བྷ་སནཏ་ བྷ་ལབ་སོགས་ཀྱིས་བརྩམས། སྐྱོ་གྲགས་རིག་འཛིན་ཚེ་དབང་གིས་བསྒྱུར།
དཔྱད་རྩོམ་སྙིང་དོན།
ཞིབ་འཇུག་གི་དམིགས་ཡུལ།
ལ་དྭགས་ཀྱི་སྲོལ་རྒྱུན་གྱི་སྨན་ནི། ཉེ་བའི་གླིང་ཆེན་རྒྱ་གར་གྱི་ལུང་ཁུག་ཏུ་གནས་བཅའ་བའི་ལ་དྭགས་མི་མང་གི་ནད་རིགས་སྣ་ཚོགས་གསོ་བའི་ནུས་པ་ཆེན་པོ་ཡོད་པ་རེད། ཞིབ་འཇུག་འདི་གཉེར་བའི་དགོས་དོན་ནི། ས་གནས་སྔོ་སྨན་བཀོལ་སྤྱོད་ཀྱི་ཤེས་བྱ་དང་། སྲོལ་རྒྱུན་ལག་ལེན་ཐོག་ནས་སྔོ་སྨན་རིགས་གཅིག་མཁལ་མ་དང་གཅིན་ནད་སོགས་ལ་སྤྱོད་སྲོལ་གྱི་ཤེས་བྱ་རྣམས་བསྡུ་གསོག་བྱས་པ་བརྒྱུད། མགྱོགས་མྱུར་ཉམས་རྒུད་དུ་འགྲོ་བཞིན་པའི་སྲོལ་རྒྱུན་ལ་དྭགས་ཨེམ་ཆིའི་རིག་གཞུང་འདི་ཉིད་ཉར་ཚགས་ཐུབ་པའི་ཆེད་དུ་ཡིན།
རྒྱུ་ཆ་དང་ཐབས་ལམ།
ཞིབ་འཇུག་གི་རྒྱུ་ཆ་ནི་ལ་དྭགས་རྫོང་གླེ་དང་ཀར་གྷིལ་གྱི་གྲོང་གསེབ་ ༡༠༥ ཙམ་དང་། ཨེམ་ཆིའམ་སྔོ་སྨན་མཁས་པ་ ༤༧ དང་། བུད་མེད་ཐེ་བའི་གྲོང་གསེབ་ཀྱི་འགོ་དཔོན་དང་མི་རྒན་སོགས་ལ་ཐད་ཀར་བཅར་འདྲི་དང་། སྐད་ཆ་ཡང་ཡང་དྲིས་པ་སོགས་ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་ལོ་གསུམ་རིང་འདྲི་བརྩད་ཞིབ་འཇུག་བྱས་པ་ཡིན།
གྲུབ་འབྲས།
རྒྱ་གར་གྱི་ས་ཁུལ་ལ་དྭགས་ཀྱི་སྤྱི་ཚོགས་ནང་མཁལ་ནད་དང་གཅིན་ནད་སོགས་ལ་སྨན་དུ་བཀོལ་རུང་བའི་སྔོ་སྨན་གྲངས་ ༦༨ ཡོད་པ་ཤེས་རྟོགས་བྱུང་ལ། སྔོ་སྨན་དེ་རྣམས་ནི་ཀོང་ལི་དང་། ཤིང་ཚ། མེ་ཏོག་གླང་སྣ། གུར་གུམ། ཀ་ཀོ་ལ། སྨན་ཁྲོག ཀ་ད་པ། ཙན་དན། སྙིང་ཞོ་ཤ།།ཀ་ཀུ་བྷ་ཡ། ཀར་ཤའི་འབྲས་བུ། སྒ་སྨུག་སོགས་ས་མཐའི་སྨན་རྫས་དང་། རྡོ་སྨན་རིགས་དང་། གཏེར་དང་ཚྭ་སོགས་དང་སྦྱོར་སྡེབ་བྱེད་པ་ཡིན། ས་ཁུལ་དེར་བྱུང་སྐྱེན་པའི་ནད་ཁག་གཅིག་ནི་ཆབ་གཅིན་མ་བབས་པའི་ནད་དང་། གཅིན་གཏོང་སྐབས་ཚ་ཟུག་རྒྱག་པའི་ནད། མཁལ་མར་ཚ་བ་རྒྱས་པ་དང་ཁྲག་དོན་པ། ལྒང་པར་ན་ཟུག་རྒྱག་པ། ཆབ་གཅིན་འགག་པ་དང་། མཁལ་མར་རྡོ་ཆགས་པའི་ནད་བཅས་ཡིན།
མཇུག་སྡོམ།
ལ་དྭགས་ཀྱི་སྤྱི་ཚོགས་ཁུལ་གྱི་སྲོལ་རྒྱུན་གྱི་སྨན་གྱི་ནུས་པ་ཆེ་ཆུང་དང་། ཨེམ་ཆིའི་ངོས་ནས་ནད་པའི་ལོ་དང་། ཕོ་མོ། ནད་ཚབས་ཆེ་ཆུང་བཅས་ལ་གཞིགས་ཏེ་སྨན་བཅོས་ལག་བསྟར་སོགས་དང་། སྨན་གྱི་སྦྱོར་ཐབས། སྨན་གཏོང་སྟངས་བཅས་ཀྱིས་ཤེས་བྱ་གསར་པ་ཞིག་མཁོ་སྤྲོད་བྱེད་པ་ཡིན། སྤྱིར་ནས་སྨན་བཅོས་ལམ་ལུགས་དེ་ནི་ས་མཐའི་མི་སྡེའི་སྤྱི་ཚོགས་ཞིག་ཏུ་དར་ཁྱབ་ཆེ་ཡང་། སྲོལ་རྒྱུན་གྱི་སྔོ་སྨན་དེ་དག་དེང་རབས་དང་རྗེས་སུ་མཐུན་པའི་སྨན་རྫས་ཀྱི་གྲུབ་ཆ་དང་། ཚད་ལྡན་ངོས་འཛིན་ཐོབ་པའི་གོ་སྐབས་ཆེན་པོ་ཞིག་ཡོད་པ་ཡིན་ནོ༎
མ་རྩོམ་གྱི་འབྲེལ་ཐག https://doi.org/10.1016/j.jep.2008.04.022
བསྔགས་བརྗོད་ཡོད།
འཇིག་རྟེན་ཆགས་པའི་ཆགས་རབས་དང།
སྲོལ་རྒྱུན་གསོ་རིག་ཙ་སྨན་སོགས།
གསོ་དཔྱད་རིག་པའི་རྩལ་ངོམས་ནས།
སྐྱེ་འགྲོའི་ཁམས་དང་མོས་པ་ལ།
དུས་རབས་འདི་རུ་སླར་ཡང་མཁོ།
ངོ་མ་ཡག་པོ་འདུག།