ཨ་ནུ་ཐང་བསོད་ནམས་ཀྱིས་ཆེ་ཁུ་རྒྱལ་ས་ཕ་རྰ་རྒུ་ནས་སྥྱི་ལོ ༢༠༡༠ལོར་ཟླ ༦་ཚེས ༢༡ ཉིན
—————
སྒོམ་བདེ་ཡི་ཁ་སྤོབས་ཀྱི་སྒོ་ནས་གནད་དོན་མང་པོ་ཞིག་ཏུ་ཁ་ཚོན་གཅད་ནས་བཤད་པ་ནི་མོས་མཐུན་བྱེད་དཀའ་ལ་གནས་ཚུལ་དེ་སྐུ་ཉིད་འཇིག་རྟེན་གྱི་སྐད་ཡིག་འཕེལ་རིམ་ལ་རྒྱུས་མངའ་མེད་པའི་རྟགས་སུ་འཁུམས་ཏེ། བོད་ཀྱི་སྐད་ཡིག་ལེགས་སྦྱར་ནས་འོང་བའི་དབང་བཏང་ཡང་དུས་ཀུན་དེ་དང་སྟུན་དགོས་བའི་ངེས་པ་མེད་ཅིང་། སྐད་ཡིག་ནི་མིའི་དགོས་མཁོ་དང་སྟུན་ནས་ལེགས་བཅོས་སྟངས་དགོས་བ་ལས་གཞུང་ལུགས་བྱེ་བྲག་པ་ཞིག་ཏུ་གཞི་བཅོལ་བའི་རྟག་བརྟན་ཐེར་ཟུག་གི་སྐད་ཡིག་ཅིག་མེད་ལ། གལ་སྲིད་དེ་ལྟར་ཡོད་ན་སྐད་ཡིག་འཕེལ་རྒྱས་དང་ལེགས་བཅོས་གཏང་བའི་གནས་མེད་དེ། གཞུང་ལུགས་ནི་སྐད་ཡིག་འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་འགྱུར་བས་སོ། ཡོད་ཚད་དུས་ཀུན་གཞུང་ལུགས་ཤིག་དང་སྟུན་པའི་ཐེར་ཟུག་གི་སྐད་ཡིག་ཅིག་མེད་ལ་མ་འོངས་བའང་ཡོང་མི་སྲིད་དེ་གཞུང་ལུགས་དེ་མིའི་སྐྲུན་པས་གཞུང་ལུགས་དེས་མི་འདོད་བློ་སྐོང་བའི་ནུས་པ་ཟད་ཚེ། དེར་སྒྱུར་བཅོས་བཏང་བའི་དབང་ཚད་ཆ་ཚང་གཞུང་ལུགས་དེ་བཀོད་སྤྱོད་བཏང་མཁན་གྱི་མི་མང་ལ་ཡོད། རྒྱུ་མཚན་ནི་སྐད་ཡིག་དང་སྤྱི་ཚོགས་ནི་འགྱུར་བའི་ཆོས་ཅན་ཡིན་པས་རེད།། ཨ་མདོ་བས་བ་ལ་ཅི་ལྟར་འབོད་ཀྱང་བ་ཡི་རྐྱེན་གྱིས་ནང་ཁུལ་གོ་བརྡ་མི་ཕྲོད་པའི་དུས་ཤིག་བྱུང་མྱོང་མེད་ལ། གལ་སྲིད་མ་འོངས་བར་བྱུང་ཚེ་བ་ཡིག་ལ་ཝ་འབོད་མཁན་གྱི་མི་མང་དག་གིས་ལེགས་བཅོས་སྟངས་ངེས་ཡིན་པ་ཕྲན་གྱིས་གདེངས་ཚོད་ཡོད། ཡོ་རབ་ཀྱི་སྐད་ཡིག་ཕལ་ཆེར་ལ་ཌིན་ནས་ཡོང་ཡང་་རྒྱབ་ཁབ་དང་ལུང་མཚན་སོ་སོའི་ཀློག་སྟངས་མི་འདྲ་བ་དཔེར་ན། དབྱིན་སྐད་དུ C གསེའུ་ཡི་སྒྲ་ཡི་ཀློག་ཀྱང་ཆེ་ཁའི་སྐད་དུ C ཚ་ཡི་སྒྲ་ཀློག་པ་སོགས་ཤིན་ཏུ་མང་ཡང་དགོས་པ་མེད་པས་ངལ་བས་མི་འབྲི། དབྱིན་སྐད་ལ་ཨ་རི་དང་ཨན་ལན་གྱི་ཀློག་འདོན་མི་མཐུན་པའི་ཁྱད་པར་མང་ཡང་བདེན་རྫུན་བརྩོད་ཤག་མེད་ལ། གལ་སྲིད་དེ་ལྟར་རྒྱབ་ན་མཐུན་སྒྲིལ་དང་ཞི་མཐུན་ཟེར་བ་ཧ་ཅང་དཀའ་སྟེ། མི་སུ་ཡང་རང་གི་ཕ་མེས་ནས་རྒྱུད་པའི་སྐད་ཆ་ལ་སུས་དགག་ཀྱང་དགའ་མོས་བྱེད་མཁན་དཀོན་ལ། ལྷག་པར་ཕྱི་མིས་རང་སྐད་ལ་དགག་པ་རྒྱག་པ་ནི་དེ་བས་མི་མོས། རྒྱུ་མཚན་ཕྱི་མི་ནི་ནམ་ཡང་ཕྱི་མི་ཡིན་ཞིང་དེས་བཟའ་ནང་དུ་ཐེ་གཏོགས་བྱེད་དབང་མེད། དེ་བརྟེན་དབུས་གཙང་གི་སྐད་ལ་ཁོ་བོའི་ཕྱི་མི་ཡིན་པས་ངས་ཡག་བཙོག་གི་སྐད་བཤད་ན་མི་འདོད་ལ་བྱེད་དབང་ཡང་མེད། གང་ལྟར་སྒོམ་སྡེ་ལགས། ཁྱེད་ཀྱིས་སྐད་ཆ་དེ་ལྟར་བཤད་ན་ཨ་མདོ་བ་སུས་ཡང་དགའ་བོ་བྱེད་དཀའ་ལ། དེས་བོད་མིའི་གཅིག་སྒྲིལ་ལ་གནོད་པ་ལས་ཕན་པ་དཀའ་བས་མ་འོངས་བར་དེའི་རིགས་མཛེམ་ན་སྙིང་ཐག་པ་ནས་ཐུགས་རྗེ་ལགས་འབུལ་བྱེད་ཀྱི་ཡོད། གལ་སྲིད་སྐུ་ཉིད་བོད་ལ་ཤ་ཚ་ཡོད་ན་གུས་མེད་ཀྱི་སྒོ་ནས་ཁ་ཚོན་བཅད་ཅིང་ཁེངས་སེམས་ཀྱིས་ཚིག་སྦྱོར་སྤེལ་དོན་མ་མཆིས་ཤིང་ཤ་ཚ་བྱེད་སྟངས་དེ་འདྲ་མིན་པ་སེམས།
ལུང་པ་སུ་དང་སུ་ཡིན་རུང་སྐད་རིགས་དེ་ལུང་པ་དེ་དང་དེ་ལ་གལ་ཆེ་ཞིང་དེར་བཟང་ངན་གྱི་དབྱེ་བ་འབྱེད་བྱེད་པ་ནི་ཤིན་ཏུ་ནས་མི་འོས་ཏེ། ལྷ་ས་པ་ལྷ་སའི་སྐད་གལ་ཆེ་ལ་ཁམས་པ་བར་ཁམས་སྐད་གལ་ཆེ། ཨ་མདོ་བ་ཨ་སྐད་གལ་ཆེ་ཞིང་དེ་ལ་བདེན་རྫུན་གྱི་དབྱེ་བ་མེད་དེ། ཕ་མ་ཀུན་ལ་རང་གི་བུ་འགངས་ཆེ་བ་བཞིན་ནོ། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཀུན་ལ་རང་སྐད་རང་ལ་གལ་ཆེ་ཞིང་སྐད་གང་ལ་གོམས་ན་དེ་ནི་རྣ་བ་སྙན། དེར་བརྟེན་སྐད་ཡིག་ལ་བཟང་ངན་གྱི་དབྱེ་བ་མེད་ཅིང་མེད་པའི་གནས་ལུགས་ཤེས་ན་ང་ཚོས་དགོས་མེད་ཀྱི་རྩོད་པ་མེད་དེ། འཇར་མན་ཤར་ནུབ་བར་གོ་བརྡ་ཕྲོད་པའི་དཀའ་ངལ་ཡོད་ཀྱང་་བདེན་རྫུན་གྱི་རྩོད་ཤག་མེད་ལ་ཆེ་ཁུའི་ཤར་ནུབ་བར་མི་མཐུན་པའི་སྒྲ་གངས་ཡོད་ཀྱང་རྩོད་པ་མེད། ཅིས་ཕྱིར་ང་ཚོས་དགོས་མེད་ཀྱི་རྩོད་པ་བྱེད་དགོས་བ་ཡིན་ནམ། བདེན་ཏེ། བོད་ལ་ཡོད་པའི་ཐུན་མོང་གི་ཡིག་སྐད་མ་བརླགས་པའི་སྒང་ནས་མདོ་དབུས་ཁམས་གསུམ་ལ་གོ་བརྡ་སྤྲོད་ཐུབ་པའི་སྤྱི་སྐད་ཅིག་དགོས་ཀྱང་། དེ་ཡོང་བ་ཕན་ཚུན་ལུགས་མེད་ཀྱི་རྩོད་པ་རྒྱག་རྒྱུ་འམ་བདེན་རྫུན་གྱི་དབྱེ་བ་འབྱེད་རྒྱུ་མིན་པར་བོད་པ་ཡོངས་ཀྱིས་བོད་ཡིག་ལེགས་པོ་སྦྱངས་ནས་ཡིག་རྨོངས་ལས་གྲོལ་རྒྱུ་དེ་ཡིན་ལ། ཡིག་རྨོངས་ལ་གྲོལ་ན། གྲོང་སྐད་རྣམས་རང་ཤུགས་ཀྱིས་ཉམས་ཤིང་མི་རྣམས་ཀྱིས་ཡིག་སྐད་དང་མཐུན་པའི་ཚད་མཐོའི་སྐད་ཆ་བཤད་ངེས་ཡིན་ལ། རིག་གནས་པ་རྣམས་མར་བབས་ནས་སྤྱི་ཚོགས་དང་མཐུན་པའི་གྲོང་སྐད་བེད་སྤྱོད་བཏང་དགོས་མེད། རྒྱུ་མཚན་ནི་ཡིག་སྐད་ལས་ཆད་པའི་ཚད་མཐོའི་སྐད་ཆ་རྣམས་བོད་པའི་ཀུན་གྱིས་རྟོགས་པའི་ནུས་བ་ཡོད་པས་ཡིན། གལ་སྲིད་དེ་ལྟར་མིན་ཚེ་ད་ལྟའི་བོད་ཀྱི་སྤྱི་ཚོགས་ལྟར་བོད་མི་མང་ཤོས་བོད་ཡིག་ཐོག་ཡིག་རྨོངས་པ་ཡིན་ཚེ། བོད་ཡིག་གི་ཆུ་ཚད་ངེས་ཅན་ལྡན་པའི་རྩོམ་པ་པོ་དང་རིག་གནས་པ་རྣམས་བཙན་དབང་གིས་མར་བབས་ནས་སྤྱི་ཚོགས་དང་མཐུན་པའི་གྲོང་སྐད་བེད་སྤྱོད་བཏང་དགོས་ཏེ། གྲོང་སྐད་མེད་ཚེ་སྤྱི་ཚོགས་ཀྱིས་མི་གོས་བས་སོ། ང་ཚོས་ཤེས་དགོས་བ་ཞིག་ལ་གྲོང་སྐད་བེད་སྤྱོད་བཏང་མཁན་ནི་བོད་མི་གཅིག་བུ་མིན་པར་རྒྱལ་ཁབ་ཀུན་ལ་ཡོད་ཅིང་། ཡིག་རྨོངས་ལས་གྲོལ་ཟིན་པའི་ཡོ་རབ་ཀྱི་རྒྱལ་ནང་གི་ཆང་རྐྱ་དང་སྲང་ལམ་གྱི་འཁྱམ་པོ་ཚོས་ད་དུང་ཡང་གྲོང་སྐད་ལས་བརྒལ་བའི་སྐད་ཆ་བཤད་མིཐུབ་པས་སྐད་གསར་སློབ་མཁན་ཁོ་ཚོའི་མདུན་ནས་སྐད་ཆ་གོ་བའི་འདོད་མོས་མེད་ལ། གོ་བའང་དགེ་རྒན་གྱི་དགག་བྱའི་གནས་སུ་མཆིས།
གལ་སྲིད་བོད་མི་རྣམས་ཀྱིས་གྲོང་ཚིག་བེད་སྤྱོད་བྱས་ཚེ་དེ་ལ་མི་མཐུན་པའི་ཆེན་པོ་གསུམ་ཡོད་པ་ནི་ཆོལ་གསུམ་གྱི་སྐད་ཡིན་ལ། ཕན་ཚུན་གོ་བརྡ་ཕྲོད་པའི་དཀའ་ངལ་ཡོད་པ་ནི་མཐོང་ཆོས་རེད། འོན་ཀྱང་བོད་ལ་དབང་བའི་ཐུན་མོང་གི་ཡིག་སྐད་ཡོད་པས་དེ་བོད་མི་རྣམས་ཀྱི་ལུང་ཚན་གྱི་སྐད་དང་མཐུན་པའི་ཚིག་མཛོད་དང་རྩོམ་ཡིག་མ་སྤེལ་བར་རྒྱུན་འཁྱོངས་བྱེད་ཐུབ་ན་དེས་བོད་མི་རྣམས་དུས་ཀུན་གོང་བུ་གཅིག་ཟླ་སྒྲིག་བཏང་ངེས་ཡིན། ཕྱོགས་གཞན་བཤད་ན་ཆོལ་སྐད་གང་རུང་ཞིག་གིས་བོད་ཀྱི་སྤྱི་སྐད་ཀྱི་ཚབ་བྱེད་མི་ནུས་ཏེ་སྐད་ཡིག་དེ་དག་གི་བེད་སྤྱོད་བྱེད་མཁན་གྱི་ས་ཁྱོན་དང་མི་འབོར་ཕལ་ཆེར་འདྲ་འཚུངས་ཡོད་པས་གཅིག་གིས་གཅིག་ལ་དབང་ཡོད་བཏང་མི་ཐུབ། དེ་བརྟེན་གོང་དུ་བཤད་པ་བཞིན་བོད་མི་རྣམས་ཡིག་རྨོངས་ལས་གྲོལ་བའི་ཐོག་ཟླ་དྲུག་གམ་ལོ་གཅིག་གི་རིང་མདོ་དབུས་ཁམས་གསུམ་གྱི་དགེ་སློབ exchange students and teachers ཕན་ཚུན་བརྗེ་རེས་བྱས་ན། བོད་ལ་དབང་བའི་སྤྱི་སྐད་ཅིག་རང་བཞིན་གྱིས་ཐོན་ངེས་ལ། དེས་མ་འོངས་བར་བོད་མི་རྣམས་ཕན་ཚུན་གོ་བརྡ་མི་ཕྲོད་པའི་དཀའ་ངལ་ལས་རྣམ་པར་རྒྱལ་ངེས་ཡིན། འོན་ཀྱང་ད་ལྟའི་བོད་ཀྱི་དཔལ་འབྱོར་གྱི་གནས་བབ་དང་དུས་ཀྱི་འགྱུར་བར་ལྟོས་ན། བོད་ལ་དེ་ལྟར་ལག་ལེན་བྱེད་པའི་ནུས་བ་མེད་ཀྱང་ཆོལ་ཁ་གསུམ་གྱི་གློག་བརྙན་དང་རླུང་འཕྲིན་ལ་ཉན་ཐུབ་ན་དེས་ཕན་ཐོག་ངེས་ཅན་ཞིག་བྱུང་པ་ནི་སྨོས་མེད་རེད། མ་འོངས་བའི་ལོ་བཅུ་དང་ཉི་ཤུའི་ནང་དགེ་སློབ་བརྗེ་རེས་བྱེད་པའི་ལུགས་སྲོལ་འདི་སྤེལ་ཐུབ་ན་བོད་ཀྱི་སྤྱི་སྐད་འབྱུང་བའི་སྔ་ལྟས་སུ་འགྱུར་བ་ཡིད་ཆེས་ཡོད་ལ་སྤྱི་སྐད་ཅིག་བཟོ་རྒྱུ་ནི་བོད་མི་རྣམས་ཀྱི་ལས་འགན་དུ་འཁུམས། གལ་སྲིད་དེ་ལྟར་མིན་པར་སྒོམ་སྡེ་བཞིན་ལྷ་སའི་སྐད་ཀྱི་ལམ་ནས་བོད་སྐད་ལ་ཞི་དག་བཏང་ཟེར་ན་དེ་དཀའ་ངལ་གྱི་རྒྱུ་ཞིག་ཡིན་ལ་ཡོང་ཐབས་མེད་དེ། ཁམས་པ་དང་ཨ་མདོ་པ་ཚང་མས་རང་སྐད་གཡུག་སྟེ་དབུས་སྐད་སྦྱང་མི་ཐུབ་ལ། སྦྱང་བའི་དབང་དུ་བཏང་ཡང་ལོ་བརྒྱ་ཕྲག་མང་པོ་འགོར་ལ་གནས་ལུགས་དང་མཐུན་པའི་འགྲེལ་བཤད་བྱེད་དཀའ། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དུ་མི་སེར་སྤེལ་བའི་རིང་ལུགས་མ་གཏོགས་བཙན་ཤུགས་ཀྱིས་གཞན་སྐད་སྦྱོང་དུ་བཅུག་མཁན་མེད་ལ་བཅུག་ཀྱང་དེ་ནི་སྙོགས་འཛིང་གི་གཞི་ཞིག་ཡིན་པ་ལོ་རྒྱུས་ལས་གསལ། ལྷ་སའི་སྐད་ཀྱང་མི་སེར་བའི་སྤེལ་རིང་ལུགས་ཀྱི་སྐད་མིན་ལ་ལྷ་ས་པར་མི་སེར་སྤེལ་མཁན་གྱི་རྒྱབ་ཁབ་ལྟར་བཙན་ཤུགས་དང་དཔལ་འབྱོར་མེད་པས་གཞན་ལ་བཙན་དབང་གིས་སྦྱོང་བཅུག་པའི་ནུས་བ་མེད་ཕྱིན། ཨ་མདོ་དང་ཁམས་པའི་མི་མང་ཡོངས་ཀྱིས་ལྷ་སའི་སྐད་སྦྱང་མི་ཐུབ་ལ། མི་ཐུབ་པའི་ལས་དོན་ཞིག་ངལ་བས་སྒྲུབ་པ་ནི་བླུན་པའི་རྒྱུ་ཞིག་མ་ཡིན་ནམ།
ཨ་རོགས། ཨ་ནུ་ཐང། དེང་སང་ཁྱོད་ཁ་བརྡ་དྲ་ངོས་སུ་ཕེབས་གྲངས་མང་གི་ཡ།
ངས་ཀྱང་སྐབས་རེར་དྲ་ངོས་འདིར་མཆན་བུ་རེ་འདེབས་ཀྱི་ཡོད།
ངའི་མིང་ངོས་སུ་སྨྲོས་ན་ངེད་གཉིས་ལ་ཁ་བརྡ་གཏིང་ཟབ་རེད་ཡོང་རྒྱུ་རེད་དེ་ད་ལྟ་ད་རུང་ཞོགས་ཞོགས། ངས་ཁྱེད་ཀྱི་རྩོམ་འདི་རགས་ཀློག་ཙམ་བྱས་པའི་བརྒྱུད་རིམ་ཁྲོད་ནས་རྙེད་པ་ནི། ད་ཐེངས་ཁྱེད་ཀྱིས་སྒོམ་སྡེ་ལ་ཁ་ཏ་བྱེད་ཞོར་དུ་སྐད་ཡིག་སྤྱིའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་སྐད་ཆ་འགའ་རེ་བཤད་ཡོད་གི་ཡ།
ངས་བསམ་ན་སྐད་ཡིག་གི་རྣམ་བཞག་སྟོན་པའི་གཞུང་ལུགས་ནི་རྩོམ་པ་པོ་སྒེར་བ་ཞིག་གིས་བརྩམས་པའི་གཞུང་ལུགས་ཤིག་དང་མི་འདྲ་བར་འདི་ནི་ལག་ལེན་གྱི་ཁྲོད་ནས་བྱུང་འདིས་སླར་ཡང་ལག་ལེན་ཕྱོགས་བསྡོམས་བྱེད།
བོད་ཀྱི་བརྡ་སྤྲོད་གཞུང་ལུགས་འདི་ཡང་སྤྱི་ཡོངས་ནས་མཐུས་ཚང་ཞིག་རེད་ཅེས་བཤད་ཐབས་བྲལ་ནའང། འདི་བོད་ཀྱི་ཡིག་འབྲི་ལམ་སྲོལ་ཁྲོད་གོ་གནས་ཆེས་མཐོ་ཤོས་དེ་སྔར་ཡང་ཡིན་ལ་མ་འོངས་པར་ཡིན་རྒྱུ་རེད།
ང་ཚོར་ད་ལྟ་དངོས་སུ་ཡོད་པའི་དཀའ་ངལ་ཆེ་ཤོས་དེ་ཁྱོད་ཀྱི་བཤད་པ་ལྟར་བོད་འདིར་ཡིག་རྨོངས་པའི་གྲངས་འབོར་ཆེས་མཐོ་བའི་རེད། གལ་སྲིད་དུས་རབས་འདིའི་ནང་བོད་མིའི་དགུ་བཅུ་ཡན་ཡིག་རྨོངས་ལས་གྲོལ་ཐུབ་པ་དང། ཕན་ཚུན་འགྲོགས་འདྲིས་བྱེད་སའི་ཁོར་ཡུག་ཅིག་དང་གོ་སྐབས་ཤིག་ཤར་ན་བོད་མི་ནང་ཕན་ཚུན་ལ་བརྡ་མི་འཕྲོད་པའི་དཀའ་ངལ་དེ་རང་བཞིན་གྱིས་སེལ་ནས་སྤྱི་སྐད་ཅིག་ངང་གིས་གྲུབ་ཡོང་གི་རེད་མ་གཏོགས་སྤྱི་སྐད་མི་གཅིག་གིས་བཟོས་ནས་ཡོང་ཐུབ་པ་ཞིག་མ་རེད། དེ་ཁྱེད་ཀྱི་འདོད་ཕྱོགས་ལ་ང་མོས་མཐུན་ཡོད་ཀི།
མཐར་སྒོམ་སྡེ་ལ་ཚིག་ངན་མ་བཤད་མ་གཏོགས་ཁོང་བྲོས་སོང་ན་དྲ་ངོས་འདི་ནས་མི་སྣ་གལ་ཆེན་ཞིག་མེད་སོང་ནི་རེད་ཡ། སྐབས་རེར་སྒོམ་སྡེ་འདིས་ཅི་ཞིག་བཤད་འདོད་ཡོད་པ་དང་གང་བྱེད་འདོད་ཡོད་པའང་མི་ཤེས་པ་རེར་ཡོངས་མོད་དེ་ལ་སྐྱོན་མེད་གི་ཡ། ཁོ་རང་གི་གཤིས་ཀ་ཡིན་ས་རེད།ངས་དྲ་ངོས་འདི་ནས་སྒོམ་སྡེ་དེ་ལྟར་རྙེད་སོང།
བདེ་མོ་རྗེས་མ་ངེད་གཉིས་ཀྱིས་བརྒྱུད་ལམ་གཞན་ནས་ཁ་བརྡ་ལྷོད་ལྷོད་བྱེད་ཆོག བོད་པ་མེད་སའི་ཡུལ་འདི་དག་ནས་དྲ་ངོས་མ་གཏོགས་བོད་ཀྱི་དྲི་བྲོ་བའི་འཚོ་བ་རོལ་ས་ཞིག་མི་རྙེད་ཀི་ཡ། ང་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བསྡད་དུས་དང་བསྡུར་ན་ད་སྐབས་དྲ་ཐོག་ཏུ་ཞུགས་གྲངས་མང་བོར་འགྲོ་སོང་ཡ། ཕལ་ཆེར་ཁྱོད་ཀྱང་དེ་འདྲ་ཡིན་སྲིད།
བདེན་པའི་གཏམ་ནི་ནམ་ཡང་བདེན་པ་ཡིན་པས། རྩོམ་འདི་ཀློག་སྐབས་གཞན་དང་མི་འདྲ་བའི་ཚོར་བ་ཞིག་སྟེར་གྱི་འདུག འཛིན་གྲྭའི་བར་སེང་ཡོད་ཚད་སྤྱད་དེ་ཐེངས་ཁ་ཤས་ཀློག་པས་ཡིད་བློ་ངོམས་པའམ་འདོད་པ་གང་བ་ཞིག་བྱུང༌ལ་བློ་སྐྱེད་ཀྱང་མི་དམན་པ་ཞིག་བྱུང་། སྤྱི་ལ་ཕན་པའི་རྩོམ་འདི་རིགས་གང་མང་སྤེལ་ཐུབ་པའི་རེ་བ་བྱེད་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ་ཞུ་བ་ཡིན།
ལྷ་སའི་སྐད་དེ་ཡར་ཐོན་ ཆེ་ཤོས་ལ། །
དེ་མཚུངས་མ་དག་རྒྱུན་ འབྱམས་ཤིན་ཏུ་མང་།
དེས་ན་དྷ་སའི་སྐད་ལ་གཞི་ བཅོལ་ནས། །
སྣོན་འཕྲིའི་དག་བཅོས་ཐུབ་ ན་ཅིས་མི་མཐུས། །
དེ་མིན་སྟོད་སྐད་ཨམ་ སྐད་ཁམས་སྐད་དང་། །
དབུས་སྐད་གཙང་སྐད་འབྲུག་ སྐད་ལ་སོགས་ནས། །
གཅིག་ཉིད་གཞི་རྩར་བཟུང་ འདོད་རང་ཤེད་ཀྱིས། །
སྤྱི་དོན་སྒྲུབ་ལ་རྩོད་ པས་དཔུང་འཇོམས་འདྲ། །
དབུས་སྐད་མ་གཏོགས་བོད་ སྐད་མེད་པ་མ་ཡིན་ཏེ། །
ཁམས་སྐད་ཨམ་སྐད་སྟོད་སྐད་ ཚང་མ་བོད་སྐད་རེད། །
ད་དུང་ལ་དྭགས་འབྲུག་སྐད་ སོགས་ཀྱང་བོད་སྐད་རེད། །
སྤྱི་སྐད་དེ་ཀུན་ནང་ཁྱབ་ ཡར་ཐོན་སྐད་ཅིག་དགོས། །
ང་རང་ལྷ་ས་བ་ཞིག་མིན་པས་དེ་དོན་དགོངས་འཇགས་འཚལ། འོན་ཀྱང་དྷ་ས་བ་མིན་ཞེས་ལབ་མི་ཐུབ།
གྲོགས་ཨ་ནུ་ཐང་བསོད་ནམས་ལགས།
ཁམས་བཟང་། སྐུ་བདེ་ལས་བྲེལ་ངང་བཞུགས་ལགས་སམ
ཨ་ནུ་ཐང་ལགས། ཉིད་ཀྱིས། ཟླ་དྲུག་གམ་ལོ་གཅིག་གི་རིང་མདོ་དབུས་ཁམས་གསུམ་གྱི་དགེ་སློབ exchange students and teachers ཕན་ཚུན་བརྗེ་རེས་བྱས་ན། བོད་ལ་དབང་བའི་སྤྱི་སྐད་ཅིག་རང་བཞིན་གྱིས་ཐོན་ངེས་ལ། ཞེས་གསུངས་འདུག་མོད་ཟླ་དྲུག་དང་ལོ་དྲུག་ལས་ལྷག་པ་མི་ཚེ་གཅིག་རིང་མཉམ་སྡོད་མཉམ་གནས་བྱེད་ས་ཆོལ་གསུམ་བོད་མི་ལུང་ཚན་མི་འདྲ་བ་ཁག་དང་། ཧི་མ་ལ་ཡའི་བོད་རིགས་ཡོངས་རྫོགས་མཉམ་འཛོམས་གནང་ས་དགོན་པ་ཁག་དང་སློབ་གྲྭ་ཁག་དང་ཡོད་བཞིན་པ་མ་རེད་དམ། འདི་ལས་ལྷག་པའི་བསམ་ཚུལ་བརྗེ་ལེན་གནང་ས་གཞན་ཡོད་དམ།
གང་ལྟར་ཉིད་ཀྱིས་གོང་རྩོམ་འདིས་ངས་ཡིད་དབང་ཧ་ལམ་འཕྲོག་སོང་། རྩོམ་བཟང་གནང་བར་ཐུགས་རྗེ་ཆེ། མུ་མཐུད་ནས་རྩོམ་སྤེལ་རོགས།
དྲ་གྲོགས་རྣམ་པར། ངས་མཆན་བུ་འགོད་དུས་མི་ཤེས་པ་སྨོས་མེད་ཐོག ཤེས་བཞིན་པའི་དག་ཆ་དག་ཀྱང་འགོད་ནོར་ཤོར་གྱིན་འདུག་སྟབས། དགོངས་དག་ཞུ་རྒྱུ་ཡིན། ཕྱིན་ཆད་ནན་ཏན་བྱ་རྒྱུ་ཡིན་ལགས།
བོད་ཀྱི་སྐད་ཡིག་གི་གནད་དོན་གང་རུང་ལ་གཞུང་ལུགས་ཀྱི་ཐོག་ནས་རྩོད་པ་བརྒྱག་འདོད་མེད་པར། དེའི་ཁ་ཡོད་ལག་ཡོད་ཀྱི་བེད་སྤྱོད་ཀྱི་ནུས་པ་དང་ཁྱབ་ཁོངས་ཇེ་ཆེར་གཏོང་ཐབས་ལ་འབད་བརྩོན་ཞུ་འདོད་ཡོད། དྲ་གྲོགས་ཚོས་གསུངས་དང་། གཤམ་གྱི་ཚིག་གྲུབ་འདི་བོད་ཡིག་ཏུ་ཇི་ལྟར་སྒྱུར་རམ།
The Postcolonial Question of Language and Identity
The Post colonial Question of Language and Identity.
གཞིས་ཆགས་པའི་ཁྱབ་བསྒྲགས་སྐད་ཡིག་དང་ངོ་རྟགས་ཀྱི་དྲི་བ། ཞེས་ཟེར་འདོད་དམ།
ཡང་ན།
མི་སེར་སྤེལ་ཡུལ་ཀྱི་ཁྱབ་བསྒྲགས་སྐད་ཡིག་དང་ངོ་རྟགས་ཀྱི་དྲི་བ། མིན་འགྲོ་ཏན་ཏན་མི་ཤེས།
The Post-colonial Question of Language and Identity
མི་སེར་སྤེལ་བའི་དུས་མཇུག་ལས་འཕྲོས་པའི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོའི་སྐོར་གྱི་གནད་དོན།
ཞེས་བསྒྱུར་ན་ག་འདྲ་འདུག
post-colonial དང་ identity གཉིས་ལ་བོད་ཡིག་གི་ཐ་སྙད་འབྱོར་མོ་ཞིག་མ་རེག་པར་ཡུན་རིང་འགོར།
post-modernism ལ་སྒྱུར་སྟངས་མི་འདྲ་བ་ཁ་ཤས་ཤིག་བྱུང་བ་ལས། ཁྱབ་ཆེ་ཤོས་གཉིས་ནི་དེང་རབས་རིང་ལུགས་ཕྱི་མ་དང་དེང་རབས་རིང་ལུགས་ཕྱི་དར་ཟེར་བ་དེ་གཉིས་རེད།
དྲ་གྲོགས་ཚོ། ཀླད་པ་འགུལ་དང་བསམ་ཚུལ་སྡུར་དང་། བོད་སྐད་ཀྱི་ཚིག་ཏག་ཏག་ཅིག་མི་རྙེད་པ་ལས་འདོད་པ་མི་ཁེངས་པ་ཞིག་མི་འདུག
The Post-colonial Question of Language and Identity.
མི་སེར་སྤེལ་ཡུལ་དུས་མཇུག་གི་སྐད་ཡིག་དང་མི་རིགས་ཀྱི་ངོ་རྟགས་སྐོར་གྱི་དྲི་གནད།
མི་སེར་སྤེལ་ཡུལ་དུས་མཇུག་གི་སྐད་ཡིག་དང་མི་རིགས་ངོ་རྟགས་ལ་དྭོགས་དྲི། དྲི་བ། དྭོགས་གནད།
ཀརྡོ་ལགས་ཀྱིས་རིག་པ་རྩལ་སྤྲུགས་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
ཨ་རོ་གྲོགས་ཨ་ནུ་ཐང་བཀྲ་ཤེས་བདེ་ལེགས་་དེང་ལས་བྲེལ་ཧ་ཅང་ཆེ་ན་ཡང་རང་མི་རིགས་ཀྱི་སྐད་ཡིག་ལ་དོན་སྣང་བྱེད་བཞིན་འདི་དཔེ་མི་སྲིད་པའི་ཡག་པོ་རེད་་་་བུ་རྒོད་པོ།
དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་གསུངས་བ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབ་ཅིག་ཞུ་སྙིང་། ཕྲན་གྱིས་གནད་དོན་ཁ་ཤས་གསལ་ཁ་མ་དོད་པའི་དབང་གིས་དྲ་གྲོགས་ཁ་ཤས་འཐོམས་སུ་བཅུག་པ་དགོངས་དག་ཞུ་རྒྱུ་དང་ལྷན་དུ་ཞུ་དོན། ངས་སྐད་ཡིག་རིག་གཞུང་དང་སྟུན་མི་དགོས་ཟེར་གྱིན་མེད་ལ། ཡོད་པ་ནི་སྐད་ཡིག་དུས་དང་རྣམ་པ་ཀུན་ཏུ་རིག་གཞུང་དང་སྟུན་མི་དགོས་ཟེར་གྱིན་ཡོད་དེ། སྐྱེས་གནས་བརྒྱད་པོ་ཇི་བཞིན་ཀློག་མཁན་གྱི་ལུང་ཚན་བྱེ་བྲག་པ་ཞིག་མེད་པས་ཡིན།
གཉིས་པ་གལ་སྲིད་གང་རིག་གཞུང་གང་ཞིག་ལ་མིའི་དགོས་མཁོ་སྐོང་བའི་ནུས་པ་ཟད་ཚེ་དེ་དག་བཅོས་བཏང་དགོས་བ་འདོད་ཀྱིན་ཡོད་པ་ལས་སྐོང་མཁོ་སྐོང་བའི་ནུས་པ་ཡོད་ཚེ་དག་བཅོས་བཏང་བ་འདོད་ཀྱིན་མེད།
དགེ་སློབ་བརྗེ་རེས་ཀྱི་ལས་འགུལ་ཟེར་བ་ནི་ཡུལ་གྱར་བོད་མིའི་སྤྱི་ཚོགས་ཁྲི་ཚོ་བཅུ་གསུམ་མིན་པར་གཞི་ལུས་བོད་མི་ས་ཡ་དྲུག་ཏུ་བཤད་ཀྱིན་ཡོད་ལ། ཟླ་དྲུག་གམ་ལོ་གཅིག་གི་དུས་ཡུན་ནི་མི་དུས་ཡུན་ནི་མར་མཐར་ཡང་དེ་ལྟར་བྱེད་དགོས་བའི་དཔེ་མཚོན་ཙམ་ལས་དགོས་བ་དང་སྟུན་འགྱུར་བཏང་ཚོག་ལ་རིང་ཐུབ་ན་ཕུན་ཚོགས་ཡིན་པ་སེམས། འགྱངས་བར་རྫོགས་ཀྱང་སློབ་གྲྭའི་དུས་ཡུན་ནི་ཧ་ཅང་རིང་ལ་མི་རབས་གཅིག་གམ་གཉིས། མི་རབས་གསུམ་སོགས་མུ་མཐུད་དུ་འགྲོ་ངེས། རྒྱུ་མཚན་ནི TCV ལྟ་བུ་ཡིན་ལ། TCV ཡི་སློབ་མའི་དུས་ཡུན་རིང་ཤོས་ལོ་དགུ་ནང་རྫོགས་ཀྱང་སློབ་གྲྭ་མུ་མཐུད་དུ་གནས་ཀྱིན་ཡོད། དགའ་ལྡན་དགོན་ལྟ་བུ་རེད། མི་ཚེ་ཚད་ལོ་ངོ་དྲུག་བཅུ་བདུན་བཅུ་ཙམ་ཡིན་ཡང་དགའ་ལྡན་དགོན་པའི་ཚེ་ངོ་ལྔ་བརྒྱ་ལྷག་འགྲོ་བ་བཞིན་ནོ། འོན་ཀྱང་འདི་ལྟར་དགེ་སློབ་བརྗེ་རེས་ཀྱི་རྒྱུད་རིམ་ཁྲོད་དུ་དུས་ནམ་ཞིག་སྤྱི་སྐད་འབྱུང་ངམ་སྙམ་པའི་དྲི་ཞིག་རང་བཞིན་གྱིས་ཡོད་ཀྱང་དེ་ནི་ལས་འགུལ་དེ་ཚགས་དམ་མིན་ལ་རག་ལས་བས་ཁ་ཚོན་བཅད་ནས་བཤད་པ་དཀའ་བ་སྣང་བས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་ཞུ་ཞུ།
དགོངས་དག ད་ལས་ཀ་ལ་འགྲོ་རན་སོང་། གྲོགས་མཆོག་ཀླུ་སྒྲུབ་ལགས། ཁ་བརྡའི་ནང་མཇལ་བས་དགའ་པོ་བྱུང་།
དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་གསུངས་བ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབ་ཅིག་ཞུ་སྙིང་། ཕྲན་གྱིས་གནད་དོན་ཁ་ཤས་གསལ་ཁ་མ་དོད་པའི་དབང་གིས་དྲ་གྲོགས་ཁ་ཤས་འཐོམས་སུ་བཅུག་པ་དགོངས་དག་ཞུ་རྒྱུ་དང་ལྷན་དུ་ཞུ་དོན། ངས་སྐད་ཡིག་རིག་གཞུང་དང་སྟུན་མི་དགོས་ཟེར་གྱིན་མེད་ལ། ཡོད་པ་ནི་སྐད་ཡིག་དུས་དང་རྣམ་པ་ཀུན་ཏུ་རིག་གཞུང་དང་སྟུན་མི་དགོས་ཟེར་གྱིན་ཡོད་དེ། སྐྱེས་གནས་བརྒྱད་པོ་ཇི་བཞིན་ཀློག་མཁན་གྱི་ལུང་ཚན་བྱེ་བྲག་པ་ཞིག་མེད་པས་ཡིན།
གཉིས་པ་གལ་སྲིད་གང་རིག་གཞུང་གང་ཞིག་ལ་མིའི་དགོས་མཁོ་སྐོང་བའི་ནུས་པ་ཟད་ཚེ་དེ་དག་བཅོས་བཏང་དགོས་བ་འདོད་ཀྱིན་ཡོད་པ་ལས་སྐོང་མཁོ་སྐོང་བའི་ནུས་པ་ཡོད་ཚེ་དག་བཅོས་བཏང་བ་འདོད་ཀྱིན་མེད།
དགེ་སློབ་བརྗེ་རེས་ཀྱི་ལས་འགུལ་ཟེར་བ་ནི་ཡུལ་གྱར་བོད་མིའི་སྤྱི་ཚོགས་ཁྲི་ཚོ་བཅུ་གསུམ་མིན་པར་གཞི་ལུས་བོད་མི་ས་ཡ་དྲུག་ཏུ་བཤད་ཀྱིན་ཡོད་ལ། དུས་ཡུན་ནི་མར་མཐར་ཡང་དེ་ལྟར་བྱེད་དགོས་བའི་དཔེ་མཚོན་ཙམ་ལས་དགོས་བ་དང་སྟུན་འགྱུར་བཏང་ཚོག་ལ་རིང་ཐུབ་ན་ཕུན་ཚོགས་ཡིན་པ་སེམས། ཟླ་དྲུག་གམ་ལོ་གཅིག་གི་དུས་ཡུན་ནི་མི་འགྱངས་བར་རྫོགས་ཀྱང་སློབ་གྲྭའི་དུས་ཡུན་ནི་ཧ་ཅང་རིང་ལ་མི་རབས་གཅིག་གམ་གཉིས། མི་རབས་གསུམ་སོགས་མུ་མཐུད་དུ་འགྲོ་ངེས། རྒྱུ་མཚན་ནི TCV ལྟ་བུ་ཡིན་ལ། TCV ཡི་སློབ་མའི་དུས་ཡུན་རིང་ཤོས་ལོ་དགུ་ནང་རྫོགས་ཀྱང་སློབ་གྲྭ་མུ་མཐུད་དུ་གནས་ཀྱིན་ཡོད། དགའ་ལྡན་དགོན་ལྟ་བུ་རེད། མི་ཚེ་ཚད་ལོ་ངོ་དྲུག་བཅུ་བདུན་བཅུ་ཙམ་ཡིན་ཡང་དགའ་ལྡན་དགོན་པའི་ཚེ་ངོ་ལྔ་བརྒྱ་ལྷག་འགྲོ་བ་བཞིན་ནོ། འོན་ཀྱང་འདི་ལྟར་དགེ་སློབ་བརྗེ་རེས་ཀྱི་རྒྱུད་རིམ་ཁྲོད་དུ་དུས་ནམ་ཡིན་ཞིག་སྤྱི་སྐད་འབྱུང་ངམ་སྙམ་པའི་དྲི་ཞིག་རང་བཞིན་གྱིས་ཡོད་ཀྱང་དེ་ནི་ལས་འགུལ་དེ་ཚགས་དམ་མིན་ལ་རག་ལས་བས་ཁ་ཚོན་བཅད་ནས་བཤད་པ་དཀའ་བ་སྣང་བས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་ཞུ་ཞུ།
དགོངས་དག ད་ལས་ཀ་ལ་འགྲོ་རན་སོང་། གྲོགས་མཆོག་ཀླུ་སྒྲུབ་ལགས། ཁ་བརྡའི་ནང་མཇལ་བས་དགའ་པོ་བྱུང་།
Thank Anu la,
གསལ་ཁ་བཏོད་ནས་བཤད་ན།
ཨ་རོ་དྲ་གྲོགས་ཁ་ཕྱོགས་མེད།
ཁྱོད་བདེ་མོ་ངའི་བསམ་ན་གྲོགས་པོ་ཁྱོད་ཁ་ཕྱོགས་མེད་མཁན་ཞིག་ཨེ་ཡིན།ངའི་བལྟས་ན་ཁ་ཕྱོགས་ཞིག་གི་ཆེད་དུ་འདིར་ཚ་གདོང་སོགས་ལ་བཟོད་སྲན་ངང་བསྡོད་པ་ནི་ཁ་ཕྱོགས་ཞིག་གི་ཆེད་དུ་མ་ཡིན་ནམ།་་་་་་་་་་་??????