འབྲོག་འཆང་།
བློ་དམན་ཉམ་ཆུང་གི་ཚོགས་ཀྱིས
ལག་གཉིས་ཐལ་མོ་སྙིང་ཀར་སྦྱར་ནས
དད་པ་དང་དུང་བས་འཁྲུངས་སྐར་བསུ
སྨོན་ལམ་དང་མཆོད་ཡོན་གྱིས་འཁྲུངས་སྐར་བསུ
གླུ་གར་དང་རོལ་མོས་འཁྲུངས་སྐར་བསུ
དགའ་བ་དང་བརྩེ་བས་འཁྲུངས་སྐར་བསུ་དུས
ཁྱེད་ཀྱི་བྱམས་བརྩེའི་ཞལ་རས་ལ
རྒྱས་ཉམས་གྱོན་པའི་དགོངས་གྲངས་དེ་བསམས་ན
ངང་གིས་ཚོར་བའི་སྐྱོ་སྣང་ཞིག
གཏིང་ནས་སྐྱེས་པའི་སྡུག་སྐད་འདི
༧གོང་ས་མཆོག ཁྱེད་རྒས་སོང་ན
ལྟོས་དང་ ང་ཚོས་ཅི་ཞིག་བྱ
ད་དུང་རྒས་མི་ཉན་ཡ
ང་ཚོའི་ཆེད་དུ་གཟི་བརྗིད་ཀྱིས་བཞུགས་དང་
ང་ཚོ་ཚང་མ་རང་ཡུལ་ལ
མཉམ་དུ་འགྲོ་ཐུབ་ཀྱི་རེད
གཞིས་བྱེས་མཉམ་འཛོམས་བྱུང་ན
ཅི་འདྲའི་སྤྲོ་སྣང་ཟབ་མོ་ཤུགས་ཀྱིས་མྱང་ཆོག་གི་རེད
༧གོང་ས་མཆོག ཁྱེད་རྒས་སོང་ན
ལྟོས་དང་ ང་ཚོས་ཅི་ཞིག་བྱ
ད་དུང་རྒས་མི་ཉན་ཡ
ང་ཚོའི་ཆེད་དུ་གཟི་བརྗིད་ཀྱིས་བཞུགས་དང་
མཐུན་སྒྲིལ་ནི་སྟོབས་ཤུགས་དང་
སྟོབས་ཤུགས་ནི་མཐུན་སྒྲིལ་གྱི་ནུས་པ
མཐུན་སྒྲིལ་མེད་པའི་ཕྱོགས་ལྷུང་ལ
སྟོབས་ཤུགས་ཀྱི་ནུས་པ་མེད་རབ་སོགས
ཁ་ནས་བཤད་ཚོད་ལ་བལྟས་ན
སྐྱ་ཆད་སྔོ་སྡུག་གི་སྐྱབས་བཅོལ་ལ
སྐྱིད་རྒྱུ་མེད་རབ་ཤེས་ནས
ཆོལ་ཁའི་ཕྱོགས་ལྷུང་སྤོང་ལ་ལོས་ཡོད
སྟོབས་ཤུགས་མཉམ་སྤུང་བྱེད་ལ་ལོས་ཡོད
ཕྱོགས་ལྷུང་འདི་སྤང་ཐུབ་སོང་ན
སྟོབས་ཤུགས་མཉམ་གནས་ཤིག་བྱ་ཐུབ་སོང་ན
ད་གཟོད་གཞིས་བྱེས་མཉམ་འཛོམས་ཀྱི་སྤྲོ་སྣང་
ཤུགས་ཀྱིས་མྱང་ཆོག་གི་རེད
༧གོང་ས་མཆོག ཁྱེད་རྒས་སོང་ན
ལྟོས་དང་ ང་ཚོས་ཅི་ཞིག་བྱ
ད་དུང་རྒས་མི་ཉན་ཡ
ང་ཚོའི་ཆེད་དུ་གཟི་བརྗིད་ཀྱིས་བཞུགས་དང་
ཡུལ་མི་མང་པོ་མང་པོ་ཞིག
གཞན་ཡུལ་གང་སར་འཐོར་ནས
ཁ་ལྟོ་སྡོད་གནས་ཀྱི་ཆེད་དུ
ཕན་ཚུན་ལ་དཔལ་འབྱོར་འགྲན་ཞིང་
འཚོ་གནས་དཀའ་སྡུག་གིས་ཉིན་མཚན་བྲེལ
བླ་བཙག་རྐང་འདྲེན་གྱི་ནང་འཁྲུག
ཇེ་མང་ནས་ཇེ་སྡུག་རེད་ལ
སྐད་ཡིག་དང་གོམས་སྲོལ་ཇེ་ཞན་ནས
མོག་མོག་ཏུ་འགྲོ་བཞིན་འདུག
འདི་ལྟར་མུ་མཐུན་དུ་སོང་ན
ང་ཚོའི་མི་རིགས་འདི་འགྱུར་ནས
ཁྱེད་ཀྱི་མཛད་རྗེས་དང་རེ་བ་སོགས་ནི
ཁ་སང་གི་ལོ་རྒྱུས་དང་
མདང་དགོང་གི་རྨི་ལམ་བཞིན་འགྱུར་ན
ཇི་འདྲའི་ལྗིད་ཏིག་ཏིག་གི
འགྱོད་གདུང་དྲག་པོ་ཞིག
༧གོང་ས་མཆོག ཁྱེད་རྒས་སོང་ན
ལྟོས་དང་ ང་ཚོས་ཅི་ཞིག་བྱ
ད་དུང་རྒས་མི་ཉན་ཡ
ང་ཚོའི་ཆེད་དུ་གཟི་བརྗིད་ཀྱིས་བཞུགས་དང་
ད་ལྟའི་གཞུང་གི་ཁ་ཕྱོགས་གཙོ་བོ
ལྔ་དང་ལྔ་བཅུའི་ལས་འཆར
དཔལ་འབྱོར འཛུགས་སྐྲུན
ནུས་ཤུགས་གསོག་ཉར་སོགས
རྩ་དོན་དུས་འགྱངས་གཏོང་བཞིན་པའི
ཐབས་ལམ་དང་སྲིད་ཇུས་འདིས
མི་རིགས་ལ་ཆགས་འཇིག་གི་རྒྱུ་རྐྱེད
འགྱུར་མི་སྲིད་པ་མ་རེད
༧གོང་ས་མཆོག ཁྱེད་རྒས་སོང་ན
ལྟོས་དང་ ང་ཚོས་ཅི་ཞིག་བྱ
ད་དུང་རྒས་མི་ཉན་ཡ
ང་ཚོའི་ཆེད་དུ་གཟི་བརྗིད་ཀྱིས་བཞུགས་དང་
གཞུང་གི་འཐབ་ཕྱོགས་གཅིག་གྱུར་འོག་ནས
རང་དབང་གི་ཡུལ་ལུང་གང་སར་གནས་པའི
གཞུང་དང་གཞུང་འབྲེལ་མ་ཡིན་པའི
ཚོགས་པ་རྣམས་ཀྱིས་མི་དམངས་ཀྱི་འགོ་ཁྲིད་དེ
གཞི་རྒྱ་ཆེ་བའི་རྩ་དོན་གྱི་ལས་འགུལ་ཞིག
མི་དམངས་དང་ད་ལྟའི་གནས་སྟངས་ལ
མཁོ་གལ་ཧ་ཅང་ཆེ་བར་བསམས་ནས
སྡུག་གཏམ་འདི་ངང་གིས་ཤོར་སོང་།
སྤྱི་ལོ་༢༠༡༩ཟླ་༧ཚེས་༦ཉིན་སྡུག་གཏམ་འདི་བྲིས།