བསྟན་འཛིན་དབྱངས་གསལ།
ཉིན་ཤས་སྔོན་ལ་ཡིག་ངག་གཉིས་ཐོག་ནས། མིག་ཡོད་ལོང་མཆོང་བྱེད་ཀྱིན་པའི་བློ་སེང་གི་རྒྱབ་སྐྱོར་བ་ཁག་ཅིག་གིས། བོད་ཀྱི་ཟློས་གར་ཁང་དབུས་བརྙེས་ཏེ་ལོ་ངོ་ཧྲིལ་བོ་དྲུག་ཅུ་འཁོར་བའི་ཉིན་ལ་གཏམ་བཟང་ཞིག་ཡོད་པ་དྲ་ལམ་གང་ཡིན་སར་འུར་སྒྲོག་བྱས་སོང་། དེའང་༧གོང་ས་མཆོག་གིས་ཉེ་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་བའི་སྐོར་ལ་བཀའ་སློབ་གནང་ཤག་གིས་འུར་སྒྲོག་གནམ་ལ་མི་ཤོང་བ་བྱས་སོང་མོད། འོན་ཀྱང་བློ་སེང་དང་ཁོའི་རྒྱབ་སྐྱོར་བ་ཚོའི་བསམ་དོན་གང་ཡང་འགྲུབ་མ་སོང་། ལོས་ཡིན། ༧གོང་ས་མཆོག་ནི་འགྲོ་བ་མིའི་བདེན་པ་དང་སྲོང་པོ། འདྲ་མཉམ་དང་རང་དབང་བཅས་ཀྱི་མཚོན་རྟགས་བླ་ན་མེད་པ་དེ་ཡིན་དུས། མི་སྒེར་བ་ཁག་ཅིག་གི་ནོར་འཕྲུལ་དེ་དཀར་འདོན་མི་བྱེད་པ་ནི། ༧ཁོང་གི་རྩ་བའི་དམ་བཅའ་དང་ལངས་ཕྱོགས་སོ།།
སྐབས་འདིར། བློ་ཡུལ་དུ་མི་ཤོང་བ་ཞིག་ལ། གཏམ་བཟང་ཞིག་ཡོད་པའི་ཇུས་འགོད་པ་སུ་ཡིན་ནམ། དེ་བས་ཀྱང་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་དེ་བེད་སྤྱོད་གཏོང་ཕོད་པའི་བློ་ཁོག་འདི་གང་ནས་བྱུང་། བག་ཚ་བྲལ་བའི་བྱ་སྤྱོད་འདིའི་རིགས་ཀྱིས་༧གོང་ས་མཆོག་གི་སྣང་བརྙན་ལ་གནོད་སྐྱོན་ག་འདྲ་ཐེབས་རྒྱུ་འདུག་གམ། མདོར་ན་ཁྲིམས་ཀྱིས་ཐག་ཆོད་གཙང་མ་བྱས་པའི་བཅད་ཁྲའི་སྐོར་ལ་༧གོང་ས་མཆོག་རྒྱབ་རྟེན་དུ་ཁྱེར་འདོད་པ་ནི་འཁྲུལ་སྣང་གི་དབང་དུ་ཤོར་བའི་རྨི་ལམ་སྐྱིད་པོ་ཞིག་རྨིས་པ་དང་ཨ་ན་མ་ན་མཚུངས་སོ།།
ལར་ནས་རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ན། ཆེས་བླ་ན་མེད་པ་ནི་ཁྲིམས་དང་དེའི་སྟངས་འཛིན་པ་ཁྲིམས་དཔོན་རྣམ་པ། ལྷག་པར་ཁྲིམས་ལུགས་དང་མཐུན་པའི་བཅད་ཁྲ་ཡིན་པ་ནི། རྒྱུན་ཤེས་སྤྱིར་བཏང་བའི་ཐོག་ནས་རྟོགས་ཐུབ་པ་ཞིག་རེད་དེ། ད་ཐེངས་བློ་སེང་དང་ལོ་གཅིག་ཙམ་ལས་མེད་པའི་ཁོའི་བཀའ་ཤག་ལྷན་རྒྱས། ཁོའི་རྒྱབ་སྐྱོར་བ་མིག་ལྡན་གཡང་མཆོང་བ་རྣམས་ཀྱི་ཕྱོགས་རིས་པའི་བསམ་ངོར། ཁྲིམས་དང་ཁྲིམས་དཔོན་རྣམ་པ་ནི་ཕྱོགས་ལྷུང་གི་ར་བཟི་བ་རྐྱང་རྐྱང་ལ་ངོས་འཛིན་བྱས་སོང་། མ་ཟད་ཁོ་ཚོར་ཁྱད་ཆོས་ཤིག་ཡོད་པ་ནི། འུར་སྒྲོག འཇིགས་སྐུར། སྐུར་འདེབས། ཁྱད་གསོད། ལོག་ལྟ་བཅས་སོ།།
གང་ན་ཁྲིམས་དང་། ཁྲིམས་ཀྱིས་བཅད་པའི་བཅད་ཁྲ་དེར་ཡིད་ཆེས་དང་བློ་འགེལ་མེད་ན། དེ་ནི་གང་ཟག་གི་དབང་བསྒྱུར་ཁོ་ནའོ།། མདོར་ན་བདེན་སྟོབས་ཀྱི་ཕྱུག་པའི་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་དེ་བཀླགས་ཚར། བླ་ན་མེད་པའི་ཁྲིམས་ཀྱི་ནུས་སྟོབས་དེ་མཐོང་སོང་། དྲང་བདེན་སྐྱོང་བའི་ཁྲིམས་དཔོན་རྣམ་པའི་སྙིང་སྟོབས་དེ་མཇལ་སོང་། རྣམ་ཐག་ཞིབ་མོ་འབྱེད་པའི་བཅད་ཁྲ་དེ་རིག་སོང་། ཨ་ནི་སྙིད་མོའམ་ཤར་གླིང་ཟླ་སྒྲོན་གྱི་གཡོ་ཁྲམ་དེ་ལྷང་ལ་བུད་འདུག བློ་སེང་གི་ཁྲིམས་རྩོད་པ་བསྙད་པའི་བློ་གྲགས་ཟེར་བ་འདིའི་ཁྲིམས་ལུགས་ཤེས་ཡོན་གྱི་ཚད་གཞི་དེ་བཤམས་འདུག ཁྲིམས་ཀྱི་མཁས་མིང་བཙན་གྱིས་འཛིན་གྱིན་པའི་བློ་སེང་གི་ཁྲིམས་ཀྱི་གདེང་ཚོད་དེ་བསྟན་འདུག་གོ།།
༢༠༡༩།༡༠།༢༩ཉིན་ལ་ཕྲན་གྱི་བུ་མོའི་སྐྱེས་སྐར་ལ་ཤར་མར་བྲིས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་ཟིན་པ་ཡིན་སྟབས། ཁྲིམས་ཞིབ་པའི་ཐག་གཅོད་དང་། སྤྱི་འཐུས་ཀྱི་ཁྲིམས་བཟོ། བཀའ་ཤག་གི་གནང་སྒོ་བཅས་ལ་ཐེ་བྱུས་གནང་རྒྱུ་མིན་པ་ང་འབྲོག་པས་ཀྱང་ཤེས། ལར་ནས་དོན་གཅོད་འཕོ་སྒྱུར་ཟེར་བའི་སྐོར་ལ། མཚན་གནས་རྗེས་འབྲེལ་ལམ་སྟོན་ནམ། ཡར་བཀའ་ཤག་ནས་ནན་ཞུ་བྱས་པར་ངོས་བཞེས་གནང་བ་ཡོད་སྲིད་ཀྱང་། ཨ་རི་སྐུ་ཚབ་དོན་གཅོད་འཕོ་སྒྱུར་བཏང་ཟིན་པའི་རྗེས་ཀྱི་གསལ་བཤད་དོན་ཚན་བཅུ་པོ་ནི། བཀའ་ཤག་གིས་བཏང་བ་ད་རེས་ཁྲིམས་སར་ཁུངས་མ་འཁྱོལ་བ་དེར། ༧གོང་ས་མཆོག་དང་འབྲེལ་བ་གང་ཡང་མེད་པ་ཞིག་ལ་དེ་བས་ཀྱང་ཐེ་བྱུས་གང་ནས་གནང་། གནང་གི་མ་རེད་དོ།།
རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ན། ཆེས་བླ་ན་མེད་པ་ནི་ཁྲིམས་དང་དེའི་སྟངས་འཛིན་པ་ཁྲིམས་དཔོན་རྣམ་པ། ལྷག་པར་ཁྲིམས་ལུགས་དང་མཐུན་པའི་བཅད་ཁྲ་ཡིན་པ་ནི། རྒྱུན་ཤེས་སྤྱིར་བཏང་བའི་ཐོག་ནས་རྟོགས་ཐུབ་པ་ཞིག་རེད་དེ། ད་ཐེངས་བློ་སེང་དང་ལོ་གཅིག་ཙམ་ལས་མེད་པའི་ཁོའི་བཀའ་ཤག་ལྷན་རྒྱས། ཁོའི་རྒྱབ་སྐྱོར་བ་མིག་ལྡན་གཡང་མཆོང་བ་རྣམས་ཀྱི་ཕྱོགས་རིས་པའི་བསམ་ངོར། ཁྲིམས་དང་ཁྲིམས་དཔོན་རྣམ་པ་ནི་ཕྱོགས་ལྷུང་གི་ར་བཟི་བ་རྐྱང་རྐྱང་ལ་ངོས་འཛིན་བྱས་སོང་། མ་ཟད་ཁོ་ཚོར་ཁྱད་ཆོས་ཤིག་ཡོད་པ་ནི། འུར་སྒྲོག འཇིགས་སྐུར། སྐུར་འདེབས། ཁྱད་གསོད། ལོག་ལྟ་བཅས་སོ།།
གང་ན་ཁྲིམས་དང་། ཁྲིམས་ཀྱིས་བཅད་པའི་བཅད་ཁྲ་དེར་ཡིད་ཆེས་དང་བློ་འགེལ་མེད་ན། དེ་ནི་གང་ཟག་གི་དབང་བསྒྱུར་ཁོ་ནའོ།། མདོར་ན་བདེན་སྟོབས་ཀྱི་ཕྱུག་པའི་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་དེ་བཀླགས་ཚར། བླ་ན་མེད་པའི་ཁྲིམས་ཀྱི་ནུས་སྟོབས་དེ་མཐོང་སོང་། དྲང་བདེན་སྐྱོང་བའི་ཁྲིམས་དཔོན་རྣམ་པའི་སྙིང་སྟོབས་དེ་མཇལ་སོང་། རྣམ་ཐག་ཞིབ་མོ་འབྱེད་པའི་བཅད་ཁྲ་དེ་རིག་སོང་། ཨ་ནི་སྙིད་མོའམ་ཤར་གླིང་ཟླ་སྒྲོན་གྱི་གཡོ་ཁྲམ་དེ་ལྷང་ལ་བུད་འདུག བློ་སེང་གི་ཁྲིམས་རྩོད་པ་བསྙད་པའི་བློ་གྲགས་ཟེར་བ་འདིའི་ཁྲིམས་ལུགས་ཤེས་ཡོན་གྱི་ཚད་གཞི་དེ་བཤམས་འདུག
གཏམ་བཟང་ཡིན་དང་གཏམ་ངན་ཡིན་བཅད་ཁྲ་ཆ་ཚང་ཀློག་ན་ཤེས་ཐུབ།
ཡང་གཏམ་བཟང་ལ་ངོས་འཛིན་དགོས་པ་རེད་དམ་གཏམ་ངན་ལ་ངོས་འཛིན་དགོས་པ་རེད་ཁ་མཆུ་ཨང་21ཧཧཧ