༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ ཉིན་བོད་ནས་གནས་ཚུལ་འབྱོར་བར། ཕྱི་ཟླ་ ༩ ཚེས་ ༣ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ། རང་ལོ་༣༦ ཙམ་ཡིན་པ་ཁོང་ལ་རྔ་པ་ནས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ནི་ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཞིག་གི་མཚན་མོ་རང་ཤག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཅིང་། དེ་ནས་བཟུང་ད་བར་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་འདུག དེ་སྔོན་ཁོང་འཛིན་བཟུང་བྱས་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་རྐྱེན་གྱིས་ཡིན་སྐད་འདུག་ཀྱང་ཉེ་ཆར་ཁྲིམས་ཐག་གཅོད་སྐབས་ཉེས་མིང་ག་རེ་བཏགས་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།
ཁོང་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་གིས་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་པས། ད་ཐེངས་བཙོན་ཐག་བཅད་པ་དེ་ཐེངས་གཉིས་པ་ཡིན་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ ལ།
གྲ་བློ་བཟང་རྡོ་རྗེ་ཁྲིམས་བཅད་བཏང་འདུག་ཅེས་པ། གྲ་ཁོང་གི་ཁྲིམས་བརྒལ་གྱི་ལས་དོན་
གང་ཡང་སྤེལ་མེད་པ་ཀུན་གསལ་རེད།
རྒྱ་དམར་པོས་བོད་ཀྱིས་རི་བོ་ཟས་ནས་མ་རྒྱག་། བོད་ཀྱི་ཆུ་ཡོད་ཚད་བཏུང་ནས་མ་ངོམས་པར་གང་བྱུང་བོད་མིར་བཙན་གནོན་ཤ་སྟག་བཏང་
ནས་སྡུག་སྦྱོང་བཏང་གི་ཡོད་པ་ཁྲིམས་བརྒལ་ཆོས་མེད་ཀླ་ཀློ་དམར་གཞུང་རང་ནས་བྱེད་ཀྱི་
ཡོད་པ་རེད།
ཀྱེ་མ། བོད་ཀྱི་ལྷ་སྲུང་། ཡུལ་ལྷ་གཞི་བདག་རྣམས་གང་དུ་བཞུགས་སམ།
འཇིགས་དབང་ཟེར་བ་ཁྱོད་རྒྱུན་དུ་ལྷ་ཆོས་སྐྱོང་སྲུང་མ་དང་། ཡུལ་ལྷ་གཞི་བདག་ལ་ཟུར་ཟ་ཁོ་ན་བྱེད་ཀྱིན་པ། སྤྱིར་ན་ཁྱོད་ལ་ཆོས་ཀྱི་ཞག་རྩི་མེད་པས་ཅི་ཁག །འོན་ཀྱང་ཡིན་ལུགས་ངོ་མ་ཚིག་གསུམ་བཤད་ན་ལྐུགས་པའི་ཨུ་ཚུགས་མ་བྱེད་པར་ཉོན་དང་ཅུང་ཟད་ཕན་ནའང་ཐང་། ཆོས་སྐྱོང་སྲུང་མ་ཟེར་པ་དེ་ཆོས་བཞིན་དུ་འདུལ་བ་བཞིན་དུ་བྱེད་པའི་གང་ཟག་ཐར་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་སྲུང་བར་བཅོམ་ལྡན་འདས་དང་། གུ་རུ་པདྨ་འབྱུང་གནས་སོགས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་ལས། སྡིག་པ་བྱེད་པའི་གང་ཟག་ལ་འཕྲིན་ལས་སྒྲུབ་པར་ཁས་བླངས་པ་མེད། ཆོས་བཞིན་བྱེད་པའི་གང་ཟག་ལ་ཡང་། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གཉིས་ཡོད་པ་ལས། འཕྲལ་གྱི་རྐྱེན་ངན་བཟློག་པ་ལ་ཆོས་སྐྱོང་སྲུང་མ་མཐུ་རྩལ་ཆེ་ཡང་། སྔོན་གྱི་ལས་ངན་བཟློག་པ་ལ་ཆོས་སྐྱོང་སྲུང་མ་ལྟ་ཅི་སངས་རྒྱས་དངོས་སུ་བྱོན་ཡང་ཐབས་མེད། ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་པ་འདྲ་ཁྱོད་ཀྱིས་ཀྱང་གོ་ཡོད་སྲིད། ཡུལ་ལྷ་གཞི་བདག་ལ་ཡང་དཀར་ཕྱོགས་དང་། ནག་ཕྱོགས་གཉིས་སུ་ཡོད། ནག་ཕྱོགས་པ་རྣམས་ཀྱིས་སྡིག་པ་བྱེད་པའི་གང་ཟག་ལ་གྲོགས་བྱེད་ཀྱི་ཡོད་པ་གཞིར་བཅས། ཞིབ་ཕྲ་དགོས་ན་རྗེས་སུ་སྤྲོས་པས་ཆོག །