ཁྲོ་གཏུམ།
སྤྲིན་པའི་བལ་དཀར་ཚོམ་བུ་ཚོམ་བུ་བྱས་ཏེ་མཁའ་དབྱིངས་ཀྱི་གར་སྟེགས་སུ་ཞུགས་པའི་མཛེས་པ
རང་ཉིད་ཀྱི་སེམས་ངོགས་སུ་བསྐྲུན་པའི་དགའ་སྤྲོའི་སྤྲིན་ཚོམ་དེ་དག
ཨོ་གླིང་གི་མཁའ་དབྱིངས་སུ་རང་དབང་གིས་ཤར་ཕྱོགས་སུ་བསྐྱོད་པ་མཐོང་དུས
ངའི་དྲན་འཛིན་གྱི་ཡ་ཁོག་ཏུ་ལྷག་པའི་རང་ས་དྲོན་མོ་དེའི་མཁའ་དབྱིངས་སུ་ཤར་མྱོང་བའི་སྤྲིན་ཚོམ་དེ་དྲན
ཞོར་དུ་དེའི་འོག་ཏུ་རང་དབང་གི་འཚོ་བར་རོལ་བ་དྲན
རྫ་གསེབ་དང་ལུང་ཁུག་ཏུ་འཛུམ་པའི་ཆུ་མིག་གི་ཞུམ་ཤ་དེས་དེང་རབས་ཀྱི་བཙགས་ཆུའི་བྲོ་བ་བརླགས་པ་ཚོར
སྨན་རྩྭ་དང་མེ་ཏོག་གི་དྲི་ངད་ཕྱོགས་བཅུར་ལྡིང་བའི་དྲི་མ་དག་གིས་དེང་རབས་ཀྱི་རྫས་འགྱུར་གྱིས་སླད་པའི་སྤོས་ཆུ་རྫོབ་པོར་སྣུམ
ལག་ཐོག་ཁ་པར་ལས་མཐོང་བའི་སྐྱེས་ཡུལ་དེའི་རི་ལུང་གི་མིག་ཟུང
ངའི་དྲན་གདུང་གི་ཚིལ་ལུ་རུ་གྱུར་ཞིང་དེའི་སྤྲད་པའི་མཁྲིས་པའི་མིག་ཟུང་གིས་ང་ལ་གནས་གང་ཞིག་ངོ་སྤྲོད་བྱས་མ་མྱོང
ཤོག་བུའི་གསེབ་ནས་སེམས་ཚོར་ལྗིད་ཁོག་ཅན་ཁ་ཤས་བྱ་མ་རྟའི་སྒ་སྟེངས་སུ་བླུགས་ཡོད
ཁ་པར་གྱི་འཆར་ངོས་སུ་ཆར་ཤོད་ཆེ་བའི་དུས་དེ་ནས
ངས་ནམ་མཁའ་གཡའ་དྭགས་པ་མ་ཤེས་ལ
ས་གཞི་རྡུལ་དྭགས་པའང་མ་ཚོར་བར་མདུན་བསྐྱོད་བྱས
ཆེས་མཐོ་བའི་ཡུལ་གྲུ་ཞིག་དྲན་པས་ཉར་ཞོར་རྒྱལ་ཁམས་སྔར་བཞིན་འགྲིམས་པར་བྱེད།
༢༠༡༩/༠༩/ ༠༦ཉིན།