རྒྱ་གར་གློག་བརྙན་(Kabhi Ajnabi The) སྐབས་ཤིག་ཆ་མེད་རྒྱུས་མེད་ཅེས་པའི་གླུ་ཞིག
Dil ki is dehleez tak
Jo mehmaan ban ke aaye
Jo mehmaan ban kea aaye
སེམས་ཀྱི་སྒོ་ཁ་འདི་བར་དུ།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
Sham ki tanhiyon me
Unki ulfat ke ye saye
Pyar ka toofan laya
Dil ki is dehleez tak
Jo mehmaan ban ke aaye
Jo mehmaan ban ke aaye
མཚན་ལ་ཁེར་རྐྱང་ཡིན་པའི་སྐབས།
ཁོང་གི་ལྡོགས་ཕྱོགས་གྲིབ་ནག་འདིས།
བརྩེ་དུངས་རླུང་འཚུབ་འཁྱེར་སླེབས་བྱུང་།
སེམས་ཀྱི་སྒོ་ཁ་འདི་བར་དུ།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
Chand yadoon ka ab sahara hai
Pyar ka dard bhi ab gawara hai
Sath kisi ke jo bhi dekhe
Woh lamhe the khwabon ke
Husnuma sapna tha
Koi neend me hum muskurae
Hum muskurae
Sham ki tanhaiyon mai
Unki ulfat ke ye saye
Pyar ka toofan laya
ད་དྲན་ཐུན་འགའི་སྐྱོར་རོགས་རེད།
བརྩེ་བའི་གདུང་བ་ཡང་ངོས་ལེན་ཡོད།
སུ་སུ་དང་ལྷན་དུ་མཐོང་གྱུར་ཀྱང་།
དེ་ནི་རྣམ་རྟོག་གི་དུས་ཡུན་ཙམ།
ཡིད་སྤྲོ་བ་དེ་ནི་རྨི་ལམ་རེད།
བཞིན་འཛུམ་པ་གཉིད་ཀྱི་ནང་དུ་བྱས།
བཞིན་འཛུམ་པ་གཉིད་ཀྱི་ནང་དུ་བྱས།
མཚན་ལ་ཁྱེར་རྐྱང་ཡིན་པའི་སྐབས།
ཁོང་གི་ལྡོགས་ཕྱོགས་གྲིབ་ནག་འདིས།
བརྩེ་དུངས་རླུང་འཚུབ་འཁྱེར་སླེབས་བྱུང་།
Dil ki is dehleez tak
Jo mehmaan ban ke aaye
Jo mehmaan ban ke aaye
སེམས་ཀྱི་སྒོ་ཁ་འདི་བར་དུ།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
Raat gumsum hai
Aasman chup hai
Dard me doobi keh
Kaisa chup hai
Raat ka rahi chand
Akela apne safar me hai
Raat ke khwabon mai
Shayad koi subha muskurae
Subha muskurae
མཚན་འདི་ཁ་ཁུ་སིམ་པོ་འདུག
ནམ་མཁའ་ལ་ཡང་སྒྲ་མི་འདུག
གདུང་བའི་མནར་བའི་དགའ་མ་ང་།
ཇི་ལྟར་ཁུ་སིམ་སྡོད་ཐབས་བྱེད།
མཚན་མོའི་ལམ་གྲོགས་ཟླ་བ་དེ།
ཁེར་རྐྱང་ལམ་ལ་ཆས་བཞིན་འདུག
མཚན་མོའི་རྣམ་རྟོག་ངེས་མེད་འདིས།
ཞོགས་པའི་འཛུམ་མདངས་འཆར་ཡང་སྲིད།
ཞོགས་པའི་འཛུམ་མདངས་འཆར་ཡང་སྲིད།
Sham ki tanhaiyon mai
Unki ulfat ke ye saaye
Pyar ka toofan layi
Dil ki is dehleez tak
Jo mehmaan ban ke aaye
Jo mehmaan ban ke aaye
མཚན་ལ་ཁེར་རྐྱང་ཡིན་པའི་སྐབས།
ཁོང་གི་ལྡོགས་ཕྱོགས་གྲིབ་ནག་འདིས།
བརྩེ་དུངས་རླུང་འཚུབ་འཁྱེར་སླེབས་བྱུང་།
སེམས་ཀྱི་སྒོ་ཁ་འདི་བར་དུ།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
མགྲོན་པོའི་ཚུལ་དུ་སླེབས་ནས་བྱུང་།
རྒྱ་གར་གློག་བརྙན་(Dil Apna Preet Parai) སྙིང་རང་གི་བརྩེ་དུངས་གཞན་གྱི་ཞེས་པའི་གླུ་ཞིག།
Ajeeb daastan hai ye
Kahan shuru kahan khatam
Ye manzile hai kaon si
Na wo samaj sake na ham
ཡ་མཚར་བའི་ལོ་རྒྱུས་འདི་འདྲ་ཞིག
གང་ནས་འགོ་བརྩམས་གང་དུ་རྫོགས།
དམིགས་ཡུལ་འདི་ནི་ཅི་འདྲ་རེད།
ཁོང་གིས་མ་ཤེས་ངས་ཀྱང་མིན།
Ye roshni ke saath kyon
Dhuan utha chirag se
Ye khuab dekhti hung main
Ke jag pari hung khuab se
འོད་འདི་དང་ལྷན་དུ་ཅི་ཡི་ཕྱིར།
མེ་སྟག་ལས་དུ་བ་ནག་པོ་མཆེད།
བདག་གི་སེམས་ལ་འདི་ལྟར་ཤར།
རྣམ་རྟོག་གི་གཉིད་ལས་སད་པར་གྱུར།
Ajeeb daastan hai ye
Kahan shuru kahan khatam
Ye manzile hai kaon si
Na wo samaj sake na ham
ཡ་མཚར་བའི་ལོ་རྒྱུས་འདི་འདྲ་ཞིག
གང་ནས་འགོ་བརྩམས་གང་དུ་རྫོགས།
དམིགས་ཡུལ་འདི་ནི་ཅི་འདྲ་རེད།
ཁོང་གིས་མ་ཤེས་ངས་ཀྱང་མིན།
Mubarak tume ke tum
Kisi ke noor ho gaye
Kisi ke itne paas ho
Ke sabse dur ho gaye
གང་ཞིག་གི་ཟེའུ་འབྲུར་གྱུར་ཁྱོད་ལ།
བཀྲ་ཤིས་པའི་དགའ་བསུ་ཞུ་རྒྱུ་ཡིན།
གཅིག་གི་འཁྲིས་ལ་ཉེ་དྲགས་ནས།
ཚང་མ་ལས་རྒྱང་ཐག་རིང་དུ་སོང་།
Ajeeb daastan hai ye
Kahan shuru kahan khatam
Ye manzile hai kaon si
Na wo samaj sake na ham
ཡ་མཚར་བའི་ལོ་རྒྱུས་འདི་འདྲ་ཞིག
གང་ནས་འགོ་བརྩམས་གང་དུ་རྫོགས།
དམིགས་ཡུལ་འདི་ནི་ཅི་འདྲ་རེད།
ཁོང་གིས་མ་ཤེས་ངས་ཀྱང་མིན།
Kisi ka pyaar leke tum
Naya jahan basaoge
Ye sham jab bhi ayegi
Tum hamko yaad aaoge
གང་ཞིག་གི་བརྩེ་དུངས་འཁྱེར་ནས་ཁྱོད།
འཇིག་རྟེན་གསར་པ་ཞིག་བསྐྲུན་གྱི་རེད།
མཚན་མོ་འདི་ག་དུས་སླེབས་གྱུར་ཀྱང་།
ཁྱོད་བདག་གི་ཡིད་ལ་འཁོར་རྒྱུར་ངེས།
Ajeeb daastan hai ye
Kahan shuru kahan khatam
Ye manzile hai kaon si
Na wo samaj sake na hum
ཡ་མཚར་བའི་ལོ་རྒྱུས་འདི་འདྲ་ཞིག
གང་ནས་འགོ་བརྩམས་གང་དུ་རྫོགས།
དམིགས་ཡུལ་འདི་ནི་ཅི་འདྲ་རེད།
ཁོང་གིས་མ་ཤེས་ངས་ཀྱང་མིན།
རྒྱ་གར་གློག་བརྙན་(Daag) མིང་ཆད་ཅེས་པའི་གླུ་ཞིག
Mere dil mein aaj kya hai
Tu kahe to main bataa doon
Teri zulf phir sanwaaroon
Teri maang phir sajaa doon
Meri dil mein aaj kya hai
Tu kahe to main bataa doon
ང་ཡི་སེམས་ལ་ད་རིང་ཅི་ཡོད་པ།
ཁྱོད་ཀྱིས་སྐུལ་ཚེ་ང་ཡིས་ཤོད་ཀྱི་ཡིན།
ཁྱོད་ཀྱི་ལན་བུ་སྐྱར་དུ་བཟོ་འདོད་ཆེ།
སྐྲ་མཚམས་སྐྱར་དུ་མཚལ་གྱིས་རྒྱན་འདོད་ཆེ།
ང་ཡི་སེམས་ལ་ད་རིང་ཅི་ཡོད་པ།
ཁྱོད་ཀྱིས་སྐུལ་ཚེ་ང་ཡིས་ཤོད་ཀྱི་ཡིན།
Mujhe devtaa banaa kar
Teri chaahaton ne pooja
Mera pyaar kah rahaa hai
Main tujhe khuda banaa doon
Mere dil mein aaj kya hai
Tu kahe to main bataa doon
ང་ནི་ལྷ་ཡི་གཟུགས་སུ་བསྐྲུན་བྱས་ཏེ།
ཁྱོད་ཀྱི་དྭངས་བའི་སེམས་ཀྱིས་རྟག་ཏུ་མཆོད།
ང་ཡི་བརྩེ་བས་སྐུལ་མ་བྱེད་རྒྱུ་ལ།
ཁྱོད་ནི་ཁུ་དྷ་ཉིད་དུ་བཟོ་འདོད་འདུག
ང་ཡི་སེམས་ལ་ད་རིང་ཅི་ཡོད་པ།
ཁྱོད་ཀྱིས་སྐུལ་ཚེ་ང་ཡིས་ཤོད་ཀྱི་ཡིན།
Koi dhoondhne bhi aaye
To hamein na dhoondh paaye
Tu mujhe kahin chhupaa de
Main tujhe kahin chhupaa doon
Mere dil mein aaj kya hai
Tu kahe to main bataa doon
སུ་ཞིག་ང་གཉིས་འཚོལ་བར་སླེབས་ན་ཡང་།
དེ་ལ་ང་གཉིས་རྙེད་པར་མི་འགྱུར་ཞིང་།
ཁྱོད་ཀྱིས་ང་ལ་སྦ་བའི་ཐབས་ཤིག་བྱོས།
ངས་ཀྱང་ཁྱོད་ལ་སྦ་བའི་ཐབས་ཤིག་བྱེད།
ང་ཡི་སེམས་ལ་ད་རིང་ཅི་ཡོད་པ།
ཁྱོད་ཀྱིས་སྐུལ་ཚེ་ང་ཡིས་ཤོད་ཀྱི་ཡིན།
Mere baazuon mein aakar
Tera dard chain paaye
Tere gesuon mein chhupkar
Main jahan ke gham bhula doon
Teri zulf phir sanwaaroon
Teri maang phir sajaa doon
ང་ཡིས་ལག་པའི་སྐྱོར་བ་འདིའི་ནང་དུ།
ཁྱོད་ཀྱི་སྡུག་བསྔལ་ཞི་བར་འགྱུར་གྱི་རེད།
ཁྱོད་ཀྱི་ལྷས་མའི་ནང་དུ་ཡིབ་བྱས་ནས།
ང་ཡི་སེམས་ཁྲལ་ཡོངས་རྫོགས་བརྗེད་ས་རེད།
ཁྱོད་ཀྱི་ལན་བུ་སྐྱར་དུ་བཟོ་འདོད་ཆེ།
སྐྲ་མཚམས་སྐྱར་དུ་མཚལ་གྱིས་རྒྱན་འདོད་ཆེ།
Mere dil mein aaj kya hai
Tu kahe to main bataa doon
ང་ཡི་སེམས་ལ་ད་རིང་ཅི་ཡོད་པ།
ཁྱོད་ཀྱིས་སྐུལ་ཚེ་ང་ཡིས་ཤོད་ཀྱི་ཡིན།
རྒྱ་གར་གློག་བརྙན་(Baaghi)་ངོ་རྒོལ་བ་ཞེས་པའི་གླུ་ཞིག
Ek chanchal shokh haseena
Mere sapnon mein aaye
Mujhe ek jhalak dikhla ke woh
Mere dil ka chain churaaye
ཡིད་འོང་གི་མཛེས་ལྡན་ན་ཆུང་ཞིག
མདང་ང་ཡི་རྨི་ལམ་ནང་དུ་སླེབས།
དེ་མིག་ལ་འཁྱུག་ཙམ་མཐོང་ནས་བཟུང་།
ངའི་སེམས་ཀྱི་ཞི་བདེ་བཅོམ་ནས་སོང་།
Hothon se madira chhalke
Gaalon pe hain angaare
Phoolon ke jaisi khilti jawani
Naina nasheele hain kajraare
མཆུ་སྒྲོས་ལ་ཆང་གི་བྲོ་བ་སྟེར།
མགྲིན་པ་ནས་སྙན་པའི་སྐད་གདངས་སྒྲོག
མེ་ཏོག་བཞད་འདྲའི་ན་ཆུང་མ།
སྨིན་མ་མཛེས་ཤིང་མྱོས་པ་འདྲ།
Jaise ke nagin dole
Aise chale balkha ke
Madhosh kar de mujhko
Dekhe jo woh sharma ke
Kabhi khulein jo zulfein uski
Ghata gagan pe chhaye
ཇི་ལྟར་སྦྲུལ་ནི་འཁྱུག་པ་བཞིན།
ངང་མོའི་འགྲོས་ཀྱི་གོམ་སྟབས་མཛེས།
མོས་ངོ་ཚ་དང་བཅས་བལྟས་པའི་ཚེ།
ང་ནི་ཆང་གིས་བཟི་དང་མཚུངས།
མོའི་སྐྲ་ལོ་ཞལ་མཐར་འཕྱང་པའི་ཚེ།
སྤྲིན་ནག་ནམ་མཁར་གཡོ་དང་འདྲ།
Jheel mein khilta ek kanwal
Woh hai kisi shayar ki ghazal
Baahein utha ke le angdaai
Dil mein macha de koi halchal
མཚོ་ནང་དུ་པདྨ་བཞད་པ་བཞིན།
མོ་སྙན་ངག་མཁན་གྱི་མགུར་གླུ་འདྲ།
ལག་ནམ་མཁར་བརྐྱངས་ཏེ་གཡལ་བའི་ཚེ།
སེམས་ནང་དུ་ཟང་ཟིང་བཟོ་བ་ངེས།
Pariyon ki woh shehzadi
Chehra hai bhola bhaala
Dekha hai jabse usko
Main ho gaya matwala
Yehi duayein maangun harpal
Woh mujhe mil jaaye
མཁའ་འགྲོའི་ནང་གི་ལྷ་མཛེས་མ།
ཞལ་རས་ནི་ཧ་ཅང་སྙོམ་ཚུང་འདྲ།
ཁོ་མོ་མཐོང་བ་དེ་ནས་བཟུང་།
ང་ནི་དྲན་མེད་བརྒྱལ་དང་མཚུངས།
དུས་རྟག་ཏུ་སྨོན་ལམ་འདེབས་རྒྱུ་ལ།
མོ་ང་ལ་ཐོབ་པའི་རེ་འདུན་བྱེད།
Ek chanchal shokh haseena
Mere sapnon mein aaye
Mujhe ek jhalak dikhla ke woh
Mere dil ka chain churaaye
ཡིད་འོང་གི་མཛེས་ལྡན་ན་ཆུང་ཞིག
མདང་ང་ཡི་རྨི་ལམ་ནང་དུ་སླེབས།
དེ་མིག་ལ་འཁྱུག་ཙམ་མཐོང་ནས་བཟུང་།
ང་ཡི་སེམས་ཀྱི་ཞི་བདེ་བཅོམ་ནས་སོང་།
རྒྱ་གར་གློག་བརྙན་(Haste Zakham) སྤྲོ་བའི་རྨ་ཁ་ཞེས་པའི་གླུ་ཞིག
Tum jo mil gaye ho, to ye lagta hai
Ke jahan mil gaya/
Ek bhatke hue rahi ko, caravan mil gaya
Tum jo mil gaye ho, to ye lagata hai
Ke jahan mil gaya/
ཁྱོད་ནི་འཕྲད་པ་ཉིད་ནས་བཟུང་། འཇིག་རྟེན་ཡོངས་རྫོགས་རྙེད་པ་བཞིན།
བདག་ལ་ཚོར་བ་འདི་ལྟར་བྱུང་།
ལམ་ནོར་ཐེབས་པའི་འགྲོན་པོ་ལ། འགྲུལ་ཚོ་རྙེད་པ་ཉིད་དང་མཚུངས།
ཁྱོད་ནི་འཕྲད་པ་ཉིད་ནས་བཟུང་། འཇིག་རྟེན་ཡོངས་རྫོགས་རྙེད་པ་བཞིན།
བདག་ལ་ཚོར་བ་འདི་ལྟར་བྱུང་།
Beto na dur ham se, dekho khafa na ho
Kismat se mil gaye ho, milke juda na ho
Meri kya khata hai, hota hai ye bhi
Ki zamin se bhi kabhi aasman mil gaya/
ང་དང་ཐག་རིང་མ་སྡོད་ཅིག ཉོན་དང་ཐུགས་ཁྲོ་མ་གནང་རོགས།
ལས་སྨོན་དབང་གིས་འཕྲད་པ་རེད། འཕྲད་ནས་བྲལ་བ་མི་ཡོང་ཤོག
ང་ཡི་ནོར་འཁྲུལ་ཅི་ཡིན་ནམ། ས་སྟེང་འདི་ནས་གནམ་རྙེད་པ།
འདི་འདྲའང་ཡོང་བ་སྲིད་ཀྱི་རེད།
Tum jo mil gaye ho, to ye lagata hai,
Ke jahan mil gaya/
ཁྱོད་ནི་འཕྲད་པ་ཉིད་ནས་བཟུང་། འཇིག་རྟེན་ཡོངས་རྫོགས་རྙེད་པ་བཞིན།
བདག་ལ་ཚོར་བ་འདི་ལྟར་བྱུང་།
Tum kya jane tum kya ho, ek surila nagma ho
Bhigi raton mein masti, tapte dil mein saya ho
Tum kya jane tum kya ho,
Ab jo aa gaye ho jane na dunga
Ki mujhe ik hasi mehrban mil gaya
Ke jahan mil gaya
ཁྱོད་རང་ཅི་ཡིན་ཁྱོད་ཅི་ཤེས། སྙན་ལ་འཇེབས་པའི་གླུ་ཞིག་དང་།
ཆར་སྦང་མཚན་གྱི་དགོད་སྒྲ་དང་། སྲེག་པའི་སྙིང་གི་གྲིབ་བསིལ་རེད།
ཁྱོད་རང་ཅི་ཡིན་ཁྱོད་ཅི་ཤེས།
ད་ནི་འདི་གར་སླེབས་ཟིན་རྗེས། འགྲོ་རུ་ནམ་ཡང་འཇུག་གི་མིན།
མཛེས་ཤིང་ཡིད་དུ་འོང་བ་ཡི། གཞོན་ནུ་མ་ཞིག་རྙེད་པ་འདི།
འཇིག་རྟེན་ཡོངས་རྫོགས་རྙེད་པ་བཞིན།
Tum jo mil gaye ho, to ye lagata hai
Ke jahan mil gaya/
ཁྱོད་ནི་འཕྲད་པ་ཉིད་ནས་བཟུང་། འཇིག་རྟེན་ཡོངས་རྫོགས་རྙེད་པ་བཞིན།
བདག་ལ་ཚོར་བ་འདི་ལྟར་བྱུང་།
Tum bhi the khoye khoye, main bhi bujha bujha
Tha ajnabi zamana apna koi na tha
Dil ko jo mil gaya hai tera sahara
Ek nai zindagi ka nisha mil gaya
ཁྱོད་ཀྱང་བླ་ནི་བརླག་པ་བཞིན། ང་ཡང་གཅོང་ནད་ཐེབས་པ་བཞིན།
འཇིག་རྟེན་ཆ་མེད་རྒྱུས་མེད་དང་། ངོ་ཤེས་ངོ་འདྲིས་སུ་ཡང་མེད།
འོན་ཀྱང་ཁྱོད་ཀྱི་གྲོགས་རྙེད་པས། སེམས་ལ་བདེ་བ་སྟེར་བྱེད་པའི།
མི་ཚེ་གསར་པའི་མཚམས་རྡོ་ཞིག ལས་ཀྱི་དབང་གིས་རྙེད་དང་མཚུངས།
Tum jo mil gaye ho, to ye lagata hai
Ke jahan mil gaya/
ཁྱོད་ནི་འཕྲད་པ་ཉིད་ནས་བཟུང་། འཇིག་རྟེན་ཡོངས་རྫོགས་བརྙེད་པ་བཞིན།
བདག་ལ་ཚོར་བ་འདི་ལྟར་བྱུང་།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༩ ཚེས་༡༧ ཉིན།
༄༅། བྲོ་བ་ཅང་ཅང་མ་གཏོགས་གཏན་ནས་མི་འདུག།
མཁས་པའི་རྩོམ་འདྲ་ཡོད་ན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡོད་པ་དེའི་ཐོག་
འབྲི་རྩོམ་གནང་དང་བྲོ་བ་ཆེ་ཞིང་གཟི་བརྗིད་ཅན་ཞིག་ཡོང་གི་རེད།
ཨ་ག་ཁཱ་ཁཱ་རྨོངས་པ་ཀྱེ།།
རིག་གནས་བཅུ་ཡི་དོན་མི་ཤེས།།
འདིར་ནི་སྒྲ་དང་སྙན་ངག་དང་།།
མངོན་བརྗོད་ཟློས་གར་བཅས་པ་ཚང་།།