ཀརྨ་རྡོ་རྗེ།
༡ ཆུང་མའི་མིག་ཆུ་དང་ཁྱོ་གའི་སེམས་ཁྲལ།
མཚན་གཅིག་ཁྱོ་ཤུག་གཉིས་རྨི་ལམ་གྱི་གྲོང་ཁྱེར་འགྲིམས་བཞིན་པའི་སྐབས་སུ། ཆུང་མ་ཧར་གྱིས་ལངས་ནས་ཁྱོ་ག་དཀྲུག་ཏེ་གཉིད་དཀྲོག གཉིད་སད་ལ་མ་སད་པའི་ཁྱོ་གས་ག་རེ་བྱས་སོང་ཞེས་དྲིས་པར། ཆུང་མས་མིག་ཆུ་གཏོང་བཞིན་མགྲིན་པ་བརྣངས་ཏེ། ངའི་རྨི་ལམ་ནང་དུ་གཟུགས་བྱད་ལེགས་པའི་ཕོ་གསར་ཕྱུག་པོ་ཞིག་གིས་ང་རང་བཙན་འཁྲིད་བྱས་པ་རྨིས་བྱུང་། ཞེས་བཤད་དེ་ངུ་མཚམས་མ་ཆད་པར། ཁྱོ་གས་སེམས་ཁྲལ་མ་བྱེད། འདི་ནི་རྨི་ལམ་ཙམ་ལས་དོན་དངོས་མིན། ད་མ་ངུ། ཞེས་མགོ་བོར་བྱིལ་བྱིལ་བྱས་ཀྱང་། ཆུང་མས་ངུ་ཤུགས་ཆེ་རུ་གཏོང་སྟེ་ཁྱོ་ག་ལ་བཤད་དོན། འདི་རྨི་ལམ་ཙམ་ཡིན་པའི་རྒྱུ་མཚན་གྱིས་ང་ངུ་གི་ཡོད་ཅེས་བརྗོད་པར། ཁྱོ་ག་དེ་ནི་རྨོངས་གཉིད་ལས་སད་དེ་མིག་ཟུང་ཐོ་རངས་སྐར་ཆེན་ལྟར་གྱུར་ཏེ་རང་མལ་དུ་ལུས་སོ༎
༢ མིའི་བྱུང་ཁུངས།
ཕྲུ་གུ་ཞིག་པ་ལགས་ཀྱི་འགྲམ་དུ་ཕྱིན་ནས། པ་ལགས། མི་གང་ནས་བྱུང་བ་རེད། ཅེས་སྐད་ཆ་དྲིས་པར། པ་ལགས་ཀྱིས། གནའ་སྔ་མོ་སྔ་མོར་ཨེ་ཌམ་ (Adam) དང་། ཨིབ་ (Eve) ཟེར་བའི་ཕོ་མོ་གཉིས་ཀྱིས་ཕྲུ་གུ་བཟོས་པ་ལས་རིམ་བཞིན་མི་རྒྱུད་འཕེལ་ཏེ་འགྲོ་བ་མིའི་རིགས་བྱུང་བ་རེད། ཅེས་གཟབ་ནན་གྱིས་ལན་བཏབ། དེ་ནས་ཕྲུ་གུ་དེ་ཨ་མ་ལགས་ཀྱི་འགྲམ་དུ་ཕྱིན་ནས་གོང་གི་དྲི་བ་གཅིག་མཚུངས་དྲིས་པར། ཨ་མ་ལགས་ཀྱིས། མིའི་འགྲོ་བ་ཐོག་མ་ནི་སྤྲེའུ་ཡིན་པ་དང་། སྤྲེའུ་ལས་མིའི་རྣམ་པ་ཆགས་པའི་སྐོར་བཤད། ཕྲུ་གུ་དེ་སླར་ཡང་པ་ལགས་ཀྱི་འགྲམ་དུ་ཕྱིན་ཏེ། པ་ལགས་ཁྱེད་ཀྱིས་ང་ལ་རྫུན་བཤད་འདུག ཨ་མ་ལགས་ཀྱིས་གསུངས་ན་མིའི་ཐོག་མ་སྤྲེའུ་རེད་གསུངས་གི་འདུག་ཅེས་བཤད་པར། པ་ལགས་ཀྱིས། ཨ་མས་བཤད་པ་དེ་ནི་ཨ་མ་མོ་རང་གི་ནང་མིའི་བྱུང་ཁུངས་བརྗོད་པ་རེད། ཅེས་བཤད་པར་ཕྲུ་གུའི་མཚར་སྣང་དེ་བས་ཆེ་རུ་ཕྱིན་ནོ༎
འཇིག་རྟེན་འདི་འབྱུང་བ་བཞི་འདུས་པ་ལས་ཆགས་པ་དང་འབྱུང་
བའི་ཚ་དྲོད་འོག་ཏུ་སྲོག་ཆགས་འཕེལ་བ་དང་ཕོ་མོ་འདུས་ནས་མི་
གི་འགྲོ་བ་འཕེལ་བ་སོགས་བྱེད་པོ་ཐམས་ཅད་འབྱུང་བཞིའི་ནང་ནས་
རླུང་གི་ཁྱད་ལས་འོག་ཏུ་སྲོག་ཆགས་འཚོ་བཞིན་པའོ།
ཧ་ཧ། ད་བྱས་ན། ཁྱོ་བོ་རྒད་པོ་ཁོའི་ལག་ལ་དངུལ་མེད། མཇེ་ལ་ཤུགས་མེད། གདོང་ལ་བཀྲག་མེད། ཆུང་མ་འདོད་སྲེད་ཅན་མོའི་ཁ་ལ་ཟས་ཉུང་། ལུས་ལ་གོས་དམན། སྟུ་ལ་རྒྱོ་བྲོད་མེད་པའི་ཡིད་མུག་རྨི་ལམ་དུ་ཤར་བས་ལོས་ངུ།
ཧཧཧ་་་་་་ཨ་ཁུ་འབྲོས་པས་སྒྲུང་གི་ནང་དོན་རྟོགས་འདུག
ཧཧཧ་་་་་་ཨ་ཁུ་འབྲོག་པས་སྒྲུང་གི་ནང་དོན་རྟོགས་འདུག
མཚར་གཏམ་འདི་འདྲ་བའི་རྨི་ལམ་དེང་དུས་ཀྱི་བུད་མེད་མང་པོ་ལ་དངོས་སུ་གཏོང་གི་ཡོད། ཁ་འབྲས་ཅུང་ཟད་མཚར་བའི་བུད་མེད་མང་པོ་ཞིག་གིས། ཁ་འབྲས་མ་རྩར་བགྱིས་ཏེ་ཕྱུག་བདག་རྒད་པོ་དག་དང་གཉེན་སྒྲིག་གིས། ཅུང་མ་འགོར་བར་འདོད་ཆགས་ཀྱི་གདུང་བ་ལ་ཚིམ་པའི་བདེ་བ་སྟེར་བའི་ལག་ཆ་རྒད་པོ་ལ་མེད་སྟབས། རྒད་པོ་དང་ཁ་གྱེས་ཏེ་རང་ལ་འདོད་པ་་སྟེར་ནུས་པའི་ཕོ་རྒོད་ཀྱི་རྗེས་སུ་འབྲངས་ཏེ། རྒད་པོ་མིག་ཟུང་སྔོ་ཅེར་རེ་འཇོག། འགའ་རེས་རྒད་པོའི་དངུལ་གྱི་སྟེང་དུ་འཚོ་བའི་བདེ་སྐྱིད་ལ་དངོས་སུ་ཅི་དགར་རོལ་བཞིན། ལྐོག་ཏུ་ལྟད་བཟོ་དོད་ཅིང་། སྟོབས་ཤུགས་ལྡན་ལ་ལག་ཆ་སྦོམ་པ་་དག་དང་སྡོང་སྟེ། རྒད་པོ་འགྱོད་པའི་གླིང་ལ་བསྐྱལ་པ་ཉུང་ཉུང་རེད་མི་འདུག།
ཨ་ཁུ་འབྲོག་པ། ཁྱོད་ཀྱིས་བཤད་པ་ལྟར་ཡིན་ན་་་་རྒས་པོས་རང་སྡུག་རང་གིས་ཉོས་པ་རེད། མ་ཎི་བགྲངས་ནས་སྡོད་མ་ཤེས་ན་ཡོང་རྒྱུ་དེ་ལས་མེད། མ་གཞི་ཉེས་བྱུང་ན་བུད་མེད་ལ་མཛུབ་མོ་འཛུགས་རྐྱང་བྱེད་པའི་བོད་མིའི་གཤིས་ཀ་ངན་པ་དེར་སྐྱུར་མེར་ལང་གིན། སྤྱི་ཚོགས་ནང་ལ་འཆལ་མོ་ཡོད་ལ། འཆལ་པོའང་ཡོད་པ་རེད།
ངས་ཟེར་ན་བུད་མེད་འདོད་པ་ཚིམ་མ་ཚིམ་ལ་ཟེར་གྱི་ཡོད། སྐྱེད་པས་བུད་མེད་འདོད་པ་ཚིམ་ཐབས་ལ་བསམ་བློ་གཏོང་དགོས་ཟེར་གྱི་ཡོད། སྤྱི་ཚོགས་ནང་ཆལ་མོ་ལས་འཆལ་་པོ་མང་གི་རེད།
ལྷག་པར་ངས་རང་རེའི་སྤྱི་ཚོགས་ཟེར་གྱི་མེད། དྲང་པོ་བཤད་ན་བོད་པའི་སྤྱི་ཚོགས་ནང་། ཕྱུག་བདག་རྒད་པོ་ཉོ་རྒྱུའི་མར་རྩ་ཡོད་པའི་མཛེས་ཅང་ཡོད་པ་མ་རེད།
ངའི་ཁྱིམ་མཚེས་ཡུག་རན་གྱི་མཛེས་མ་ལྷ་དང་ཆ་འདྲ་བ་འདི་ཚོ་ལ་བལྟས་ན། རང་རེའི་སྤྱི་ཚོགས་ཀྱི་བུད་་མེད་རྣམས་བོད་པ་ཡིན་སྙམ་པའི་སྙིང་ཉེ་བ་མ་གཏོགས་མཛེས་པ་ལྟ་་་་་་་་་་
ངའི་མཆན་གྱི་མགོ་དེ་ཁྱོ་གས་མ་འབྱོན་པ་ནས་འགོ་བཙུགས་པ་ལས་བུད་མེད་ལ་མཛུམ་མོ་བཙུགས་མེད། ཕྱུག་བདག་རྒད་པོ་ཚོས་རང་གི་གཟུགས་པོར་མ་བལྟས་པར་དངུལ་གྱི་བློ་ཁོག་གིས་མཛེས་མ་ཉོས་པ་ནི་རང་སྡུག་རང་གིས་ཉོས་པ་ལོས་ཡིན། འདོད་རྔམ་ཆེ་གྲགས་་པས་ལན་ལ་རེད། ཁོང་ཚོས་མ་ཎི་འདྲེན་ཤེས་མིན་ཇི་ལྟར་ཡང་། ཆོག་ཤེས་ཤིག་བྱས་ན་ཆོག་པ་འདུག འཆལ་མོ་ལས་འཆལ་པོ་མང་གི་ཟེར་དོན་ནི། དཔེར་ན། གཞང་ཁང་ཞིག་གི་བུད་མེད་གཅིག་ལ་ཉིན་གཅིག་གམ་མཚན་གཅིག་ལ། སྐྱེས་པ་མང་པོས་འཁྲིག་པ་སྤྱོད་ཀྱིན་པ་འདི་འཆལ་པོ་མང་བ་ཡོད་པའི་རྟགས་མཚན་ངོ་མ་དེ་རེད། མདོར་ན་ཕྱུག་པོ་རྣམས་ཀྱིས་མི་བྱེད་དགུ་བྱེད་བྱས་པ་ལས། འཇིག་རྟེན་འདིར་མི་བདེ་བ་བྱུང་བ་ནི་སྙོན་དུ་མེད།
མདོར་ན་ངས་བུད་མེད་ལ་ལྟ་སྟངས་ནི། མཁས་དབང་དགེ་འདུན་ཚོས་འཕེལ་གྱིས།
ཡངས་པའི་འཇིག་རྟེན་མྱ་ངམ་ཐང་བཞིན་ཆེ།།
ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ།།
དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པ།།
རྩེད་གྲོགས་བུད་མེད་ཀྱི་སྤྲུལ་ན་འདྲ།།
མཐོང་བས་ཡིད་དགའ་གཟུགས་ཀྱི་ལྷ་མོ་སྟེ།།
རིགས་བརྒྱུད་བཟང་པོ་བསྐྱེད་པའི་ཞིང་ས་ཡིན།།
སྡུག་པསི་ནད་གཡོག་བྱེད་པའི་མ་མ་དང་།།
སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན།།
ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ།།
ཚེ་གཅིག་བརྩེ་དགས་སྐྱོང་བའི་གྲོགས་མོ་ཉིད།།
སྔོན་བསགས་ལས་ཀྱིས་འབྲེལ་བའི་ཆུང་མ་ལ།།
ཡོན་ཏན་རྣམ་པ་དྲུག་པོ་འདི་དག་ལྡན།།
བུད་མེད་རྣམས་ནི་མི་བརྟན་གཡེམ་པ་ཞེས།།
བཤད་པ་འདི་ཡང་ཤིན་ཏུ་མི་བདེན་ཏེ།།
བྱི་ཕོའི་ལས་ལ་ཕོ་མོ་ཁྱད་མེད་ཙིང་།།
ཞིབ་ཏུ་བསམ་ན་ད་དུང་སྐྱེས་པ་ཐུ།།
རྒྱལ་པོ་ཞིག་གིས་བཙུན་མོ་སྟོང་བླངས་པ།།
ད་དུང་ཡོན་ཏན་ཚུལ་དུ་སྒྲོགས་པར་བྱེད།།
བུད་མེད་གཅིག་ལ་མག་པ་བརྒྱ་ཡོད་ན།།
དཔེ་མི་སྲིད་པ་བཞིན་དུ་ཇི་ཙམ་སྨོད།།
བུད་མེད་སྟོང་ལ་རེས་ཀྱིས་སྤྱད་ན་ནི།།
བྱི་ཕོ་བྱེད་པའི་དོན་ཀྱང་ག་ལ་ཡོད།།
ཆུང་མ་སྤྱད་པས་ལོག་གཡེམ་མ་ཡིན་ཕྱིར།།
ཕྱུག་པོ་རྣམས་ལ་ལོག་གཡེམ་ག་ལ་འོང་།།
ནོར་ལྡན་རྒན་པོ་ཁ་བའི་སྐྲ་ལོ་ཅན།།
ན་ཆུང་བུ་མོ་འདམས་ནས་ཉོ་བར་བྱེད།།
བཙོང་བའི་ཡོ་བྱད་ཙམ་གྱི་རྩིས་ཐང་ཅན།།
ཀྱེ་མ་བུད་མེད་རྣམས་དཔུང་གཉེན་མེད།།
ཕོ་ཡིས་འདམས་ཏེ་ནན་གྱིས་བཀུག་པ་ལས།།
མོ་ཡིས་འདོད་དེ་ཚུར་ལ་མ་འོངས་པས།།
ཤིང་ལ་རྡོ་ཡི་ལྷན་པ་བཏབ་པའི་ཚེ།།
བུད་མེད་རང་བཥིན་བརྟན་པ་ག་ལ་འོང་།།
ཏ་ཟིག་ཡུལ་དུ་རྒན་པོ་རེ་རེས་ཀྱང་།།
ཆུང་མ་གཞོན་ནུ་ལྔ་ཙམ་ལེན་ལསྟེ།།
ཆུང་མ་གཅིག་གི་ལོག་གཡེམ་སྤྱད་བྱས་ཀྱང་།།
དེ་མ་ཐག་ཏུ་གསོན་སྲེག་བྱས་ཏེ་གསོད།།
གཅིག་ལ་བུ་མོ་ལྔ་ཡིས་ཚིམ་ནུས་མོད།།
ལྔ་ལ་རྒད་པོ་གཅིག་གི་ཇི་ལྟར་ཚིམ།།
དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན།།
ནོར་ལྡན་རྣམས་ཀྱི་རང་འདོད་ཁྲིམས་སྲོལ་མང་།།
དེ་ལ་ཡ་རབས་ཆོས་སུ་མིང་བཏགས་ཤིང་།།
ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་པས།།
མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ།།
བསམ་ཞིང་བསམ་ན་ཡི་ཆད་སང་དུས་མེད།།
དེས་ན་རིགས་མཐུན་སྐྱེ་བོས་མགྲིན་གཅིག་ཏུ།།
བསྒྲགས་པའི་ངར་སྐད་ཁོ་ན་མི་ཉན་པར།།
སྐབས་སུ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས།།
གཟུ་བོའི་དྲང་གཏམ་ཙམ་ཡང་སྨྲ་བར་མཛོད།།
ཅེས་པ་ལྟར་ཡིན་ནོ།།
https://www.youtube.com/watch?v=jCVNGtopHJU&t=340s