀྱིས་ངོ་སྤྲོད་བྱེད་
སྲིད་པ་མ་རེད་དམ?
བོད་ཡིག་དང་བོད་སྐད་དགོས་ན། བོད་ལ་རེད། ཨ་རི་ལ་མ་རེད།
བོད་མི་ཡིན་ནོ་ཅག་ལ་བོད་སྐད་ཡིག་སྲོང་བྱ་བས་འོ་འགེན་ཡོད་ ང་མ་བབ་ཁྱེད་ཀྱི་འགན་ཟེར་ས་དེ་འདྲ་བྱ་མཁེན་ཚོ་ནི་མི་རིགས་འདི་དང་འདིའི་སྐད་ཡིག་གི་དགྲ་བོ་རང་ཆག་ཡོད།
སྐད་དང་ཡི་གེ་གནས་བ་ཡིན་ན་རང་བཙན་དང་རངས་དབང་ག་རེ་དགོས་ཀྱང་རེགས་དངོས་རེད། དུས་ཀྱི་སྔ་འཆི་ཙམ་རེད།
སྐད་ཡིག་ལ་བདག་པོ་མི་བྱེད་པ་ལས་ནག་ཉེས་ཆེས་བ་ཞིག་མེད།
བོད་ཀྱི་སྐད་ཡིག་ལ་དུང་ཞེན་ཡོད་ན།
བོད་ཀྱི་སྐད་ཡིག་ལ་བརྩེ་བ་ཡོད་ན།
བོད་ཀྱི་སྐད་ཡིག་ལ་དགོས་མཁོ་ཡོད་ན།
སྐུ་ཉིད་བོད་ལ་ཕེབས་ཐབས་གནང་ཤོག
དང་པོ་ཁྱེད་རང་གིས་བོད་ཡིག་དག་ཆ་ཡག་པོ་སྦྱོངས། དེ་ནས་གཞན་ལ་ཤོད། དཔེར་ན། ཁྱེར་ཤོགས་མ་རེད་ཁྱེར་ཤོག་རེད། བཀའ་ཤོག་ཏུ་ཕབས་མ་རེད་བཀའ་ཤོག་ཏུ་ཕབ་རེད། ཤོགས་དང་ཕབས་གཉིས་ཀྱི་དོན་ཚིགས་མཛོད་དུ་ཚོལ།
དམྱལ་བ་བོ། ཁྱོའི་འདིས་ལས་ཀ་ལས་ཏ་ཡ། མི་འདང་ཚང་གི་གསལ་བསྒྲགས་ཨ་བ་མ་དེ་བསྐྱར་དུ་བོད་ཡིག་གིས་བྲིས་བཞག་ཏ། བརྡ་འཕྲིན་གྱི་ནུས་པ་ཟེར་གོ་ནོ་འདི་བསམ་གྱིས་མི་ཁྱབ་ཀི་ཡ།
བསོད་ནམས་རྡོ་རྗེ་ཡི་གེ་ནོར་བ་དེ་བདེན་པ་རེད་ངོས་ལེན་ཡོད། ཁྱེད་ཀྱིས་ཀྱང་ཚིགས་མཛོད་ཟེར་བ་དེ་ནོར་བ་རེད་ཚིག་མཛོད་ཟེར་དགོས། ངས་དག་ཆ་ནོར་བ་དེ་དག་ལ་རྩོད་པ་བྱེད་བཞིན་མེད། རྒྱུ་མཚན་དག་ཆ་ཙམ་ནོར་བ་དེ་རྒྱུན་ལྡན་ཟེར་ན་མི་འགྲིག་པ་ཆེར་མི་འདུག
རྒྱབ་སྐྱོར་ཡོད། བོད་མི་རིགས་ཟེར་ན་བོད་མི་རེ་རེ་ཡིས་གྲུབ་དགོས་པ་རེད། དེའི་སྐད་ཡིག་སྲུང་སྐྱོབ་ཀྱི་གཞི་རྩའང་མི་རེ་རེ་ནས་མ་བྱས་ན་སྤྱི་དང་ཚོགས་པ་ཟེར་བ་ཞིག་ག་ལ་འོང། དེ་ལྟའི་ལས་ཀ་བྱེད་སའང་བོད་མི་རེ་རེ་གང་དུ་གནས་པའི་ས་ཁུལ་ཡིན་པ་ལས་བོད་ནང་ཁུལ་ཡིན་དགོས་དོན་མེད། བོད་ཀྱིས་འཇོན་མ་འཇོན་ཟེར་ནའང་མི་སྒེར་ལ་རགས་ལས་པར་མ་ཟད་གཞོན་སྐྱེས་ཚོ་ལ་དེ་བས་ཀྱང་འགན་ཁུར་ཆེན་པོ་ཡོད། སྐད་ཡིག་དེས་ལྟོ་སྤྲོད་དང་མི་སྤྲོད་ཟེར་བ་ནི་དེ་བཀོལ་མཁན་གྱི་མིའི་རྣམ་དཔྱོད་དང་འབད་བརྩོན་ལ་རགས་ལས་པ་རེད། མ་གཞི་ནས་མི་རིགས་ཟེར་བ་འདི་བརྟན་པོར་གནས་དགོས་ན་དེའི་སྐད་ཡིག་གསོན་པོར་གནས་དགོས་པ་ནི་གཞི་རྩའི་ཆ་རྐྱེན་རེད། རང་གི་ཡི་གེ་བྲིས་ནས་དག་ཆ་སོགས་ནོར་ནའང་གང་ནོར་བ་དེ་རང་གི་ཡི་གེ་རེད། དེ་ཡང་ཚད་ངེས་ཅན་ཞིག་ནས་བཤད་ན་ཡག་པོ་རེད།
ལས་ངན་ཚོ། གསར་འབྱོར་དང་རྙིང་འབྱོར་གྱི་སྐད་ཆ་མང་པོ་མ་བཤད་ན་བཟང་། དེ་ལས་ང་ཚོ་གསར་རྙིང་ཚང་མ་རྒྱལ་ཁབ་མེད་པའི་གཞན་རྟེན་གྱིས་འཚོ་བར་རོལ་བའི་སྐྱབས་བཅོལ་བ་ཞིག་ཡིན་པ་མ་བརྗེད།