ཨེ་མ་ཧོ།
ཨེ་ཀྱེ་ཧོ།
འཁོར་བའི་ཆོས་འཁོར་ལ་ཞེན་པ་ལོག་པའི།།
དགེ་སྦྱོང་མགོ་རེག་དེ་སྲིད་ན་དཀོན་ཐལ།།
ཟིང་ཟིངས་འདུ་ལོངས་ལ་སེམས་པ་ཁེན་པའི།།
ཚུལ་ཆོས་རྒན་པོ་ཚོས་གྲོང་ཁྱེར་གང་འདུག།
ས་དགེ་བཀའ་རྙིང་གི་ཕོ་ཧྲང་ཕལ་ཆེར།།
ཀོང་ཇོ་ལྷ་མོ་ཚོའི་རིམ་ན་གཟིམས་ནས།།
ཉི་མཚན་དཀར་ནག་གི་གཡོ་འཕྲུལ་འོག་ནས།།
ལྷ་མིན་གྲོང་ཁྱེར་ཅིག་གསར་ཏུ་ཚེས་འདུག།
ཐོབ་ཆེན་གོ་རྒས་ཚོའི་དངུལ་ཁུག་འོག་ཏུ།།
བླ་ཆེན་ཕལ་མོ་ཆེས་སྐྱབས་ཡུལ་བཟུང་བ།།
འཁོར་འདས་གོ་ལོག་གི་དག་པ་རབ་འབྱམས།།
རྒད་པོ་ཁ་ཡག་ཚོ་ཁྲི་ལ་འགྱིངས་འདུག།
བླ་མ་གཅིག་པ་ཡི་རྡོ་རྗེ་སྤུན་ཡང་།།
སྣང་མེད་གཡོ་འཕྲུལ་གྱི་དུག་མདས་འོག་ཏུ།།
བདེན་དྲང་ཚུགས་ཐུབ་ཀྱི་དྲང་སྲོང་དུ་མ།།
ཚེ་མཐར་རྫོགས་པ་ཡང་གྲངས་ཀྱི་མི་ཆོད།།
སྐུ་ཚོང་བླ་གཟུགས་ཀྱིས་ཧ་ཤང་དྲེད་པོ།།
གསུང་ཆོས་ཆོ་ག་ཡིས་ཆ་ལིང་རོལ་མོ།།
ཐུགས་རྩེ་ཐེ་སྒོར་ལ་ཡི་དྭགས་གསོན་པོ།།
འཇིག་རྟེན་མི་ཡུལ་ན་བལྟད་མོ་མང་གི།།
ཨ་ཙི་ཁ་ཆོས་ཀྱི་ཞིབ་འཇུག་འཚོགས་པ།།
ཆེ་མཐོའི་རྐུབ་བརྡག་གི་སྤྲེལ་ལད་འཕུང་དམར།།
ཌཱ་དྲིལ་དབུ་ཅན་གྱིས་འདུ་འཛི་འོག་ཏུ།།
གངས་སེང་གངས་རལ་འགའ་འདམ་ལ་ཚུད་འདུག།
ཤྲཱིས་སོ།།
ཨ་ཅེ་ཀོང་ཇོ་འདྲ་བའི་མཛེས་མ་ཡོད་སར།།
མཛེས་མར་ཞེན་པ་ལོག་པའི་རྣམ་པ་མ་སྟོན།།
མཇེ་རྒོད་མཁྲེགས་དུས་མཛེས་མ་མ་རུམ་བསྡད་ན།།
མཇེ་རྒོད་སྐྱི་མོར་ལོག་དུས་འགྱོད་པ་སྐྱེ་ཡོང་།།
མཛེས་མ་འཚོལ་ན་འཇིག་རྟེན་འདི་ནས་འཚོལ།།
ལྷག་ཏུ་ཐེ་ཝན་སོང་ནས་མ་བཙལ་བསྡད་ན།།
རྒྱ་གར་ལུང་པར་མཛེས་མ་འཚོལ་ས་མི་རྙེད།།
ཕྱི་མའི་ཡུལ་ནས་དེ་བས་འཚོལ་ས་མེད་སྐད།།
ད་རེས་དཔལ་གྱེས་རྡོར་གྱིས་དྲང་པོ་བྲིས་འདུག ཐེ་པེ་ལ་ཡོད་པའི་བླ་རྫུན་དེ་ཚོས་སངས་རྒྱས་བསྟན་པ་གཏིང་ནས་རྩ་བཀོག་སློང་བ་དེ་ངོ་མ་བདེན།
སྙིགས་མ་ལྔ་བདོའི་རང་མདངས་ཆེས་རགས་པས།།
ཐེ་པེ་ལྟ་ཅི་སྟོང་འཁུན་ཡུལ་སོགས་ནའང།།
གྲྭ་རྫུན་བླ་རྫུན་འགྲོ་དོན་ཉེར་དགུ་ཡི།།
ཁྱི་ལས་དྲེལ་ཞེས་ཀུན་གྱི་ཁ་ནས་སྨྲ།།
ཀུན་གྱི་ཁ་ནས་སྨོད་པ་འདི་ཡིན་ཀྱང་།།
ཀུན་གྱི་སེམས་ལ་དགའ་བ་འདི་ཉིད་ཡིན།།
ཇི་སྐད་ཟེར་ལྟར་ཐམས་ཅད་དེར་སྤྱོད་པ།།
འདོད་པའི་ཁམས་འདི་འདོད་ཆགས་ས་པས་ལན།།
དུས་ངན་སྙིགས་མའི་སེམས་ཅན་ཟོག་པོས་འདུལ།།
གསུངས་པའི་དུས་ལ་སླེབས་པའི་ཉིན་མོ་འདིར།།
ཐེ་མོའི་ལུས་སེམས་བདེ་ཕན་འགྲོ་དོན་ཡིན།།
གང་ལ་གང་འདུལ་དེ་ལ་དེར་སྟོན་བྱ།།
ཅི་སྟེ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་པོ་ཞིག །
གལ་ཏེ་ཡོད་ན་དེ་ནི་དུས་ངན་སྙིགས་མ་ཡི།།
སངས་རྒྱས་གསོན་པོ་འམ་སྟེ་འོས་ཡིན་དེ་ལ་ནི།།
བདག་ཀྱང་རྒྱང་ནས་གུས་པས་ཕྱག་གསུམ་ཅིས་མི་འབུལ།།
ནོར་བཅོས་ཀྱིས་བསྐྱར་གཏོང་།
སྙིགས་མ་ལྔ་བདོའི་རང་མདངས་ཆེས་རགས་པས།།
ཐེ་པེ་ལྟ་ཅི་སྟོང་འཁུན་ཡུལ་སོགས་ནའང།།
གྲྭ་རྫུན་བླ་རྫུན་འགྲོ་དོན་ཉེར་དགུ་ཡི།།
ཁྱི་ལས་བྲེལ་ཞེས་ཀུན་གྱི་ཁ་ནས་སྨྲ།།
ཀུན་གྱི་ཁ་ནས་སྨོད་པ་འདི་ཡིན་ཀྱང་།།
ཀུན་གྱི་ཡིད་ལ་དགའ་བ་འདི་ཉིད་ཡིན།།
ཇི་སྐད་ཟེར་ལྟར་ཐམས་ཅད་དེར་སྤྱོད་པ།།
འདོད་པའི་ཁམས་འདི་འདོད་ཆགས་ས་པས་ལན།།
དུས་ངན་སྙིགས་མའི་སེམས་ཅན་ཟོག་པོས་འདུལ།།
གསུངས་པའི་དུས་ལ་སླེབས་པའི་ཉིན་མོ་འདིར།།
ཐེ་མོའི་ལུས་སེམས་བདེ་ཕན་འགྲོ་དོན་ཡིན།།
གང་ལ་གང་འདུལ་དེ་ལ་དེར་སྟོན་བྱ།།
ཅི་སྟེ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་པོ་ཞིག །
གལ་ཏེ་ཡོད་ན་དེ་ནི་དུས་ངན་སྙིགས་མ་ཡི།།
སངས་རྒྱས་གསོན་པོ་འམ་སྟེ་ལོས་ཡིན་དེ་ལ་ནི།།
བདག་ཀྱང་རྒྱང་ནས་གུས་པས་ཕྱག་གསུམ་ཅིས་མི་འབུལ།།
བླ་སྤྲུལ་སྒོམ་ཆེན་སྔགས་པ་མཐུ་ཡོད་སྐོར། བོད་ཀྱི་བཤད་སྲོལ་དངོས་ཡོད་དེ་ལྟར་ཡང།
ཕ་ཡུལ་བཙན་པོས་འཕྲོག་ནས་ཡུལ་བདག་རྣམས། མི་ཡུལ་གང་སར་བསླེབས་པ་འདི་ལ་གཟིགས།
བླ་སྤྲུལ་སྔགས་པ་རྣམས་ནི་མཐུ་ནུས་མེད། མེད་པ་དངོས་ཡོད་རང་ཡུལ་སྐྱོབས་མ་ཐུབ།
ད་ནི་རང་སེམས་སྐྱོ་ལ་བྱ་ཐབས་བྲལ། བྲལ་ལོ་བྲལ་ལོ་སེམས་ཡོད་སྤུན་གྲོགས་ཚོ།