བསྟན་འཛིན་རབ་དགའ།
མང་ཚོགས་ནང་བཀའ་ཤག་གིས་ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་ཁས་ལེན་དང་ཉམས་ལེན་བྱེད་ཀྱི་རེད་དང་མ་རེད་ཟེར་ནས་དོགས་སློང་བྱེད་བཞིན་འདུག སྤྱིར་བཏང་བྱས་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་དམངས་གཏུགས་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་བཅུ་གསུམ་པའི་ཆ་རྐྱེན་འོག་ནས་ཆོད་ཡིག་རིམ་པ་ལ་ཁས་ལེན་མཚན་རྟགས་བཀོད་ཡོད་སྟབས། བཅད་ཁྲ་ཉམས་ལེན་བྱེད་དང་མི་བྱེད་ལ་དོགས་པ་མི་དགོས་པ་ལྟ་བུ་རེད།
ཆོད་ཡིག་དེ་དག་གི་ཚིག་དོན་གཤམ་ན་ངོ་སྤྲོད་བྱས་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། སྲིད་སྐྱོང་དང་བཀའ་ཤག་ལྷན་རྒྱས་གནམ་གྲུ་གཏོང་མི་ཤེས་མཁན་དེ་འདྲ་མ་རེད། ཆོད་ཡིག་དེ་དག་གཤམ་ན་བཀོད་ཡོད།
གཅིག མོས་མཐུན་ཆོད་ཡིག
མོས་མཐུན་ཆོད་ཡིག་གི་ཚིག་དོན་ནི། “ང་རང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་འོག་ཏུ་ཞུགས་རྒྱུ་དང་། བཙན་བྱོལ་བོད་མི་ཞིག་ཡིན་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཅས་པའི་ཁྲིམས་སྒྲིག་ཁག བྱེ་བྲག་ཏུ་ཆེ་མཐོའི་ཁྲིམས་ཞིབ་ཁང་གིས་བཅས་པའི་སྤྱི་དམངས་གཏུགས་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་གྱི་ཁྲིམས་ཡིག དེ་དག་གི་འབྲེལ་ཆགས་བཅས་ལ་མོས་མཐུན་བརྩི་བཀུར་ཞུ་རྒྱུ་ཡིན། ངས་ཁྲིམས་ཞིབ་ཁང་ནས་གོང་གསལ་ཁ་མཆུའི་ཐོག་བཏང་བའི་བཅད་ཁྲའམ། བཀའ་རྩ། བཀའ་ཁྱབ་གང་གནང་ལ་ཁྲིམས་ལུགས་དེ་དག་གཞིར་བཟུང་ཁྲིམས་འོག་ནོན་པར་ངོས་འཛིན་གྱིས། རང་དབང་གི་ཐོག་ནས་དང་ལེན་མོས་མཐུན་བརྩི་བཀུར་ཉམས་ལེན་ཞུ་རྒྱུའི་ཆོད་ཡིག་ཏུ།” ཞེས་པ་འདི་རེད།
གཉིས། ལག་བསྟར་དམ་ཡིག
དམ་ཡིག་དེར། “ངས་ཁྲིམས་ཞིབ་ཁང་གི་མདུན་དུ་ང་རང་གནས་ཡུལ་ཁྲིམས་ཁང་ནང་ཡོད་པ་ནང་བཞིན་ཡ་རབས་ཚུལ་མཐུན་དང་། བཟང་སྤྱོད་ལ་དོ་སྣང་དང་སྲུང་བརྩི། ཀུན་སྤྱོད་ལེགས་སྟོན། སྐྱོན་ནམ། འཇིགས་སྐུལ་ལམ། ཡུལ་ཁྲིམས་ཀྱི་འོག་ནས་ཁྱད་གསོད་ལ་འགྲོ་གཞིའི་བྱ་སྤྱོད་རྣམས་སྤོང་རྒྱུ་དང་། བྱ་རིམ་མམ། ཁྲིམས་ཁང་གི་ཆེ་མཐོང་ལ་སྤྱོད་ཚུལ་གང་གིས་ཆ་ནས་གེགས་སམ། བར་ཆད་མི་གཏོང་རྒྱུའི་ཁས་ལེན་དང་ལག་བསྟར་ཞུ་རྒྱུ་ཡིན། དེར་མ་ཟད། ངས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་། བཀའ་རྩའམ། བཀའ་ཁྱབ་ལ་བརྩི་འཇོག་མི་བྱེད་པའམ། བརྩི་བཀུར་མི་བྱེད་པ་མི་བྱེད་པའི་ཁས་ལེན་དང་ལག་བསྟར་ཞུ་རྒྱུ་ཡིན། ལྷག་དོན་དུ། ང་རང་མོས་མཐུན་ཆོད་ཡིག་འོག་ཡོད་པས་དེའི་འབྲུ་དོན་འགལ་རིགས་ལ་ཁྲིམས་ཞིབ་ཁང་ནས་ཆད་འགེལ་བཀའ་ཁྱབ་ཇི་གནང་ལྟར་བསྒྲུབ་འབུལ་ལག་བསྟར་ཞུ་རྒྱུ་ཡིན་” ཞེས་གསལ་ཡོད།
གསུམ། བཅད་ཁྲ་ལག་བསྟར།
བཅད་ཁྲ་ཁས་ལེན་དང་ཉམས་ལེན་མི་བྱེད་པ་བྱུང་ན། དེར་ཁྲིམས་ཞིབ་ཁང་གིས་ག་རེ་བྱེད་དགོས་པ་དེ་ཡང་ང་ཚོའི་ཁྲིམས་ཡིག་ཏུ་གསལ་བ་ཞིག་རེད། སྤྱི་དམངས་གཏུགས་བཤེར་འགྲོ་ལུགས་ཁྲིམས་ཡིག་གི་དོན་ཚན་ལྔ་བཅུ་ང་གཅིག་པར་གསལ་བ་ལྟར་ན།
1) བཅད་ཁྲའི་དགོངས་དོན་ཉམས་ལེན་དུས་ཐོག་ལག་བསྟར་མི་བྱེད་མཁན་བྱུང་ན། དེར་ཁྲིམས་ཞིབ་ཁང་ནས་བཀོད་ཁྱབ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་ལས་འགན་ལེན་དགོས། ལག་ལེན་དོན་འཁེལ་འབྱུང་སླད་འབྲེལ་ཆགས་བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ལ་དེའི་ཐོག་ལག་བསྟར་མཇུག་གནོན་བྱེད་དགོས་པའི་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་གཏོང་ཆོག་པ་ཡིན། དེ་བཞིན་བཅད་ཁྲ་ཉམས་ལེན་ལག་བསྟར་དོན་འཁེལ་འབྱུང་སླད་ད་དུང་དགོས་གལ་བྱུང་ན་བཀའ་ཤག་གིས་འབྲེལ་ཆགས་གྱོད་ཡར་ས་གནས་སྤྱི་མང་ཁྲིམས་ཁང་ནས་རོགས་སྐྱོར་ལེན་ན་ཆོག་པའི་བཀོད་ཁྱབ་གཏོང་འཐུས།
2) གྱོད་ཡ་སུ་རུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་། བཀའ་རྩ། བཀའ་ཁྱབ་བཅས་ལ་བརྩི་མེད་བྱས་ཚེ། གནས་ཡུལ་གཞུང་གི་ཁྲིམས་ཐོག་ནས་འབྲེལ་བ་མེད་པའི་དོ་བདག་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ དང་། ༦༣། ༩༧། ༡༠༧ ནང་གསལ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་གྱི་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་དང་། བོད་མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་གནས་ཕབ་གནས་དབྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྦྱོར་སྤྲོད་མཚམས་གཅོད། གཞན་གང་རུང་བཅས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱེད་ཆོག ཁྲིམས་ཞིབ་ཁང་གིས་དེ་ལྟར་ཐག་གཅོད་བྱས་པའི་བཀའ་ཁྱབ་ཀྱི་ངོ་བཤུས་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སུ་ཡིན་ལ་ལག་བསྟར་མཇུག་གནོན་བྱ་རྒྱུར་འགན་བསྐུར་བཀའ་ཁྱབ་གཏོང་རྒྱུ་དང་། བཀའ་ཁྱབ་དེའི་ངོ་བཤུས་མཁྱེན་རྟོགས་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བཀའ་ཤག ཚོགས་དྲུང་ལས་ཁུངས་བཅས་སུ་གཏོང་རྒྱུ། གོང་ཞུས་ཐོབ་ཐང་ཡོད་པའི་གྱོད་ཡ་གཅིག་ལས་མང་བ་ཡོད་པའི་ཁྲོད་ནས་གཅིག་གམ་དུ་མས་གོང་ཞུ་བྱས་ཚེ། གོང་ཞུ་འབུལ་མཁན་ཕུད་པའི་གྱོད་ཡ་བྱིངས་ནས་གཏན་འབེབས་དུས་ཚེས་ནང་ཚུད་བཅས་ཁྲ་ཉམས་ལེན་བྱེད་དགོས་པ་ཡིན།”
འདི་འདྲ་ཡིན་སྟབས། ད་རེས་བཅད་ཁྲ་ཁས་ལེན་མི་བྱེད་པ་དེ་འདྲ་གནང་སྲིད་ཀྱི་མ་རེད་སྙམ། གང་ལ་ཟེར་ན། བཅའ་ཁྲིམས་དོན་ཚན་ ༢༢ པ་བཀའ་བློན་གྱི་འོས་འདེམས་དང་། དོན་ཚན་ ༦༣ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། དོན་ཚན་ ༩༧ པ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང༌། འགན་དབང༌། དོན་ཚན་ ༡༠༧ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ པ་རུ། “སྒྲིག་གཞི་འདིས་སྲིད་སྐྱོང་དང༌། བོད་མི་མང་སྤྱི་འཐུས་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཚོགས་གཙོ། དྲུང་རྩིས་དང་དངུལ་གཉེར་བཅས་ཀྱི་འོས་བསྡུ་ཁག་དང༌། ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱིས་མཚོན་འཆར་འཕར་གཞུང་འབྲེལ་འོས་བསྡུའི་ལས་དོན་ཐམས་ཅད་ལ་ཁྱབ་པ་ཡིན།” ཞེས་པའི་ཐོབ་ཐང་རྣམས་རང་བཞིན་གྱིས་ཤོར་འགྲོ་བ་ཞིག་ཆགས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྦྱོར་སྤྲོད་མཚམས་ཆད་འགྲོ་བ་རེད་འདུག
དེ་ལྟར་ན། ཁྲིམས་སྒྲིག་ལ་ལྟོས་མེད་ཀྱིས་ནང་སྲིད་བཀའ་བློན་དང་ཆོས་རིག་བཀའ་བློན་རྣམ་པ་གཉིས་ལ་ཆེད་དུ་བཞེངས་པའི་བགྲེས་ཤག་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྤྲོད་མཚམས་འཇོག་རྒྱུ་དེའི་ཁོངས་སུ་ཚུད་ཀྱི་ཡོད་སྲིད། སྲིད་སྐྱོང་དང་བཀའ་བློན་རྣམ་པས་ཕམ་པའི་སྒང་ལ་ཤོར་བ་འདི་འདྲ་གནང་ཨེ་ཡོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ངོ་སྤྲོོོད་གནང་འདུག་པ་བཀྲིན་ཆེ་ཁ་མཆུ་ཨང་ཉི་ཤུ་གི་བཅད་ཁྲ་དེབ་གཉིས་ཅན་ཤོག་གྲངས་1028 ཙམ་ཡོད་བཟོ་འདུག་པ་དེ་དག་མི་མང་ནས་གསལ་པོ་ཤེས་རྟོགས་ཐུབ་པའི་ཆེད་དྲ་རྒྱ་དང་གསར་ཤོག་སྟེང་བཀོད་ཐུབ་ན་དངོས་ཡོད་གནས་སྟངས་མི་མང་ནས་གསལ་པོ་ཤེས་ཐུབ་པའི་དགེ་ཚན་ཡོད་པ་བཅས།
བགྲེས་ཤག་གཉིས་དེ་ཕྱིར་བསྡུ་བྱེད་དགོས།
རང་བཙན་མེད་མཁན་གྱི་བོད་པ། མཐུན་འབྲེལ་མེད་མཁན་གྱི་བོད་པ། ས་ཁང་འདུམ་ཁང་ཙམ་མེད་མཁན་གྱི་བོད་པ། ནང་འཁྲུགས་ཁོ་ནར་ཅན་གྱི་བོད་པ། ཕྱོགས་རིས་ཁོ་ནར་ཅན་གྱི་བོད་པ། རྙོགས་དྲ་ཁོ་ནར་ཅན་གྱི་བོད་པའི་སྒྲིག་འཛུགས་དེ་སྒོ་རྒྱོབས་ན་ལེགས། སོ་སོ་ལུང་མཚན་གྱི་ཚོགས་པ་ཞིག་ལས་མེད་ན་འགྲིག། ད་ནས་བཟུང་ཆོལ་གསུམ་ཐུན་མོངས་ཀྱི་སྒྲིགས་འཛུགས་སྒོ་རྒྱོབས། ཨ་མདོ་ཆོལ་ཁའི་ཚོགས། དབུས་གཙང་ཚོགས་པ། མདོ་ཁམས་ཚོགས་པ་ཞེས་ཙམ་འགྲིག དཀའ་རྙོགས་ག་རེ་བྱུང་ས་གནས་རྒྱ་གར་གཞུང་ཁྲིམས་ལུགས་བརྟེན་ན་དེ་ནས་ཕན་ཚུན་གང་ཡང་དཀའ་ངལ་མེད་དོ།
ཨ་ཤོ་ཀ
ཁྱེད་གཏི་ཐུག་དེ་འདྲ་མ་གནང་། ང་ཚོའི་ལོ་རྒྱུས་ལ་བལྟས་སྐབས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་འགའ་ཞིག་གིས་ཆོལ་གསུམ་གཅིག་སྒྲིལ་བྱ་རྒྱུའི་དམ་འབུལ་བྱས་ཀྱང་། ཕྱོགས་གཞན་ཞིག་ནས་ཆོལ་གསུམ་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་བྱ་ངན་རིམ་པར་བྱུང་ཡོད། དཔེར་ན། བྱ་རྒོད་རྣམ་རྒྱལ་རྡོ་རྗེ་སོགས་ཚོ་ཁག་བཅུ་གསུམ་དང་། རྒྱ་ལོ་དོན་གྲུབ་སོགས་ཆིག་སྒྲིལ་ཚོགས་པ་གཉིས་ལོ་ཤས་ཁྱོད་ཤི་ང་གསོན་འཐབ་རྩོད་བགྱིས་པ་དང་། དེ་རྗེས་ཀུན་བཟང་བླ་མ་དང་རྒྱ་རི་པད་མ་རྒྱལ་པོ་སོགས་བོད་སོག་ལས་ཁུངས་ཀྱི་ཕོགས་གཟན་ནང་མ་འཆམས་པའི་འཐབ་རྩོད། ཡང་ལི་ཐང་ཨ་ཐར་ནོར་བུ་སོགས་བོད་སོག་ལས་ཁུངས་ཀྱི་ཕོགས་གཟན་རྣམས་ཀྱིས་དཀའ་རྙོག་རིམ་པར་བཟོས་ཀྱང་། ༸གོང་ས་མཆོག་དང་གཞི་རིམ་གྱི་མང་ཚོགས་རྣམས་ཀྱི་མཐུན་སྒྲིལ་དང་སྟོབས་ཤུགས་ལ་གཡོ་འགུལ་ཐེབས་མེད། དེང་སྐབས་སྲིད་སྐྱོང་གི་མིང་འཐུར་ལི་ཐང་པ་བློ་བཟང་སངས་རྒྱས་ཀྱིས་ཁྲིམས་ཐག་བཅད་པའི་བཅད་ཁྲ་ཁས་བླངས་ཀྱང་རུང་། མ་བླངས་ཀྱང་རུང་། ཁོ་པའི་ཕྱོགས་གཏོགས་མི་འགའ་ཞིག་གིས་བ་རེ་བེ་རེ་ཏོག་ཙམ་བྱེད་ཀྱི་རེད་ཀྱང་། སྔར་བཞིན་གཞི་རིམ་མང་ཚོགས་རྒྱ་མཚོ་བཞིན་འཁྱིལ་ལེར་ཡོད་དུས་གཏོར་བཤིག་ནམ་ཡང་གཏོང་ཐུབ་ཀྱི་མ་རེད། ལི་ཐང་པ་བློ་བཟང་སངས་རྒྱས་འདི་པ་སྔོན་ཆད་ང་ཚོས་འདེམས་ཉེས་ཤོར་བ་རེད།
དེང་སྐབས་ང་ཚོ་དབུས་གཙང་པར་མི་འདི་འདྲ་རྩ་བ་ནས་མི་དགོས། མདོ་སྨད་པ་ལ་ཡང་དགོས་པ་ཡོད་མ་རེད། ཁམས་པ་ཚང་མ་ལ་ཡང་དགོས་པ་མི་འདུག ཁམས་པ་ཉུང་ཤས་ལ་དགོས་ན་ད་ཁྲིད་འགྲོ་རོགས།
བཅད་ཁྲ་ཁས་ལེན་མི་བྱེད་ན། མི་མང་སྡེབས་ལངས་ཀྱིས་བཀའ་ཤག་ཉི་མ་གཅིག་ལ་མར་ཕུད་བཞག་པ་ལས་ལམ་ཁ་གཞན་མེད་པ་རེད།
ད་འགྲིག་སོང་བཤད་དགོས་ཡ་འདྲ་འདུག་གམ་ད་རུང་བཤད་ནས་བསྡད་ན་དེ་ལ་དཀྲུགས་ཤིང་གི་དངོས་འཛིན་ཡོད།
བཀའ་ཤག་ཁྲིམས་ལུགས་གཞི་ལ་བཞག་ནས་འགྲོ་བ་ལ་ཡིད་ཆེས་ཡོད་་་་མི་སུ་དང་སུ་ཡིན་ན་ཡང་ནོར་འཁྲུལ་མེད་ས་ཞིག་ཧ་ལམ་ཁག་པོ་རེད་དེར་བརྟེན་གནས་ཚུལ་འདིའི་རིགས་ད་འཚམས་བཞག་ན་འགྲིག་གི
དུས་ཚོད་མ་རྫོགས་བར་དུ་སྲིད་སྐྱོང་གིས་བཅད་ཁྲ་ཁས་ལེན་དང་མི་ལེན་གྱི་སྐོར་ལ་རྩོམ་གང་ཡང་མ་སྤེལ་ན་བཟང་གི་སྙམ། མི་སུ་འདྲ་ཞིག་ཡིན་ཀྱང་ནོར་འཁྲུལ་ཤོར་སྲིད་པ་ཞིག་རེད་ལ། ནོར་འཁྲུལ་ཤོར་བ་དེ་ངོས་ལེན་བྱས་ན་སྲིད་སྐྱོང་གི་གཟི་བརྗིད་ཡིན་པ་ལས་སྐྱོན་ཅང་མ་རེད། ད་མི་མང་གི་ངོས་ནས་གང་ཡང་མི་བཤད་པར་སྒུག་དགོས་པ་རེད། དེ་ཙམ་ཡིན། །
བསྟན་འཛིན་རབ་དགའ་་་ད་དུང་སུམ་རྟགས་དག་གསུམ་ཡག་པོ་སྦྱོངས། དེ་ནས་རྩོམ་ཉོག་འབྲི་རྒྱུ་ནགོ་འཛུག་ན་ལེགས། ངས་ཁྱེད་རང་བུ་རམ་ཞིག་སྦྱིན།
སྐད་འཕྲིན་ཚོགས་པ་ནས་གསེར་ཞིག་རྙེད།
ཁ་མཆུ་ཨང་ ༢༠ པའི་བཅད་ཁྲས་གསལ་པོ་བཟོས་པ་ལྔ།
གཅིག བཀུར་འོས་རྒྱ་ཆེ་མི་མང་གིས་ད་བར་དྲང་བདེན་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོང་སླད། ཞི་བའི་ལས་འགུལ་སྣ་མང་སྤེལ་བ་རྣམས་བོད་སྤྱི་པའི་དོན་དག་རང་གི་ཆེད་དུ་ཡིན་པ་གསལ་བོ་བཟོས་ཟིན།
གཉིས། སྲིད་སྐྱོང་གི་མཚན་འཁུར་པའི་ལས་ཐོག་བློ་བཟང་སངས་རྒྱས་ལ་སྤྲེལ་ལད་འཁྲབ་མཁན་ཁ་ཤས་གནད་ཡོད་མི་སྣའི་ནང་བྱུང་སྟེ། རྔ་བ་ཚེ་རྒྱམ་གྱིས་༧གོང་ས་མཆོག་ལ་འདྲ་མིན་ཞུས་པ། དྲུང་ཆེ་རེ་གཉིས་ཀྱིས་གོ་གནས་ཆེད་དྲང་པོའི་གཞུང་སྲིང་མ་ཐུབ་པ། སྐབས་འཚོལ་པ་ཟླ་སྒྲོན་ཤར་གླིང་གིས་རང་དོན་ཁོག་བཅུག་གིས་བོད་ཀྱི་སྤྱི་ཚོགས་དཀྲུགས་པ་བཅས་ཀྱི་བྱ་སྤྱོད་རྣམས་བྱབ་ཆུང་དང་ཞབས་འདྲེན། མ་འོངས་པར་དོགས་ཟོན་བྱེད་དགོས་རིགས་ཡིན་པ་གསལ་པོ་བཟོས་ཟིན།
གསུམ། སྲིད་སྐྱོང་གི་མཚན་འཁུར་པའི་ལས་ཐོག་བློ་བཟང་སངས་རྒྱས་ལ། ལུང་ཚན་ལི་ཐང་གི་ཞེན་ཁོག་སྐམ་པོས། མདོ་སྟོད་རྒྱ་ཆེ་མི་མང་གི་མཚན་ལར་ནག་ཐིག་ཕབ་མཁན། ལི་ཐང་ཨ་ཀྲུག་ཚེ་བརྟན། ལི་ཐང་བློ་བཟང་གྲགས་པ་བཅས་མི་ཁ་ཤས་ཡིན་པ་གསལ་པོ་བཟོས་ཟིན།
བཞི། བཀའ་ཤག་གིས་ད་དུང་དྲང་བདེན་ལ་མ་འདོད་པའི་རྣམ་འགྱུར་བསྟན་ན། བོད་རྒྱ་ཆེ་མི་མང་སྡེབས་ལངས་ཀྱིས་བཀའ་ཤག་ཕྱིར་ཕུད་གཏོང་ཉེན་ཡོད་པ་གསལ་བོ་བཟོས་ཟིན།
ལྔ། བཙན་བྱོལ་བོད་མི་སྤར་མོ་གང་ལས་མེད་ཀྱང་། མང་གཙོ་ཡང་དག་པའི་ལམ་དུ་འགྲོ་བཞིན་པ་དང་། དགྲ་བོ་རྒྱ་ནག་དམར་གཞུང་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་བཀོད་པ་གཉིས་གསལ་པོ་བཟོས་ཟིན།།
ཧཧཧཧ་མང་གཙོ་ཡང་དག་པ་། མངའ་བ་ཚེ་རྒྱམ་ལི་ཐང་རེད། བཀའ་ཤག་ཡོང་རྫིགས་་མི་ཐང་རེད། ཤར་གླིང་ཟླ་སྒྲོན་ལི་ཐང་རེད། ཟློས་གར་འགན་འཛིན་ལི་ཐང་རེད། སྨན་རྩིས་འགན་འཛིན་ལི་རེད། ༧ གོང་ས་མཆོག་ལི་ཐང་རེད། ཧཧཧཧཧ
ཨ་ཡ་ཡ། འདྲེ་ཡིས་མ་དྲན་གོང་ནས་ནད་པས་དྲན་ཀི་མ་འདུག་ཡ།
གཞུང་པ་ཚེ་དབང་བསིད་ནམས་ལགས།
ཁ་མཆུ་ཨང་ 20 པའི་བཅད་ཁྲ་གཤམ་གྱི་ཁ་བྱང་ནས་གཟིགས་ཐུབ་པ་འདུག
https://trimzin.net/casefiles/%E0%BD%81%E0%BC%8B%E0%BD%98%E0%BD%86%E0%BD%B4%E0%BC%8B%E0%BD%A8%E0%BD%84%E0%BC%8B%E0%BC%8D-%E0%BC%A1%E0%BC%A8/
བྱང་ཆུབ་ལོ་མ་ལགས་ཐུགས་རྗེ་ཆེ་བཀྲིན་ཆེ།
ཆེ་མཐོའི་ཁྲིམས་ནས་བཀའ་བཞིན་བཀའ་ཤག་ནས་དགོངས་དག་མ་ཞུས་ན་བཀ་ཤག་དང་བློ་སངས་ཀྱི་ངོ་གདོང་ངོ་མ་མཐོང་གི་རེད། ཧ་ཧ་་་་་་