ཆ་འགག་མེ་བསྟན།
ཁ་སང་དེ་རིང་དྲ་ཐོག་སོགས་ནས་བོད་མི་སྐྱབས་བཅོལ་བའི་གནས་ཚུལ་དྲ་ལམ་ཁག་ཏུ་མུ་འགོད་དང་། ཁྱབ་སྤེལ་བྱེད་མཁན་ཁག་ཅིག་འདུག དོན་ངོ་མའི་གནས་སྟངས་དེ་འདྲ་ཞིག་མ་རེད། གུར་བརྒྱབ་སྟེ་ཤིང་ནགས་གསེང་ནས་བསྡད་ཡོད་ན་ཡང་། དེ་ལ་བཟའ་བཏུང་དང་སྡོད་གནས་སོགས་ཀྱི་དཀའ་ངལ་འཕྲད་ནས་བསྡད་པ་དང་། ཡང་ན་ཧྥ་རན་སིའི་གཞུང་གིས་བདག་པོ་མ་བརྒྱབ་པ་དེ་འདྲ་གཏན་ནས་མིན་པས། དེའི་དགོས་འདུན་དང་དམིགས་ཡུལ་ཤེས་པའི་ཐོག་ནས་ཕྱག་རོགས་ཞུས་ན་ལེགས་སྙམ།
ཧྥ་རན་སིའི་གཞུང་ཕྱོགས་ནས་ད་ལྟའི་བར་དུ་བོད་མིའི་ཐོག་འཛིན་སྟངས་ཡག་པོ་ཡོད་ལ། བོད་མི་སྐྱབས་བཅོལ་བ་ཞིག་ལ་ད་ལྟའི་བར་དཀའ་ངལ་གང་ཡང་འཕྲད་མྱོང་མེད་པ་ཤེས་དགོས།
གུར་ནང་དུ་བསྡད་ཡོད་པའི་བོད་མི་དག་ལ་མཚོན་ན་ཕ་ཡུལ་གཅིག་པ་དང་། གཞིས་ཆགས་གཅིག་པ། གྲོགས་པོ། གྲོགས་མོ། ཐ་ན་ངོ་ཤེས་པ་གཅིག་ཀྱང་མེད་མི་སྲིད་པས། གུར་ནང་དུ་བསྡད་ཡོད་མཁན་བོད་མི་དག་གིས་ཀྱང་རང་ཉིད་ཀྱི་དམིགས་འདུན་ལྟར་བདེ་ལེགས་ངང་འབྱོར་ཡོད་བསམ་པ་མ་གཏོགས། ཁོང་ཚོ་དཀའ་ཁག་ཆེན་པོའི་གནས་སུ་ལྷུང་ཡོད་པ་ཞིག་བློ་ཡུལ་ལ་ཤར་མེད། ཡིན་ཡང་འདི་གར་གནས་སྡོད་བྱེད་མཁན་མི་སྒེར་ལྷག་བསམ་ཅན་རེ་འགས་སེམས་སྟེང་ནས་མང་ཉུང་དང་ཆེ་ཆུང་ལ་མ་ལྟོས་པར་རོགས་རམ་གནང་བར་བསྔགས་བརྗོད་དང་ཡི་རང་ཞུ་རྒྱུ་ཡིན།
ཡང་ཚོགས་སྡེ་རེ་ཟུང་དང་། མི་སྒེར་ཆབ་སྲིད་པ་རེ་ཟུང་གིས་ཁོང་ཚོས་རོགས་པ་བྱས་ཡོད་མདོག་གིས་དྲ་ལམ་ཁག་ལ་ཁྱབ་སྤེལ་གནང་བ་མ་གཏོགས། བོད་པ་སྐྱབས་བཅོལ་བ་ཚོའི་ཐོག་དཀའ་ངལ་གཞན་དང་མི་འདྲ་བ་ཞིག་སླེབས་ཡོད་པ་མ་རེད།
ལྷག་པར་དུ་སྤྱི་ཚོགས་དྲ་ལམ་ཁག་དང་། སྐད་འཕྲིན་སོགས་ཀྱི་རྒྱབ་མདུན་ལ་ཁྱབ་སྤེལ་བྱས་པ་དེ་རྒྱ་ནག་གཞུང་གི་མདུན་དུ་ང་ཚོའི་ངོ་ཚ་ཞིག་རེད་ལ། རྒྱ་གཞུང་ལ་མཁོ་བའི་གནས་ཚུལ་ཞིག་རིན་མེད་ཐོག་སྤྲད་པ་འདྲ་བོ་ཆག་འདུག་སྙམ།
ཁོང་ཚོའི་རེ་བ་ངོ་མ་དེ་སྐྱབས་བཅོལ་ཡིག་ཆ་དང་། སྡོད་གནས་ཁང་བ་སོགས་གང་མགྱོགས་རག་རྒྱུ་དེ་རེད། དེ་ནི་ཧྥ་རན་སི་གཞུང་གིས་མ་གཏོགས་སུ་གང་གིས་ཀྱང་རོགས་པ་བྱེད་ཐུབ་མེད་པ་གསལ་བོ་ཤེས་དགོས།
སྐྱབས་བཅོལ་ཡིག་ཆ་མ་རག་པའི་སྔོན་ལ་བརྒྱ་དང་བཅོ་ལྔ་(༡༡༥)སོགས་བརྒྱུད་ལམ་ཁག་ལ་འབྲེལ་བ་བྱ་ས་ཡོད་ལ། བརྒྱུད་ལམ་དེ་དག་གི་ཁོངས་སུ་བཟའ་བཏུང་དང་སྡོད་གནས། གཟུགས་པོ་འཁྲུད་བྱེད་འདག་རྫས་ལ་སོགས་པའི་མཐུན་རྐྱེན་དུས་ལྟར་གནང་གིན་ཡོད།ཡིན་ན་ཡང་བོད་པ་ཚོས་ཧྥ་སྐད་དང་ཧྥ་ཡིག་མི་ཤེས་པས་བརྒྱུད་ལམ་ཁག་དེ་དག་ལ་འབྲེལ་བ་བྱེད་མ་ཐུབ་པར། ཤིང་ནགས་གསེང་དུ་གུར་བརྒྱབ་ནས་སྡོད་རྒྱུ་དེ་བདམས་པ་རེད། ཚང་མ་མཉམ་དུ་ཤིང་ནགས་གསེང་དུ་བསྡད་པ་ཡིན་ན་བློ་བདེ་པོ་འདྲ་ཡོད་སྲིད། ཡིན་ཡང་དེ་ནི་ནོར་འཁྲུལ་ཞིག་ཏུ་མཐོང་།
ཧྥ་རན་སི་ལ་མཚོན་ན་ཡུ་རོབ་ནང་དུ་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པར་མ་ཟད། དཔལ་འབྱོར་དང་རིག་གཞུང་གང་ཐད་ནས་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཞིག་ཡིན་ལ། ༧གོང་ས་མཆོག་གཙོས་མི་རབས་རྒན་པ་དག་གི་ཡ་རབས་བཟང་སྤྱོད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཧྥ་རན་སིའི་གཞུང་ཕྱོགས་ནས་བོད་པའི་ཐོག་གཟིགས་སྣང་ཡག་པོ་ཡོད་པ་ཡང་ཤེས་གལ་ཆེ་བར་སྙམ།
ཧྥ་རན་སིར་གནས་སྡོད་ཆ་འགག་མེ་བསྟན་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༣ ལ།
ཧ་ཧ་དེ་ན་ཧྲ་གི་ཡ། ཤིང་ནགས་དང་གུར་ནང་ནས་ང་ར་འདུག་འདོད་ཡོད་ཡ།
ཏོག་ཙམ་དཀའ་ཚེག་ཕྲད་ཡག་ས་རེད། དེ་ནས་སེམས་དུལ་ཐུབ་ཀྱི་རེང། དེ་མིན་ནང་འཁྲུགས་ཅང་རྒྱབས་ནས་ཉེན་ཁ་འདུག་་་སྦ་གུར་ནང་ལ་བསྡད་མྱོང་བས། གུར་ནང་ལ་བསྡད་ན་ཡང་སྐྱོན་མེད།
མི་ཚེ་སྦྲ་གུར་ནང་སྐྱེལ་མཁན་ལ་འབྲོག་པ་ཟེར་བ་དང་འབྲོག་པ་
ནི་ཙ་བཟང་ས་དང་ཆུ་ཞིམ་སར་དུད་འགྲོ་སེམས་ཅན་གསོ་སྐྱོངས་
ལ་འཚོ་བའི་འགན་འཁུར་བྱེད་མཾཁན་ལ་འབྲོག་པ་ཟེར་བ་དང་
བོད་ཆོལ་ཁ་གསུམ་ནང་འབྲོག་པ་ཡོད་ལ་འཛམ་གླིང་གི་ལུང་པ་
ཚང་མའི་ནང་འབྲོག་པ་ཡོད་ལ་དོན་དངོས་ནི་ཆེས་སྔ་བའི་དུས་སུ་
གླིང་འདིར་མི་གི་འགྲོ་བ་འཕེལ་སྐབས་འབྲོག་གི་རྣམ་པའི་ཐོག་ནས་
མི་གི་འགྲོ་བ་འཕེལ་བ་དང་རིམ་པས་ཡར་རྒྱས་ཕྱིན་ནས་ཞིང་ལས་དང་
ཚོང་ལས་དང་བཟོ་ལས་འཛུགས་བསྐྲུན་སོགས་རྒྱུད་ནས་ཐོག་མའིའབྲོག་གི་རྣམ་པ་དེ་ཉུང་དུ་ཕྱིན་པ་ནས་ད་ལྟའི་སྐབས་ལ་འབྲོལ་ལས་གཉེར་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད།
༄༅། བཀའ་དྲིན་ཆེན་པོ་རྒྱ་གར་འཕགས་ཡུལ་རེད། ག་པར་བསྡད་ཀྱང་ག་པར་འགྲོ་ཡང་རུང།
དྲི་བརྕད་དོགས་ཟོན་བྱེད་མཁན་སྤུ་ཙམ་མེད། ཕྱི་རྒྱལ་ཕྱི་རྒྱལ་ཟེར་ནས་སྐད་གྲགས་ཆེ་།
ད་རིང་འབྱོར་ནས་སོང་ཉིན་ཁང་གླ་བསྡུ། རང་ལས་རང་ཁ་གསོ་ཐུབ་མེད་ན་ནི།
ལམ་ཀའི་ཟུར་དུ་མི་ཉལ་ཀ་མེད་རེད། བཀའ་དྲིན་ཆེ་དང་མི་ཆེ་རང་ཉིད་རེད།
རང་ཉིད་རང་ལ་མ་དངུལ་མེད་ན་ནི། མི་སུ་གཅིག་གི་རོགས་སྐྱོར་བྱེད་ནཁན་མེད།
ཕྱི་རྒྱལ་མ་བསྟོད་རྒྱ་གར་ཅི་ནས་སྨད། བཀའ་དྲིན་ཆེ་བ་འཕགས་ཡུལ་རྒྱ་གར་་རེད།
ནམ་ཡང་མ་བརྗེད་སེམས་ནང་ངེས་པར་འཇོག།
སྔ་མོ་བོད་ཀྱི་གཏམ་དཔེ་ལ།
འགྲོ་རྒྱུ་མང་ན་སྡོད་ས་ཤོར།
ཟ་རྒྱུ་མང་ན་སྐྱུགས་རྒྱུ་མང།
བཤད་རྒྱུ་མང་ན་གཏམ་རྒྱུ་མང།
ལབ་རྒྱུ་མང་ན་གླེང་རྒྱུ་མང།