བདེན་པའི་ང་རོ།
ཁྱེད་ཅག་གིས་མཐོང་ཡོད། ཁྱེད་ཅག་གིས་རིག་ཡོད། ཞང་ཀང་པས་རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ལ་ངོ་རྒོལ་དང་མཚངས་འབྱིན་བྱས་པའི་ཟླ་ངོ་འདི་དག་རིང་ལ། རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱིས་གཡོ་སྒྱུ་རབས་དང་རིམ་པ་འཐེན་ནས་ནག་པོ་བདུད་ཀྱིས་ཆོ་འཕྲུལ་བསྟན་པ་ལྟར། དམངས་གཙོ་ལ་དད་ཅིང་རང་དབང་གི་ཉི་མ་གཙུག་ཏུ་བཀུར་བཞིན་པའི་ཞང་ཀང་པའི་འཚེ་མེད་ཞི་བའི་ངོ་རྒོལ་མཐའ་དག་དྲག་སྤྱོད་ཀྱི་རྣམ་པར་སྒྱུར་ཐབས་བྱས་དང་བྱེད་ཀྱིན་པ་ནི། ཀླད་པའི་ནང་དུ་རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱི་དུག་ཆུ་མ་འཛུལ་བའི་གནམ་འོག་གི་སྐྱེ་བོ་ཀུན་གྱི་སེམས་ལ་གསལ་གསལ་ཐིང་ཐིང་ཡིན། རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱིས་ང་ཚོ་བོད་ཀྱི་མགོ་ལ་སྡུག་མ་བཀོལ་བ་ཞིག་མེད། ང་ཚོ་ད་ལྟའང་ད་དུང་གསོན་ཡོད་པ་ནི་རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱིས་ང་ཚོ་མ་བསད་པ་མ་ཡིན་པར། ང་ཚོའི་སྙིང་སྟོབས་དང་ང་ཚོའི་དཔའ་སྤོབས་ཀྱིས་ང་ཚོ་འཆི་རུ་མ་བཅུག་པས་ཡིན། ལྟོས་དང་། རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱིས་ད་དུང་ང་ཚོ་བོད་ཀྱི་མགོ་ལ་དམྱལ་ཁམས་ལས་ཐུ་བའི་སྡུག་བཀོལ་ནས་བོད་ཆོས་ལྡན་གྱི་ཞིང་ཁམས་ནི་དམྱལ་ཁམས་སུ་བསྒྱུར་ཡོད།
ང་ཚོ་བོད་པ་རྣམས་གཞིས་བྱེས་གཉིས་སུ་གྱེས་ནས་སྡུག་བསྔལ་དང་མུན་ནག་གི་ནམ་ཟླ་རིང་མོ་འགྲིམས་དང་འགྲིམ་བཞིན་པའི་སྐབས་སུ། འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ལ་དད་པ་བརྟན་པའི་ཞང་ཀང་པས། རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱི་རྩིབ་རུས་ཀྱི་ཉེ་སར་བཅར་ནས་ལག་ཏུ་གངས་སེང་གི་དར་ཆ་འཕྱར། ངག་ནས་རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱིས་བོད་པར་སྡུག་བཀོལ་བ་ལ་མཚངས་འབྱིན་དང་སུན་འབྱིན་དྲག་པོ་བྱས་ཡོད། ལྟོས་དང་། ངོ་ཚ་སྤུ་ཙམ་ཡང་མེད་པའི་རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་འདིས་ང་ཚོ་བོད་པའི་མགོ་ལ་བཀོལ་བཞིན་པའི་སྡུག་དེ་ད་ལྟ་མངོན་སུམ་འཛེམ་མེད་ཀྱིས་ཞང་ཀང་པའི་མགོ་ལ་བཀོལ་བཞིན་ཡོད་པ་ནི། ང་ཚོས་མིག་གིས་རིག་བཞིན་པ་འདི་དང་། ང་ཚོས་རྣ་བས་ཐོས་བཞིན་པ་འདི་རེད་པས། དེ་རིང་ང་ཚོ་བོད་པ་རྣམས་འཇིགས་ཞུམ་མེད་པར་ཡར་ལངས་ཏེ་མགོ་བོ་ཁྲག་གིས་བརྫིས་ཡོད་པའི་ཞང་ཀང་པའི་ཆེད་དུ་བདེན་པའི་ངར་སྐད་བསྒྲག་དགོས། གནམ་འོག་གི་འགྲོ་བ་མིའི་རིགས་ཡོད་དོ་ཅོག་ལ་གསལ་པོ་ཤེས་སུ་འཇུག་དགོས། འདི་ནི་རང་དབང་གི་ཆེད་དུ་རང་ཉིད་ཀྱི་བླ་སྲོག་ཀྱང་མེ་ལ་བསྒྲོན་ནས་དཀའ་ལས་རྒྱག་བཞིན་པའི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་རང་བཞིན་གྱིས་འཁྲི་བའི་འགན་ཡིན།
བདག་གི་སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། དེ་རིང་ཞང་ཀང་པའི་ཆེད་དུ་ཡར་ལངས་ནས་བདེན་པའི་ངར་སྐད་སྒྲོག་རོགས། འདི་ཙམ་གྱིས་ང་ཚོས་ཞང་ཀང་པའི་དྲིན་ལན་འཇལ་ཐུབ་པ་མིན་མོད། འོན་ཀྱང་འདི་ཙམ་ནི་ང་ཚོས་ཞང་ཀང་པར་དྲིན་ལན་འཇལ་སྟངས་ཤིག་ཡིན་ལ། ཡང་གཅིག་བཤད་ན། འདི་ཙམ་ནི་ང་ཚོས་རང་ཉིད་ལ་དྲིན་འཇལ་སྟངས་ཤིག་ཡིན་ཀྱང་སྲིད། བདག་གི་སྙིང་ཉེ་ཞིང་མཛའ་བརྩེ་ཟབ་པའི་བོད་རིགས་སྤུན་ཟླ་ཕོ་མོ་རྣམ་པ། དེ་རིང་ང་ཚོ་ཚང་མས་འདི་ནས་འཇིགས་ཞུམ་སྤུམ་ཙམ་ཡང་མེད་པར་བདེན་པའི་ཆེད་དུ་བདེན་པའི་ངར་སྐད་བསྒྲགས་ཏེ་ཞང་ཀང་པའི་མགོ་ཐོག་ཏུ་ཅིས་ཀྱང་ཡོང་མི་འོས་པའི་སྡུག་ཅིག་ཡོང་བཞིན་པ་འདི་གནམ་འོག་གི་དྲང་བདེན་ལ་དགའ་བའི་སྐྱེ་བོ་ཀུན་ལ་ཤེས་སུ་འཇུག་དགོས། ཆེས་མཐའ་མཇུག་ཕམ་ནས་དམྱལ་ཁམས་བཅོ་བརྒྱད་ཀྱི་འོག་ཏུ་འཇུག་དགོས་པ་དེ་ནི་རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ཡིན་པས། དུས་ཚོད་སྔ་ཕྱི་ཙམ་གྱི་ཁྱད་མ་གཏོགས། རྒྱ་གུང་ཁྲན་སྲིད་དབང་སྒེར་གཅོད་རུ་ཚོགས་ནི་ལོ་རྒྱུས་ཀྱི་སྙིགས་ཟོམ་དུ་འཕངས་ནས་འགྲོ་བ་མིའི་རིགས་ཀྱི་རང་དབང་གི་ལོ་རྒྱུས་ལ་བྱབས་ཁྲུས་གཙང་མ་ཞིག་བྱ་དགོས་པ་ནི་ལྡོག་ཏུ་མེད་པ་ཞིག་ཡིན།
བདེན་པ་རྒྱལ་ལོ། །རང་དབང་རྒྱལ་ལོ། །ཞང་ཀང་པ་རྒྱལ་ལོ། །
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ཚེས་ ༡༢ ཉིན།
བོད་ཀྱི་རྒྱལ་ས་གཉིས་པ་རྡ་རམ་ས་ལ་ནས།
གཏན་ནས་བོད་པ་ཚོས་གྱད་འགྲོགས་བྱེད་མིན་ཉམས། ཞང་ཀང་གི་རྒྱ་མི་རིགས་དང་བོད་མི་གཉིས་ཀྱི་གནས་བབ་མི་མཚུངས་པ་ཤེས་དགོས། ཁོང་ཚོ་ཤ་ཁྲག་གཅིག་ལས་ཁྱབ་པའི་མི་རིགས་གཅིག་ཡིན་ལ། སྐད་དང་ཡི་གེ་ཡང་གཅིག་ཡིན། རྒྱ་ནག་དམར་པོའི་གཞུང་འཛིན་རྣམས་པའི་བོད་མི་ཐོག་ལ་ཐོབ་ཐང་དང་རིན་ཐང་གང་ཡང་མེད་པར། བོད་མི་གཅིག་བསད་པ་ནི་ཁྱི་ཞིག་བསད་པ་བཞིན་གནས་ཡོད་མཁྱེན་དགོས་པ་རེད། ལྷག་པར་དུ་ང་ཚོས་སྐབས་འདིར་གཟབ་དགོས་པ་ནི་རྒྱ་ནག་དམར་པོའི་གཞུང་འཛིན་པའི་ཁ་ནང་དུ་ལྕེ་འཇོག་མི་ཉམས་པ་དེ་རེད། བོད་མི་གཅིག་གི་ཚེ་སྲོག་ཡིན་འཚོ་དགོས།
ཁ་སང་གི་རེ་གཟའ་སྤེན་པའི་ཉིན་ཧོང་ཀོང་ལ་རོགས་རམ་བྱེད་བསམ་ནས་ནིག་ཡོག་རྒྱ་ནག་གཞུང་ཚབ་མདུན་ལས་ངར་ཤུགས་ཀྱིས་སྐད་འབོད་བྱེད་རོགས་བྱས་པ་ཡིན། སྐབས་དེར་རྒྱ་དགའ་མ་རྒྱ་མི་མང་པོ་ཡོང་ནས་ང་ཚོར་ཏོག་ཙམ་མིན་ནས་བསད་སོང་། ཧ་ཧ་
རྒྱ་དམར་པི་ཆོས་མེད་ཀླ་ཀློ་རེད། བོད་ཆོས་ཡོད་རྩ་ཁོག་བཏང་རིམ་བཞིན་བཏང།
བོད་ཡུལ་ལྷ་སྲུང་ཡོད་དོ་ཅོག། དུས་དེང་སང་གང་དུ་བཞུགས་ཡོད་དམ།
བོད་གངས་ལྗོངས་སྔུག་བསྔལ་གཟིགས་ཡོད་དམ། དེ་བསྐྱོབ་པའི་མཐུ་ནུས་མེད་དམ་ཅི།
མཐུ་ནུས་པ་མེད་ན་སླད་ཕྱིན་ཆད། ཁྱེད་རྣམས་ལ་རེ་གསོལ་ཞུས་ཅི་ཕན།
ཇ་མ་ལགས། ཁྱེད་ཚོ་ངར་ངར་ཀི་ཡ། རྒྱ་ནག་གཞུང་ལ་རྒོལ་མཁན་ཚང་མ་ཕྱོགས་གཅིག་ཏུ་བསྡོམས་ནས་རྒོལ་དགོས་ཡ། རྒྱ་ནག་གཞུང་ནི་འཛམ་གླིང་གི་སྤྱི་དགྲ། རྒྱ་མི་རིགས་ཀྱི་ནང་དགྲ། བོད་གངས་ཅན་པའི་སྒོས་དགྲ། ནང་བསྟན་གྱི་ཞིང་བཅུ་ཚང་བའི་དགྲ་བོ་རེད། སྐད་ཅིག་ཉིད་ལ་ཕམ་པར་མ་བརྒྱབ་ན། མིའི་རིགས་ལ་ཞི་བདེ་ཡོད་རྒྱུ་མ་རེད།
ཨ་དར་འཇིགས་དབང་ལགས། ཆོས་མེད་སྨྲ་བའི་རྒྱ་ནག་གཞུང་ལ་ཆོས་སྐྱོང་སྲུང་མ་བསྐུལ་མ་བསྐུལ་མེད། མི་དངོས་སུ་སོང་ནས་རྒོལ་དགོས་ནི་རེད།
རྒྱ་གར་རང་བཙན་ཉིན་མོ་སྲུང་གཙི་བྱས།
བོད་ཀྱི་དུས་བབ། ཆུ་ཚོད་ ༡༢ སྔོན་ལ། རིག་པ། (༡)
རྒྱ་གར་རང་བཙན་སྲུང་གཙིའི་ཉིན་མོ་དང་བསྟུན་སྲིད་སྐྱོང་མཆོག་གིས་བོད་མི་ཚོས་ཧོང་ཀོང་མི་མང་གི་ཁྲིམས་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་སོང་།
སྔ་དྲོའི་ཆུ་ཚོད་ ༩ ཙམ་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཐོག་ཁང་གི་མདུན་ཐང་དུ། རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་རང་བཙན་ཐོབ་ནས་ལོ་ངོ་ ༧༣ འཁོར་བའི་ཉིན་མོ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་སྲི་ཞུ་བ་ཁག་ཅིག་བཅས་འཛོམས་ཏེ། རྒྱ་གར་གྱི་རྒྱལ་གླུ་གྱེར་ཏེ་རྒྱལ་དར་སྒྲེང་འཛུགས་གནང་སོང་།
མཛད་སྒོའི་རྗེས་སྲིད་སྐྱོང་མཆོག་ནས། རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༧༣ འཁོར་བའི་ལོ་གལ་ཆེན་ཞེ་དྲག་རེད། ༧གོང་ས་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་མི་མང་ཤོས་རྒྱ་གར་ནང་གནས་ཡོད་པར་བརྟེན། ང་ཚོའི་འཐབ་རྩོད་དང་ཆོས། རིག་གཞུང་དང་སྐད་ཡིག་བཅས་སྲ་ཐག་གནས་ཡོད་པ་དེ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཡིན་པས། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་གར་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཐད་བྱ་བ་ལམ་ལྷོང་དང་ཡར་རྒྱས་འགྲོ་བར་ཤོག་ཅེས་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།
དེ་བཞིན་སྲིད་སྐྱོང་མཆོག་ནས་ད་ལྟའི་ཧོང་ཀོང་གི་གནད་དོན་དང་འབྲེལ་ནས། འཚེ་བ་ཡིས་གནད་དོན་ཇེ་སྡུག་ཏུ་གཏོང་བ་ལས་སེལ་མི་ཐུབ་པས། ༧གོང་ས་མཆོག་ནས་གསུང་བཞིན་པ་ལྟར་ང་ཚོ་འཚེ་མེད་ཞི་བར་ཡིད་ཆེས་ཡོད་ལ། འཚེ་མེད་ཞི་བ་དང་གྲོས་མོལ་ནི་ཧོང་ཀོང་གི་གནད་དོན་སེལ་བའི་ཐབས་ལམ་ཉག་གཅིག་དེ་ཡིན་པས། ཞི་བ་དང་དམངས་གཙོའི་ལམ་ནས་འབྲེལ་ཡོད་ཚང་མས་གནད་དོན་སེལ་ཐུབ་པར་ངས་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་པ་དང་སྦྲགས། ཧོང་ཀོང་བར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་དང་། རྒྱ་ནག་གཞུང་གི་དམག་སྡེ་ཧོང་ཀོང་ས་མཚམས་ཁག་ཏུ་སླེབས་ཡོད་པའི་གནས་ཚུལ་ཐོན་ཡོད་པས། དྲག་པོའི་ལམ་ནས་ལས་འགུལ་གང་འདྲ་ཞིག་སྤེལ་པ་ཡིན་ནའང་ཕན་པ་གང་ཡང་མེད་སྐོར་སོགས་གསུངས་སོང་།
ཡང་དེ་རིང་གི་ཉིན་མོ་དང་བསྟུན་བོད་མིའི་འཐབ་རྩོད་སྐོར་ལ་དགོངས་པ་ག་འདྲ་བཞེས་ཀྱི་ཡོད་སྐོར་དྲིས་པར་སྲིད་སྐྱོང་མཆོག་ནས། ང་ཚོའི་འཐབ་རྩོད་དེ་༧གོང་ས་མཆོག་ནས་དུས་རྟག་ཏུ་གསུང་པ་བཞིན་བདག་ཉིད་ཆེན་མོ་གྷན་དྷི་མཆོག་ནས་འཚེ་མེད་ཞི་བའི་ལམ་གཞིར་བཞག་པའི་ཐོན་ནས་རང་བཙན་རག་པ་རེད། ང་ཚོ་ཡིན་ནའང་འཚེ་མེད་ཞི་བའི་ལམ་གཞིར་བཞག་ཐོག་བོད་མི་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་དང་དབུ་མའི་ལམ་གཞིར་བཞག་གི་སྲིད་བྱུས་ཐོག་རྩོད་ཀྱི་ཡོད་པས། རྒྱ་གར་ལ་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་ལམ་ལྷོང་བྱུང་པ་བཞིན། ང་ཚོའི་རེ་བ་ལའང་ཞི་བའི་ལམ་ནས་ང་ཚོའི་རྩ་དོན་འགྲུབ་པ་དང་བོད་ནང་གི་བོད་མིའི་མངོན་འདོད་འགྲུབ་པ། ༧གོང་ས་མཆོག་བོད་ནས་གདན་འདྲེན་ཞུ་ཐུབ་པ་དང་བོད་མིའི་གཞི་རྩའི་རང་དབང་རྣམས་བསྐྱར་གསོ་ཡོང་བར་ཤོག་ཞུ་ཡི་ཡོད། ཅེས་གསུངས་སོང་།
དེ་རིང་རྒྱ་གར་རང་བཙན་ཉིན་མོར་རྒྱལ་གར་རྒྱལ་ས་ལྡི་ལི་གཙོས་རྒྱ་གར་རྒྱལ་ཡོངས་ནང་ཉིན་མོ་དེ་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཉིན་གུང་དྷ་ཤོད་ཉེན་རྟོག་པའི་ཐང་ཆེན་དུ་དུས་ཆེན་སྲུང་གཙི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་སྐུ་མགྲོན་དུ་ཕེབས་གནང་གི་ཡོད་འདུག
གསར་འགོད་པ། ཀླུ་མགོན་ཐར།
འབྲེལ་ཡོད་གསར་འགྱུར།
https://tibet.net/2019/08/central-tibetan-administration-celebrates-indias-73rd-independence-day/?fbclid=IwAR2n_qxq7X_a9G9sWFQWJZ5tx5VeZxzeLc0CwAcgJh89To0aMJ43gz0LPJU
http://tibettimes.net/2019/08/15/179721/
ཞང་ཀང་པ་ལ་རོགས་བྱེད་འདོད་ན་དྲྭ་འབུ་གྱིས་དེ་ཐབས་ལམ་ཡག་ཤོས་རེད།
དེ་མིན་རང་ཉིད་གང་འགྲོ་མི་ཤེས། །
ཚེ་འདས་ལམ་སྟོན་མི་ཡོང་། །
དབྱིན་ཇིའི་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་ཧོང་ཀོང་དང་རྒྱ་ནག་
དབྱིན་ཇི་བཅས་རྒྱལ་ཁབ་གསུམ་བར་གན་ཡིག་བཞག་པའི་འབྲུ་དོན་
ལ་ཕྱོགས་ཚང་མས་འགན་འཁུར་དགོས་པ་ལས་གང་བྱུང་དུ་རྒྱབ་སྐྱོར་
བྱ་རྒྱུ་དང་གང་བྱུང་དུ་གདུང་སེམས་མཉམ་སྐྱེད་གནང་རྒྱུ་དེ་ཆབ་སྲིད་
རིག་པའི་ས་མཚམས་ལས་མ་འགལ་བར་འགན་འཁུར་བཞེས་མ་ཐུབ་ཚེ་
མགོ་ལས་རྨ་ཆེ་བ་བཟོ་སྲིད་པ་བཅས།
དེ་རིང་དགུ་བཅུ་གསུམ་གྱིས་སྣེ་ཁྲིད་པའི་བོད་མི་སྙིང་ཁམས་མཐོ་བ་དག་གིས་ཧང་ཀང་གི་ཁྱེད་དུ་ངར་སྒྲ་སྒྲོག་བཞིན་འདུག ཁྱེད་དེ་ན་ཡོད་པ། ཡོད་རྒྱུ་རེད་བརྒྱ་ཆ་བརྒྱ་ཡོད་རེད།100%
这个定中共为恐怖组织的白宫签名太重要了!我们要手把手的教会国内人都去签名
ཁྱོད་དཔེ་ཚོང་ཁང་ཞིག་གི་ནང་དུ་ཕྱིན་ཚེ། དེ་ན་མི་གཞི་ཀུན་སྤྱོད་སྐོར་གྱི་དཔེ་དེབ་མང་པོས་ཁྱོད་ལ་ཅེར་ནས་བསྡད་ཡོད། དཔེ་དེབ་དེ་དག་གིས་ཁྱོད་ལ་ཅི་ཞིག་བཤད་རྩིས་ཡིན་ནམ། མི་གཞི་ཀུན་སྤྱོད་སྐོར་ཡིན་པ་ཨ་ཅང་ཅང་། ཡིག་འབྲུ་འབུམ་ཕྲག་འབུམ་ཕྲག་དང་དཔེ་དེབ་བརྒྱ་ཕྲག་བརྒྱ་ཕྲག་གིས་བཤད་པའི་མི་གཞི་ཀུན་སྤྱོད་ནི་ཡིག་འབྲུ་རྡོག་མ་བཞིའི་ནང་དུ་བསྡུས་ཡོད་ཅིང་། ཡིག་འབྲུ་བཞི་པོ་དེ་ནི་’བདེན་པའི་རྒྱབ་ལངས་’ཟེར་བ་འདི་ཡིན། དེས་ན་བདེན་པའི་’བདེན་པའི་རྒྱབ་ལངས་’ཞེས་པའི་གོ་དོན་ཡང་སྟབས་བདེ་བོས་བཤད་ན། མཛུབ་མོ་འགུལ་ཐེངས་གཅིག་གི་ནང་ལ་བསྡུས་ཡོད། དེར་བརྟེན་ཁྱེད་ཀྱིས་མཛུབ་མོ་ཐེངས་གཅིག་འགུལ་ནས་མིང་རྟགས་ཤིག་འགོད་རོགས་གྱིས་དང་། འདི་ལ་’བདེན་པའི་རྒྱབ་ལངས་’ཟེར།
ང་ཚོ་བོད་པ་ཚང་ལ་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་༢༠༠༨ལོར་རྒྱ་དམར་གྱིས་ས་གྲགས་གནམ་གྲགས་བྱས་ནས་དྲག་གནོན་བྱས་པ་དྲན་པར་ཡོད་དམ། ད་དེ་རིང་ཧོང་ཀོང་གི་རྒྱབ་སྐྱོར་བ་ཚོས་རྒྱ་གཞུང་འཇིགས་སྐུལ་སྒྲིག་འཛུགས་ཡིན་པར་ཕོ་བྲང་དཀར་པོར་རེ་ཞུ་བྱེད་བཞིན་འདུག བོད་མི་ཚོས་གུང་ཁྲན་ཏང་ལ་དགྲ་ཤ་ལེན་པའི་དུས་ལ་བབས་འདུག ཚང་མས་དྲ་ཐོག་ནས་Emailཐོག་ནས་མཚན་རྟགས་བཀོད་ནས་མི་གྲངས་འབུམ་གཅིག་ལོངས་པར་ཆ་ཤས་ལེན་རོགས། ཧོང་ཀོང་ལ་དེ་ཕན་ཐོགས་ཆེ་བ་རེད་འདུག ཨ་རི་ནས་ཀྱང་གནོན་ཤུགས་སྤྲོད་པར་དྲང་བདེན་གྱི་རྒྱབ་རྟེན་དགོས་པ་རེད། ད་དེ་གནད་འགག་ཆེན་པོ་ཡིན་པས་ཚང་མས་རོགས་པ་གནང་རོགས། Call for Official Recognition of the Chinese Communist Party as a Terrorist Organization petitions.
https://petitions.whitehouse.gov/petition/call-official-recognition-chinese-communist-party-terrorist-organization
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཧོང་ཀོང་གི་ཛ་དྲག་གནས་སྟངས་དང་ཧོང་ཀོང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་ “བོད་ཧོང་ཀོང་མཉམ་དུ་ཡོད་” ཞེས་པའི་ཞི་བའི་ལས་འགུལ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུ་ཡི་ཡོད་པས་མི་མང་གང་མང་ཞིག་མཉམ་ཞུགས་ཡོང་བའི་འབོད་བསྐུལ་ཞུ།
TYC is organizing “Tibet with Hong Kong” peace parade movement in Delhi on 30th August 2019. Tibetans around Delhi are requested to join this peace parade to show our solidarity and support to Hong Kong brothers and sisters.
#noextraditionbill #FreeHongKong #Democracynow #tyc
ཐག་ཉེ་རིང་ཀུན་ན་བཞུགས་ཡོད་པའི་བོད་པ་ཚང་མ་ཕེབས་ཤོག ༢༠༠༨ ལོར་ང་ཚོ་དགྱ་ནག་གིས་དྲག་གནོན་བྱས་དུས་ཞང་ཀང་པས་ང་ཚོ་བོད་ལ་གདུང་སེམས་མཉམ་བསྐྱེད་བྱས་མྱོང་བས། ད་ལན་ང་ཚོས་ཞང་ཀང་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་དྲིན་ལན་གཞལ་དགོས།