རྩིབས་རི་རྒོད་ཕྲུག
ནང་དོན་གནད་བསྡུས།
ཉེ་ཆར་འཇམ་དབྱངས་གྲགས་པས་ལྡུམ་བུ་ཞེས་པའི་མིང་ཐོག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་༸གོང་ས་མཆོག་གི་དགོངས་གཞི་ཡིན་ཚུལ་གསུངས་པ་དོན་དངོས་མིན་པ་ཤེས་བཞིན་དུ། ༸གོང་ས་མཆོག་གི་གསུང་དེར་དྲང་ངེས་ཕྱེས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བདེན་པར་སྒྱུར་ཐབས་ཀྱི་རྩོམ་ཡིག་ཅིག་སྤེལ་འདུག་པར་གསལ་བཤད་ལན་འདེབས་བྱས་ཡོད།
གནད་ཚིག ཆོས་ལུགས་ཁྱབ་སྤེལ་སྔ་མ་དང་ཕྱི་མ། ཞལ་ཞེ་མི་མཚུངས་པ།
ངོ་སྤྲོད།
གཟུར་གནས་བློ་ལྡན་རྣམས་ཀྱི་དགོངས་མངའ་ལྟར་ཁོ་བོའི་རྩོམ་ཡིག་སྔ་མར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་ལ་དགོངས་གཞི་དྲུག་ཡོད་པར་གསུངས་པ་དེ་དག་ལས་གསུམ་པ་མ་གཏོགས་གཞན་རྣམས་གསུངས་ཀྱང་སྐྱོན་ཆེར་མེད་མོད་ཅེས་བྲིས་ཡོད་པ་ལས། དབང་རྣོན་རིགས་པའི་རྗེས་འབྲངས་ཤིག་ཡིན་ཚེ། དེ་དག་ཁོ་བོས་ཀྱང་༸གོང་ས་མཆོག་གི་དགོངས་གཞི་ཡིན་པར་འདོད་པ་ལ། དོགས་པ་སྐྱེ་དོན་འོང་མི་སྲིད་མོད། དབང་རྟུལ་དད་པའི་རྗེས་འབྲངས་པ་འཇམ་གྲགས་ཀྱིས་དེ་ཙམ་ཡང་མ་གོ་བར། དེ་དག་རེ་རེ་ནས་དགག་ཁུལ་བྱས་པ་ནི། ཟེར་རྒྱུས་ཕོངས་པའི་རྟགས་ཁོ་ན་སྟེ། མཚན་ཉིད་པ་ལ་གྲགས་པའི་ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་ཞེས་པའི་དཔེ་ལས་མ་འདས་པས་མཁས་པའི་མདུན་སར་རང་མདོག་ཟངས་མར་བསྟན་པ་མ་ཡིན་ནམ། དཔལ་ལྡན་སྲིད་སྐྱོང་མཆོོག་གིས་༸གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་པའི་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་ཁྱེད་ཀྱིས་ཀྱང་༸གོང་ས་མཆོག་གི་དགོངས་གཞི་མིན་པར་ཤེས་མོད། ལས་འབྲས་ཁྱད་གསོད་དང་སྡིག་པ་མིག་བཙུམས་ཀྱིས་༸གོང་ས་མཆོག་གི་གསུང་ལ་དྲང་ངེས་ཕྱེས་ཏེ་དཔལ་ལྡན་སྲིད་སྐྱོང་གིས་གསུངས་པ་བདེན་པར་སྒྲུབ་ཁུལ་བྱས་མོད། ཁ་དཔེར་ཅང་ཤེས་རྟ་ཕོའི་འགྲན་ཟླ། མགྲིན་བཟང་བོང་བུས་མི་ཡོང་ཞེས་པ་ལྟར་གྱུར་ཏེ། དཔལ་ལྡན་སྲིད་སྐྱོང་མཆོག་དཀར་འདོན་བྱ་རྒྱུ་ལྟ་ཅི། ལྐུགས་པས་སྤྱང་མདོག་བྱས་ན། མངོན་གསལ་གཞན་ལས་དོད་པ་ཞེས་པ་ལྟར་རང་ཡང་༸རྒྱལ་བའི་དགོངས་པར་ལོག་འགྲེལ་བྱེད་མཁན་ཞིག་ཡིན་པ་གསལ་པོར་བསྟན་འདུག་པས་དེའི་སྐོར་ལ་འོག་ཏུ་འཆད་པར་འགྱུར་རོ། །
དང་པོ། ཁྱེད་ཀྱིས་༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་བཟོས་པ།
སྤྱིར་ཞལ་ཞེ་མི་མཚུངས་པ་ཞེས་པ་ནི་ཞེ་ཚིག་ཡིན་པ་དང་ཁ་སྐད་དུ་ཁ་ཞེ་མི་མཐུན་པ་ཞེས་པའི་དོན་རེད། དེའི་དོན་ཡང་ཁ་ནས་གཅིག་བཤད་པ་དང་ཁོག་ན་དེ་དང་མི་མཐུན་པ་ཞིག་ཡོད་པ་ལ་གོ་བ་ཡོངས་གྲགས་རེད། དེས་ན་ཁྱེད་ཀྱི་རྩོམ་ཡིག་ལས། “ཆོས་ལུགས་ཤིག་ཁྱབ་སྤེལ་གཏོང་བ་ལ་ཁྱབ་སྤེལ་གཏོང་སྟངས་རིགས་གཉིས་ཡོད་ལ། གཅིག་ནི་ཆོས་ལུགས་དེར་མོས་པའི་འགྲོ་བ་རྣམས་ལ་ཆོས་ལུགས་དེ་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་ཡིན་ཞིང། གཞན་དེ་ནི་ཆོས་ལུགས་གཞན་ལ་དད་པ་ཡོད་པའི་མི་རྣམས་ལ་ཁ་ཡག་ངོ་དགའ་དང་མགོ་སྐོར་བསླུ་བྲིད་ཀྱིས་རང་གི་ཆོས་ལུགས་ལ་ཞུགས་འཇུག་རྒྱུ་དེ་ཡིན། སྔ་མ་ནི་ཡང་དག་པའི་ཆོས་ལུགས་ཁྱབ་སྤེལ་བྱེད་སྟངས་ཡིན་ལ། ཕྱི་མ་ནི་ཆོས་ལུགས་བསྒྱུར་བ་ Converting religion ཞེས་འཛམ་གླིང་ས་ཕྱོགས་གང་སར་རྩོད་རྙོག་ཆེ་བའི་ཆོས་ལུགས་སྤེལ་སྟངས་དེ་ཡིན། ༸གོང་ས་མཆོག་གིས་ཆོས་ལུགས་ཁྱབ་སྤེལ་གནང་གི་མིན་ཞེས་པ་ནི་ཕྱི་མ་དེའི་རིགས་གནང་གི་མིན་ཞེས་པའི་དོན་ཡིན་”ཞེས་བཤད་དེ། ཆོས་ལུགས་ཁྱབ་སྤེལ་སྔ་མ་དེ་༸གོང་ས་མཆོག་གིས་ཕྱག་བསྟར་གནང་གི་ཡོད་པ་ཤུགས་ལ་བསྟན་ཡོད།
དེས་ན་གནད་དོན་འདིའི་ཐོག་ནས་གསལ་པོར་ཤེས་ཐུབ་པ་ནི་ཁྱེད་ཀྱིས་༸གོང་ས་མཆོག་ནས་དུས་རྒྱུན་དུ་“ངས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་”ཅེས་གསུངས་པ་དེ་སྒྲ་ཇི་བཞིན་དུ་ཁས་མ་བླངས་པར། དེའི་དོན་གཞན་དུ་དྲངས་དགོས་པར་འདོད་ཅིང་། དེ་ཡང་ཁྱེད་ཀྱིས་འདོད་པའི་ཆོས་ལུགས་ཁྱབ་སྤེལ་ལ་གཉིས་ལས་ཕྱི་མའི་དོན་དུ་དྲངས་དགོས་པ་གང་ཞིག སྔ་མའི་དོན་མ་ཡིན་པར་ཁྱེད་ཀྱིས་འདོད་པའི་ཕྱིར། དེས་ན། འདོད་ཚུལ་འདིས་༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བཟོས་པ་ཧ་ཅང་གསལ་པོ་ཡིན་ཏེ། ཞལ་ནས་གསུངས་པ་དང་ཐུགས་ལ་ཡོད་པ་གཉིས་མི་མཚུངས་པ་གང་ཞིག དེ་གཉིས་མི་མཚུངས་པ་ལ་ཞལ་ཞེ་མི་མཚུངས་པའི་དོན་ཡིན་པ་ཡོངས་གྲགས་ཡིན་པའི་ཕྱིར་རོ། །
དེས་ན་༸གོང་ས་མཆོག་ལྟ་བུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ས་ཐོབ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྐུ་དངོས་ལ་སྐུར་བ་བཏབ་པ་ལས་ལྷག་པའི་སྡིག་ཉེས་ཆེ་བ་ཞིག་གང་དུ་ཡོད། དངོས་གནས་བྱས་ན་སྐུ་ཉིད་ལྟ་བུ་བླ་མའི་དྲུང་ནས་སྡོམ་པ་ཡང་དག་པར་བླངས། གང་འཚམས་ནས་སྡོམ་པ་དེ་ཁུངས་མ་འཁྱོལ་བར་གྲྭ་བ་ལོག་ཀྱང་སྡིག་སྤོང་དགེ་སྒྲུབ་ལ་འབད་དེ། ཕྱི་མ་ངན་སོང་གི་སྡུག་བསྔལ་མྱོང་མ་དགོས་པ་ཞིག་ཨེ་ཐུབ་ལྟ་དགོས་མོད། དེ་ལས་ལྡོག་སྟེ་ཁ་དཔེར། མི་ངན་གླེན་པ་ཚིག་སྤོབས་ཆེ། །བྱ་ངན་གོ་བོ་གཤོག་རྒྱང་རིང་། ཞེས་པ་ལྟར་ད་དུང་ལས་ངན་ཚབས་བོ་ཆེ་གསོག་ཚུལ་ལ་བསམས་ཚེ། ཝཱ་ཎ་མཐོ་སློབ་ཏུ་སྦྱང་བྱའི་གཙོ་བོ་ནང་ཆོས་ཡིན་མོད། དེའི་དྲི་མ་ཙམ་ཡང་སེམས་ལ་གོས་ཚོད་མི་འདུག་པ་ནི་མཐོ་སློབ་དེར་འཛུལ་གོ་མ་ཆོད་པ་ལྟ་བུར་མངོན་ནོ། །
གལ་ཏེ་ཁྱེད་ཀྱིས་ཆོས་ལུགས་ཁྱབ་སྤེལ་ལ་གཉིས་སུ་འདོད་པའི་སྔ་མའི་དོན་ཚིག་ཙམ་ལས་ཆོས་ལུགས་ཁྱབ་སྤེལ་གྱི་དོན་མ་ཡིན་ཞེ་ན། ཁྱེད་ཀྱིས་༸གོང་ས་མཆོག་གི་གསུང་དེ་སྒྲ་ཇི་བཞིན་དུ་ཁས་མ་བླངས་པར་དེ་ལ་དྲང་ངེས་ཕྱེ་བའི་དགོས་པ་མེད་པ་མ་ཟད། ཆོས་ལུགས་ཁྱབ་སྤེལ་གྱི་དོན་ལ་གཉིས་སུ་ཕྱེ་བའི་དགོས་པ་ཡང་མ་གྲུབ་པར་གྱུར་ཏེ། ཆོས་ལུགས་ཁྱབ་སྤེལ་གྱི་དོན་ཡིན་ན་ཁྱེད་ཀྱིས་འདོད་པའི་ཕྱི་མ་དེ་ཁོ་ནར་ངེས་པའི་ཕྱིར་། དེས་ན་སྔ་མའི་དོན་ཚིག་ཙམ་མིན་པར་ཆོས་ལུགས་ཁྱབ་སྤེལ་གྱི་དོན་ཡིན་པ་འོས་མེད་ཀྱིས་གྲུབ་པའི་ཕྱིར་རོ། །
ཡང་ཁྱེད་ཀྱིས་སྨྱོ་ཧམ་ཆེན་པོས་༸གོང་ས་མཆོག་གི་བཀའ་ལ་དྲང་ངེས་ཕྱེས་པ་དེས། ༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བསྒྲུབ་མི་ཐུབ་ཟེར་ན། འདི་བརྗོད་པར་བྱ་སྟེ། ལ་ལས་༸གོང་ས་མཆོག་ནས་གསུང་བཞིན་པའི་དབུ་མའི་ལམ་དེ་སྒྲ་ཇི་བཞིན་མ་ཡིན་པར་དོན་གཞན་ཞིག་ཡོད་མདོག་བསྟན་པ་དེས། ༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བཟོས་སྟབས། བཀའ་འདི་ལྟར་གནང་ཡོད་དེ་“ངས་ཁ་ནས་རང་སྐྱོང་མ་གཏོགས་སེམས་གཏིང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་པ་དེས་ང་ཁྲམ་པ་(མ་བིང།)བཟོ་ཡི་ཡོད་པ་རེད་ཅེས་དང། “ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་ཀྱང་དྲང་པོ་དྲང་བཞག་ཕྱི་གསལ་ནང་གསལ་བྱེད་དགོས་རེད་ཅེས་རྟག་པར་བཤད་སྡོད་ཀྱི་ཡོད་”ཅེས་ཐུགས་འུ་ཐུག་ཐབས་ཟད་ཀྱིས་བཀའ་འདི་སྩལ་ཡོད་པ་མ་ཡིན་ནམ། དེས་ན་དབུ་ལམ་ལ་དྲང་ངེས་ཕྱེས་པ་དེས་༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བཟོས་ན། ཁྱེད་ཀྱིས་༸གོང་ས་མཆོག་གི་གསུང་ལ་དྲང་ངེས་ཕྱེས་པ་འདིས་ཀྱང་ཁོང་ཞལ་ཞེ་མི་མཚུངས་པ་བཟོས་པ་ལེགས་པར་སྒྲུབ་ཐུབ་སྟེ། རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། །
དེས་ན་གནད་དོན་འདིིི་ཚོའིི་ཐོག་ནས་གསལ་བཤད་ཐུབ་པ་ནི་འཇམ་གྲགས་ཁྱེད་ཀྱིས་བདེན་པ་དོར་ཏེ་ལུང་ཞེན་ཁོ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དཀར་འདོན་བྱ་འདོད་སྐྱེ་མོད། དཀར་འདོན་བྱ་རྒྱུ་ལྟ་ཅི། ཁྱེད་རང་ཡང་༸གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་དང། ༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་བཟོས་ཏེ། ཁོང་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོ་མཁན་གྱི་གླེན་པ་ལུག་ལྟ་བུ་ཞིག་ཡིན་པ་རང་ཉིད་ཀྱིས་བསྒྲུབས་འདུག་པ་དེའོ། །
གཉིས་པ། ཁྱེད་ཀྱིས་ཆོས་ལུགས་ཁྱབ་སྤེལ་ཞེས་པ་སྔ་མའི་དོན་དུ་འདོད་ཀྱང་མི་རུང་བ།
གོང་དུ་ཞུས་པ་ལྟར་༸གོང་ས་མཆོག་ནས་ “ངས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་”ཅེས་གསུངས་པ་དེ་ཁྱེད་ཀྱིས་དྲང་ངེས་ཕྱེས་ཏེ་ཆོས་ལུགས་ཁྱབ་སྤེལ་ཕྱི་མའི་དོན་མིན་པར་སྔ་མའི་དོན་ཡིན་པར་བཤད་ཡོད། ཆོས་ལུགས་ཁྱབ་སྤེལ་སྔ་མའི་དོན་ནི། ཁྱེད་ཀྱིས་“ཆོས་ལུགས་ཤིག་ཁྱབ་སྤེལ་གཏོང་བ་ལ་ཁྱབ་སྤེལ་གཏོང་སྟངས་རིགས་གཉིས་ཡོད་ལ། གཅིག་ནི་ཆོས་ལུགས་དེར་མོས་པའི་འགྲོ་བ་རྣམས་ལ་ཆོས་ལུགས་དེ་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་ཡིན་ཞིང། གཞན་དེ་ནི་ཆོས་ལུགས་གཞན་ལ་དད་པ་ཡོད་པའི་མི་རྣམས་ལ་ཁ་ཡག་ངོ་དགའ་དང་མགོ་སྐོར་བསླུ་བྲིད་ཀྱིས་རང་གི་ཆོས་ལུགས་ལ་ཞུགས་འཇུག་རྒྱུ་དེ་ཡིན། སྔ་མ་ནི་ཡང་དག་པའི་ཆོས་ལུགས་ཁྱབ་སྤེལ་བྱེད་སྟངས་ཡིན་”ཞེས་བཤད་ཡོད།
དེས་ན་སྔ་མའི་དོན་ནི། ནང་ཆོས་ལ་སྦྱར་ན་ནང་ཆོས་ལ་མོས་པའི་འགྲོ་བ་རྣམས་ལ་ནང་ཆོས་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་རེད། འདོད་ཚུལ་འདིའི་དབང་དུ་བྱས་ཀྱང། ༸གོང་ས་མཆོག་ནས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་པ་ཧ་ཅང་གསལ་པོ་ཡིན་ཏེ། ཁོ་བོའི་རྩོམ་ཡིག་སྔ་མར་དྲངས་པ་ལྟར་༸གོང་ས་མཆོག་ནས་ “ཐེངས་ཤིག་ཡེ་ཤུའི་ཆོས་པ་ཞིག་གིས་ངོས་ལ་སྟོང་པ་ཉིད་ཀྱི་སྐོར་ལ་སྐད་ཆ་དྲིས་བྱུང་། ངོས་ནས་ཁོང་ལ་དེའི་སྐོར་ནི་ཁྱེད་རང་ལ་འོས་འཚམས་ཤིག་མིན་པའི་འགྲེལ་བརྗོད་བྱས་པ་ཡིན། ངོས་ནས་གལ་ཏེ་ཁོང་ལ་རྟེན་འབྲེལ་གྱི་རྣམ་བཞག་སྐོར་འགྲེལ་བརྗོད་བྱས་ཚེ། ཁོང་ལ་ཡོད་པའི་དཀོན་མཆོག་ལ་དད་པ་རྩེ་གཅིག་པ་དེར་གནོད་ཉེན་ཡོད། དེར་བརྟེན་ཁོང་དང་འདྲ་བ་ཚོས་སྟོང་ཉིད་སྐོར་མ་ཉན་ན་ཡག་ཤོས་རེད་”ཅེས་གསུངས་ཡོད།
དེས་ན་ཁྱེད་ཀྱི་འདོད་པ་ལྟར་ན་སྐབས་འདིར་༸གོང་ས་མཆོག་ནས་སྟོང་ཉིད་ལྟ་བ་གསུངས་དགོས་པར་གྱུར་ཏེ། དེ་ལྟ་བུའི་གང་ཟག་དེ་ནང་ཆོས་ལ་མོས་པ་ཡོད་མཁན་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་ལ་ཤེས་འདོད་ཡོད་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་ལ་ཤེས་འདོད་ཡོད་ན་དེ་ལ་མོས་པ་ཡོད་པས་ཁྱབ་སྟེ། མོས་པ་ཞེས་པ་འདོད་པ་དང་འདུན་པ་སོགས་ཀྱི་དོན་ལ་འཇུག་པའི་ཕྱིར་རོ། །
འོ་ན་དེ་ལྟ་བུའི་གང་ཟག་དེ་སྟོང་ཉིད་ལ་མོས་པ་ཡོད་ཀྱང་། ནང་ཆོས་ལ་མོས་པ་ཡོད་མཁན་མ་ཡིན་ཟེར་ན། འདི་ལྟ་བུ་ནི་རྟོགས་ལྡན་ལ་སྐྱེ་བའི་དོགས་པ་མ་ཡིན་མོད། བརྗོད་པར་བྱ་སྟེ། དེ་ལྟ་ན་སྟོང་ཉིད་འདི་ནང་པའི་ཆོས་ཡིན་དང་མིན། སྟོང་ཉིད་འདི་ནང་ཆོས་མ་ཡིན་ན། རྟེན་འབྲེལ་ལྟོས་གྲུབ་འདི་ནང་ཆོས་མིན་པར་འགྱུར་ཏེ། སྟོང་ཉིད་ཅེས་པ་ཀླད་པ་སྟོང་པའི་དོན་མིན་པར། རྟེན་འབྲེལ་ལྟོས་གྲུབ་ཀྱི་དོན་ལས་གཞན་པའི་སྟོང་ཉིད་ཀྱི་དོན་འཇོག་རྒྱུ་མེད་པའི་ཕྱིར། རྟེན་འབྲེལ་ལྟོས་གྲུབ་འདི་ནང་ཆོས་མིན་ན། ནང་ཆོས་ཞེས་པ་མིང་ཙམ་དུ་འགྱུར་ཏེ། ལྟ་བ་རྟེན་འབྱུང་འདི་ནང་ཆོས་ཀྱི་ཐུན་མིན་ཟབ་ཁྱད་ཡིན་པ་སུས་ཀྱང་བསྙོན་དུ་མེད་པའི་ཕྱིར། དེས་ན་འདོད་ཚུལ་དེ་ནི་ཆེས་མི་འཐད་དོ། །
ཡང་དེ་ལྟ་བུའི་གང་ཟག་དེ་སྟོང་ཉིད་ལ་མོས་པ་ཡོད་ཀྱང་སྐབས་འདིར་སྟོང་ཉིད་མ་གསུངས་པ་རྒྱུད་མ་སྨིན་པའི་དབང་གིས་ཡིན་ཟེར་ན། སྤྱིར་རྒྱུད་སྨིན་མཚམས་ཇི་ལྟར་འཇོག གལ་ཏེ་དེ་ནི་ནང་པ་ཡིན་མིན་གྱིས་འབྱེད་ཅེ་ན། མི་འཐད་དེ་ནང་པ་མིན་རུང་ནང་ཆོས་ལ་མོས་པ་ཡོད་མཁན་ཚོར་ནང་ཆོས་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་ཁྱེད་ཀྱིས་དམ་བཅའ་གང་ཞིག སྟོང་ཉིད་མ་བསྟན་པ་ལ་ནང་ཆོས་ཚང་ལ་མ་ནོར་བ་བསྟན་རྒྱུ་མེད་དེ། སྟོང་ཉིད་མ་བསྟན་པར་མདོ་སྔགས་གང་དུ་ཡང་འཚང་རྒྱ་བ་མེད་པའི་ཕྱིར་རོ། །དེས་ན་འདོད་ཚུལ་འདི་ཡང་མི་འཐད་དོ། །
ཡང་ཐེངས་ཤིག་ཕྱི་རྒྱལ་པ་ཞིག་ནས་༸གོང་ས་མཆོག་ལ་ནུབ་ཕྱོགས་ལུང་པར་དགོན་པ་ཞིག་གསར་བཙུགས་ཞུ་འདོད་ཡོད་ཚུལ་ཞུས་པར། ༸གོང་ས་མཆོག་ནས་དེའི་བཀའ་ལན་དུ། “ནུབ་ཕྱོགས་ལུང་པ་ནང་པའི་ལུང་པ་མིན་སྟབས། དགོན་པ་བརྒྱབ་ན་འོས་པོ་མེད་པ་དང། རྒྱ་གར་ནང་བཞེངས་ན་འགྲིག་འཐུས་ཆོག་”པར་བཀའ་སྩལ་ཡོད་པ་ཁྱེད་ཀྱིས་གུས་པའི་རྩོམ་ཡིག་སྔ་མར་བཀོད་ཡོད་པ་མ་མཐོང་ངམ། ཡང་ན་ཁ་དཔེར། མི་ངན་ལ་བཤད་ཀྱང་མི་ཉན། ཁྱི་ངན་ལ་བཀག་ཀྱང་མི་ཐུབ་ཅེས་པ་ལྟར་མཐོང་བཞིན་དུ་བསྐྱུར་རམ།
དེས་ན་ཁྱེད་ཀྱི་འདོད་པ་ལྟར་ན་སྐབས་འདིར་ཡང་༸གོང་ས་མཆོག་ནས་ནུབ་ཕྱོགས་ལུང་པར་ནང་པའི་དགོན་པ་རྒྱག་དགོས་པར་བཀའ་སྩལ་དགོས་ཏེ། ནུབ་ཕྱོགས་ལུང་པར་ནང་ཆོས་ལ་མོས་པ་ཡོད་མཁན་མང་དུ་ཡོད་པའི་ཕྱིར། ནང་ཆོས་ལ་མོས་པ་ཡོད་མཁན་ཚོར་ནང་ཆོས་ཁྱབ་སྤེལ་བཏང་ན་འགྲིག་པར་ཁྱེད་ཀྱིས་འདོད་ན། དེའི་ཆེད་དུ་དགོན་པ་བཞེངས་ན་འགྲིག་པ་ཡང་དོན་གྱིས་ཁས་བླངས་པར་གྲུབ་བོ། །
དེས་ན་གནད་དོན་འདི་ཚོའི་ཐོག་ནས་གསལ་པོར་ཤེས་ཐུབ་པ་ནི་ཁྱེད་ཀྱིས་རྟོག་བཟོ་བྱས་པའི་ཆོས་ལུགས་ཁྱབ་སྤེལ་གྱི་གོ་བ་སྔ་མའི་དབང་དུ་བྱས་ཀྱང། ༸གོང་ས་མཆོག་ནས་དུས་ནམ་དུ་ཡང་དངོས་ཤུགས་རྒྱུད་གསུམ་གང་ནས་ཀྱང་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་པ་ཧ་ཅང་གསལ་པོ་ཡིན་ལ། ཁོང་གི་དགོངས་གཞི་གཉིས་པ་སྟེ་ཆོས་ལུགས་མཐུན་སྒྲིལ་ཡང་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་ཡིན་པ། གོང་དུ་དྲངས་པའི་རྒྱུ་མཚན་དེ་དག་གིས་ལེགས་པར་སྒྲུབ་ཐུབ་བོ། །
མཇུག་བསྡོམས།
མདོར་ན་གོང་དུ་ས་བཅད་གཉིས་ལས་དང་པོའི་ནང་འཇམ་གྲགས་ཀྱིས་༸གོང་ས་མཆོག་གི་གསུང་ལ་དྲང་ངེས་ཕྱེས་པ་དེས། ༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་ཇི་ལྟར་བཟོས་ཡོད་མེད་ལུང་རིགས་ཟུང་གིས་བསྒྲུབས་ཡོད་ལ། ས་བཅད་གཉིས་པའི་ནང་ཁོ་པས་ཆོས་ལུགས་ཁྱབ་སྤེལ་ཞེས་པར་གོ་བ་གཉིས་རང་བཟོ་བྱས་ཏེ། ༸གོང་ས་མཆོག་ནས་ “ངས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་”ཅེས་པ་དེ་གོ་བ་ཕྱི་མའི་དོན་ལས། སྔ་མའི་དོན་མིན་པར་སྔ་མ་ཕྱག་བསྟར་གནང་གི་ཡོད་པ་ཤུགས་ལ་བསྟན་ཡོད། འོན་ཀྱང་དེ་ནི་ལྐུགས་པས་ལྐུགས་རྟགས་བསྟན་པ་ལས། དོན་དུ་༸གོང་ས་མཆོག་ནས་ཁྱེད་ཀྱིས་འདོད་པའི་ཆོས་ལུགས་ཁྱབ་སྤེལ་ཕྱི་མ་ལྟ་ཅི། སྔ་མ་ཡང་ཕྱག་ལེན་ལ་བསྟར་གནང་གི་མེད་པ་རྒྱབ་རྟེན་ལུང་དང། རྒྱུ་མཚན་རིགས་པ་དེ་དག་གིས་ལེགས་པར་བསྒྲུབས་ཡོད། དེས་ན་ལུང་ཞེན་དབང་གིས་ཁོག་ཏུ་གདོན་མ་ཞུགས་ན་ད་ནས་འཇམ་གྲགས་ཁྱེད་སྡིག་སྤོང་དགེ་སྒྲུབ་ལ་འབད་དེ། མ་རབས་གཅེས་པར་བསྐྱངས་ན་ཡང་། །དྲིན་དུ་མི་ཚོར་འཁྲུག་པར་བྱེད། །བསིལ་བའི་ཆུ་ཡིས་བྲན་ན་ཡང་། །རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ། །ཞེས་པ་ལྟར་མི་འགྱུར་སླད་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགལ་རྐྱེན་དུ་འགྲོ་གཞིའི་སྨྲ་བ་ཉུང་ན་ཁོ་བོའི་སྨྱུག་རྩེ་ཁྱེད་ལ་གཏད་དོན་ཡང་གཏན་ནས་མེད་དོ། །
དཔྱད་གཞི།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་དགོངས་པར་སྒྲོ་སྐུར་ཞུས་པ།
https://www.dalailama.com/messages/religious-harmony-1/the-relevance-of-religion-in-modern
ལུང་ཞེན་དབང་གིས་ཁོག་ཏུ་གདོན་མ་ཞུགས་ན་ད་ནས་འཇམ་གྲགས་ཁྱེད་སྡིག་སྤོང་དགེ་སྒྲུབ་ལ་འབད་དེ། མ་རབས་གཅེས་པར་བསྐྱངས་ན་ཡང་། །དྲིན་དུ་མི་ཚོར་འཁྲུག་པར་བྱེད། །བསིལ་བའི་ཆུ་ཡིས་བྲན་ན་ཡང་། །རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ། །ཞེས་པ་ལྟར་མི་འགྱུར་སླད་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགལ་རྐྱེན་དུ་འགྲོ་གཞིའི་སྨྲ་བ་ཉུང་ན་མཛེས་གསུངས་པ་ལ་མངོན་པར་བསྟོད་དོ།།
རྩིབས་རི་རྒོད་ཕྲུག་འདི་ཕ་ཡུལ་གང་ནས་ཡིན་ནམ། ཁོང་གི་རྣམ་དཔྱོད་ཀྱིས་ངའི་ཡིད་དབང་འཕྲོག་སོང་། ཁོང་གྲྭ་ས་གང་ནས་ཡིན་དང་ཕ་ཡུལ་སོགས་ཤེས་འདོད་འདུག །
གོང་ས་མཆོག་གིས་དམ་བཅའ་བཞི་པ། རྒྱ་གར་གནའ་བོའི་རིག་གཞུང་ཁྱབ་སྤེལ་གནང་འཆར་དེ་ས་བསྒྲགས་གནམ་བསྒྲགས་མཛད་ཚར་སོང་དུས། གནའ་བོའི་རིག་གཞུང་ཟེར་བ་དེ། ནང་ཆོས་མིན་་ན། མུ་སྟེགས་པའི་ཆོས་སྤེལ་དགོས་གསུངས་པ་ཨེ་རེད། རྩིབ་རི་རྒོད་ཕྲུག་ཟེར་བའི་དཀྲུག་འདྲེ་རྒྱ་མིའི་རྒྱུག་ཁྱི་དེ་ལ། ཁྱི་ཤེས་མི་དགོས། ར་དྲན་ཞིག་མི་འདུག
མྱི་ལགས། ༧གོང་ས་མཆོག་གིས་རྒྱ་གར་གནའ་བོའི་རིག་གཞུང་རྒྱ་གར་རང་གི་ནང་སླར་གསོ་གནང་འཆར་ཡོད་གསུངས་པ་ལས། འཛམ་གླིང་ཁྱོན་ལ་ཁྱབ་སྤེལ་གནང་གི་ཡིན་གསུངས་མེད་། ལོག་བཤད་མ་བྱེད་ཨང་། བདེན་པའི་གནས་ལུགས་ཤོད་མཁན་ལ་རྒྱ་མིའི་རྒྱུགས་ཁྱི་ཟེར་བ་དང་། ཚིག་ལ་ཚིག་ལན་མི་ཐེབས་་ཙ་ན་ཚིག་ངན་བེད་སྤྱོད་བྱེད་པ་ནི་ཁྱེད་ཅག་གི་ཡོན་ཏན་གཅིག་པུ་དེ་རེད། དོན་ལ་རྒྱ་མིའི་རྒྱུགས་ཁྱི་ཟེར་བ་སུ་ཡིན་སུས་ཤེས། དོན་དངོས་ཀྱི་ཐོག་ཏུ་རྒྱ་མིའི་རྒྱུགས་ཁྱི་ཁྱེད་ཅག་གི་ས་ན་མང། ང་ཚོ་རྒྱལ་གྱི་ཤྲཱིའི་ཁོར་ཡུག་ལ་རྒྱ་མིའི་རྒྱུགས་ཁྱི་ཤིན་ཏུ་ཉུང་།
དགག་རྒྱུ་སླ་མོ་སླ་མོ་ཞིག་ལ་དགག་རྩོམ་སྐྱིད་པོ་སྐྱིད་པོ་ཞིག་བྲིས་འདུག ལོག་བཤད་ལེགས་བཤད་དུ་རློམས་པའི་རིགས་ལ་ནམ་ཡང་ཞལ་ཚ་ཙམ་བྱེད་རྒྱུ་གལ་ཆེ་སྟེ། ཁོ་ཅག་གིས་ཚིག་རྩུབ་པོའི་རྣོ་ངར་མ་གཏོགས་དོན་ཟབ་མོའི་རིན་ཐང་མཐོང་མི་ཐུབ་པས་སོ།
ཧེ། ཧེ། རབ་བྱུང་འཇམ་དབྱངས་གྲགས་པ། ཁྲིམས་རྩོད་པ་བློ་བཟང་གྲགས་པ། གཅིག་བྱ་ན་སྤུན་མཆེད་ཡིན་འགྲོ། དེང་སང་ལི་ཐང་པ་དང་། ཏྲེ་ཧོར་ཁམས་པའི་མདོག་བསྟན་པའི་དུས་ཚོད་རེད། ལྟོས་དང་། བློ་སེང་གིས་གང་བཤད་ལེགས་བཤད་དང་། གང་བྱས་དཔའ་བོ་རེད་ཅེས་ངོ་བསྟོད་ཀྱི་གནམ་ས་འགེངས། བློ་སེང་དང་མི་མཐུན་པའི་མི་སྣར་གཏམ་འཆལ་གང་བྱུང་འགྲེམས་པ་བཅས་ལ་ལེགས་པར་ལྟོས་དང་། དེ་དག་མང་ཆེ་བ་ལི་ཐང་པ་དང་། ཏྲེ་ཧོར་ཁམས་པ་རེད་འདུག
རྩིབས་རི་རྒོད་ཕྲུག་འདི་ཕ་ཡུལ་དང་ལས་གནས་གང་ནས་ཡིན་ནའང་ཡིན་དུ་ཆུག གང་ལྟར་ལི་ཐང་པ་དང་ཏྲེ་ཧོར་ཁམས་པ་མིན་པ་ཐག་ཆོད། རྒོད་ཕྲུག་གི་ངག་ནས་ལེགས་བཤད་དང་གནས་ལུགས་ཀྱི་ཆར་པ་བབས་ཀྱི་འདུག ལི་ཐང་པ་དང་ཏྲེ་ཧོར་ཁམས་པར་གནས་ལུགས་དང་ལེགས་བཤད་རྩ་བ་ནས་མེད་པས་སོ།།
རྒྱ་གར་གྱི་གནའ་བོའི་རིག་གཞུང་རྒྱ་གར་གྱི་ས་གནས་རང་ལ་ཉམས་གསོ་མཛད་དགོས་ག་བར་གསུངས་སོང་། སྤྱིར་བཏང་རྒྱ་གར་གྱི་གནའ་བོའི་རིག་ཉམས་གསོ་དགོས་གསུངས་པ་རེད་མ་གཏོགས་མ་ཤེས་ན་ཤེས་མདོག་མ་གཏོང་།
རྗེ་རིན་པོ་ཆེས།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །
ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་པའི་སྨོན་ལམ་གསུངས་བསྡད་ཡ་དེ་༧ གོང་ས་མཆོག་ལ་བསྟུན་ན་་ཞལ་་ཞེ་་མི་མཚུངས་པའི་་སྨོན་ལམ་ཞིག་ཨེ་རེད། བསྟོད་མི་ཤེས་པའི་བསྟོད་པ་ལས། སྨད་མི་ཤེས་པས་སྨད་ལེ་དགའ། ཟེར་བ་ལྟར་རྩིབས་རི་རྒོད་ཕྲུག་ཟེར་བ་དང་་ཨ་ཁུ་འབྲོག་པ་སོགས་ཀྱིས་་དོན་དུ་གོང་ས་མཆོག་ལ་བསྐུར་བ་ཚད་མེད་བཏབ་འདུག
རྒྱ་གར་གྱི་གནའ་བོའི་རིག་གཞུང་རྒྱ་གར་ནང་། སླར་གསོ་གནང་རྒྱུའི་དགོངས་གཞི་ཡོད་པ་རྟག་པར་གསུང་བཞིན་པ་མྱི་ཡིས་མ་གོ་ན་རྣ་བ་མེད་པ་ཡིན་གྱི་རེད། དེ་ཡང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་རེད། རྒྱ་གར་གྱི་རྒྱལ་ས་དིལ་ལི་སོགས་སུ་དམའ་རིམ་ནས་འགོ་འཛུགས་གནང་ཟིན་པ་རེད།
ཨ་ཁུ་འབྲོག་པ་ཟེར་བའི་དྲ་འབུ་སྐྱག་རྫུན་སྨྲ་ལ་བྱང་བ་དེས། ཡང་རྫུན་གཏམ་བཤད་སོང་། གོང་ས་མཆོག་གི་སྔོན་ནས་གསུངས་པའི་དམ་བཅའ་གསུམ་ནང་ནས་དང་པོ། འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་གོང་འཕེལ་དང་། ༽ དེ་རེད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་ལས་ལོགས་སུ་ག་བར་ཡོད་རེད། ག་བར་འདུག རྫུན་མ་བཤད། བླ་མ་ལ་བསྐུར་བ་མ་འདེབས་ན་བཟང་ཡང་། དཔལ་ནཱ་ལེནྡཱ་ནས་བརྒྱུད་བརྒྱུད་པའི་གནའ་བོ་རྒྱ་གར་རིག་གཞུང་ཟེར་ན། ནང་ཆོས་མ་གཏོགས་ག་བར་འདུག ག་རེ་རེད། དེ་རྒྱ་གར་གཅིག་པུ་ལ་སླར་གསོ་གནང་དགོས། ནམ་གསུངས་སོང་། རྫུན་ཏག་ཏག་གིས་སྐྱག་མགོ་ས་གཏུམ་གྱིས། མགོ་བསྐོར་ཐུབ་ཀྱི་མ་རེད། དེང་སང་གི་མི་ཚང་མ་གོ་རྟོགས་སད་ཚར་བ་རེད།
༧ གོང་ས་མཆོག་གི་ཡོངས་གྲགས་ཀྱི་དགོངས་གཞི་གསུམ་ནི། ༧གོང་ས་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རིགས་ཡོངས་ཀྱི་རིན་ཐང་གོང་མཐོར་གཏོང་གནང་རྒྱུ་དང་གཅིག ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་ཡོང་བའི་འབད་རྩོལ་གནང་རྒྱུ་དང་གཉིས། བོད་མི་ཞིག་ཡིན་པ་དང་། བོད་པའི་དབུ་ཁྲིད་ཡིན་པའི་ཆ་ནས་བོད་དོན་བདེན་མཐའ་གསལ་ཐབས་སོགས་གནང་རྒྱུ་ཡིན་གསུངས་པ་དང་གསུམ་ཡིན། བར་སྐབས་ཤིག་ནས་༧ གོང་ས་མཆོག་གིས་སྔར་གྱི་གསུམ་པོ་དེའི་སྟེང་། དེང་སྐབས་ངས་རྒྱ་གར་གྱི་གནའ་བོའི་རིག་གཞུང་འདི་རྒྱ་གར་ནང་སླར་གསོ་གནང་འཆར་ཡོད་ཅེས་ཡོངས་གྲགས་སུ་གསུང་བཞིན་པ་ལས། ངས་ནང་ཆོས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གནང་རྒྱུ་ཡིན་ཞེས་ནམ་ཡང་གསུངས་མེད་ལ། དགོངས་གཞི་ཡང་མིན་པ་གནག་རྫི་ཡན་གྱིས་ཤེས་བཞིན་དུ། ༧གོང་ས་མཆོག་གི་འཆར་གཞི། C is spread Buddhism all over the world,ཞེས་རྫུན་གཧམ་་ཤོད་མཁན་ནི་སྲིད་སྐྱོང་དང་། དེའི་རྒྱབ་སྐྱོར་ལྡོམ་བུ་དང་། མྱི་ཟེར་བ་རྫུན་རྒྱབ་རྫུན་གྱིས་བྱེད་མཁན་ཁྱོད་ཚོ་རེད། རྫུན་བཤད་དེ་ངོ་མ་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད།
ཨ་ཁུ་འབྲོག་པས་ཡག་བྲིས་འདུག །
དགོངས་དག པོ་ཆད་འདུག ཨ་ཁུ་འབྲོག་པས་ཡག་པོ་བྲིས་འདུག །
ཨ་ཁུ་འབྲོག་པས་རྫུན་རྐུབ་དེ་ལ་བུད་སོང་བ། ༧གོང་ས་མཆོག་གིས་རྒྱ་གར་ལ་བཟང་སྤྱོད་དར་སྤེལ་གཏང་འཆར་ལས། ནང་ཆོས་དར་སྤེལ་གཏོང་འཆར་མ་རེད་ཟེར། ཡང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གཏང་འཆར་རེད་ཟེར། སྔ་ཕྱི་མི་མཐུན་པའི་རྫུན་རྐུབ་དེ་ལ་བརྡོལ་སོང་།
ན་ལནྡཱ་ནས་བརྒྱུད་པའི་གནའ་བོའི་རིག་གཞུང་གསུངས་སོང་དང་། མུ་སྟེགས་པའི་ཆོས་ལུགས་དང་བཅས་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་གནང་དགོས་གསུངས་སོང་། རྫུན་བཤད་སྙིང་མ་འདོད་ན། སྐྱག་མགོར་ས་གཏུམས་མ་བཟོ། གོང་ས་མཆོག་གི་དགོངས་གཞི་གསུམ་ཟེར་བ་ནང་ལ། དྲ་འབུ་འབྲོག་པས་རྫུན་ཤོད་འདོད་ཀྱིས་ཚིག་བཅད་གཏུབ་བྱས་འདུག་ཀྱང་།
ཁོང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐུགས་འགན་བཞེས་ཀྱི་ཡོད་གསུངས་ཡོད་རེད་དམ། བོད་དོན་འཐབ་རྩོད་༽ ཁོ་ན་གསུངས་ཡོད་རེད། གོང་ས་མཆོག་ལ་སྒྲོ་བསྐུར་བྱ་འདོད་མེད་ན་སྐད་ཆ་དྲང་མོར་ཤོད། བོད་ཀྱི་ཆོས་རིག་དར་སྤེལ་དང་འཛིན་སྐྱོང་བོད་ནང་ཁོ་ན་དང་། རྒྱ་གར་གྱི་ཆོས་ལུགས་རྒྱ་གར་ནང་གཅིག་པུ་ལ་དར་སྤེལ་གཏོང་དགོས་ག་དུས་གསུངས་སོང་། ཇི་ལྟར་གསུངས་སོང་། རྫུན་མ་བཤད་ན་བཟང་། ཡིན་ན་མིན་ན་འཛམ་གླིང་ནང་ལ་དར་སྤེལ་གཏང་དགོས་ཟེར་ནས་ཁ་གསལ་པོ་གསུངས་མེད་ཀྱང་།
རྗེ་རིན་པོ་ཆེའི་སྨོན་ལམ་དུ།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །
ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་པ་ལྟར། ནང་ཆོས་མ་དར་བའི་ཡུལ་མཐའ་ཁོབ་ཀུན་ལ་ནང་ཆོས་དར་སྤེལ་གཏོང་ཐབས་གནང་གི་ཡོད་རེད།
༧ གོང་ས་མཆོག་གིས་སེམས་ཅན་ཐམས་ཅད་གཏན་བདེའི་ས་ལ་འགོད་འདོད་ཀྱི་ཐུགས་བསམ་བྱང་ཆུབ་སེམས་སྐྱེད་ཡོད་པ་རེད་དམ་མ་རེད། ཡོད་ན། སེམས་ཅན་གཏན་བདེའི་ས་ལ་འགོད་པ་ལ་དེ་དག་གིས་ནང་ཆོས་མ་ཤེས་ན་འགོད་ཐབས་མེད་པར། སྟོན་པ་རང་གིས། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི།། ཐར་པ་རང་ལ་རག་ལས་ཤེས་པ་གྱིས།། གསུངས་པའི་ལུང་དེའི་གོ་ནུས་པ་རེད།
དེས་ན་རྩིབས་རི་རྒོད་ཕྲུག་ཟེར་བ་དང་། ཨ་འཁུ་འབྲོག་པ་ཟེར་བའི་རྨོངས་རྒན་ནང་ཆོས་ཚིག་གཅིག་མི་ཤེས་པ་འདི་དག་གིས།
༧ གོང་ས་མཆོག་ལ་བྱང་ཆུབ་སེམས་བསྐྱེད་མེད་པར་བསྐུར་བ་བཏབ་པ་དང་།
རྗེ་རིན་པོ་ཆེའི་སྨོན་ལམ་དུ།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །ཞེས་པའི་
སྨོན་ལམ་དེ། ༧ གོང་ས་མཆོག་གིས་འདེབས་ཀྱི་མེད་པ་དང་། སྨོན་ལམ་དེ་བཏབ་ཀྱང་་ཞལ་ཞེ་མི་མཚུངས་པའི་སྨོན་ལམ་ཡིན་པ་སོགས། གོང་ས་མཆོག་ལ་སྒྲོ་འདོགས་དང་སྐུར་འདེབས་ཚད་མེད་བྱས་འདུག ཨ་ཁ་ཁ། ནང་ཆོས་མ་ཤེས་ན། ཉེས་པ་འདི་འདྲ་ཆེན་པོ་བསགས་ཀྱི་ཡོད་པ་རེད།
མཁས་པ་ཚོ་གོང་ས་མཆོག་དང་འབྲེལ་བའི་དཔྱད་རྩོམ་སྤྱི་དམངས་དྲ་ལམ་དུ་མ་བཀོད་ན་ལེགས་པ་མིན་འགྲོ།
ང་ཚོས་དུས་རྒྱུན་ནང་ཆོས་ཞེས་ཆོས་ལུགས་ཁོ་ནར་ངོས་འཛིན་བྱེད་བཞིན་པའི་རིག་གཞུང་འདིར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པའི་ཆོས་དང་། ནང་པའི་ཚན་རིག ནང་པའི་ལྟ་གྲུབ་ཅེས་སྡེ་ཚན་གསུམ་དུ་བཀར་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་པ་ཕལ་ཆེར་བས་མཁྱེན་ཡོད་ངེས། དེ་བཞིན་༸གོང་ས་མཆོག་ནས་གསུང་བཞིན་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱ་དགོས་ཞེས་པ་འདི་སེམས་ཁམས་རིག་པ་གཙོ་བྱས་པའི་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་སླར་གསོ་བྱ་དགོས་གསུངས་པ་ཡིན་པ་ལས། ནང་པའི་ཆོས་(religion)སླར་གསོ་བྱ་དགོས་ཞེས་པ་ག་ལ་ཡིན། ཡིན་ནའང་ཕྱོགས་ཞེན་གྱིས་དབང་པོ་རྣམ་ལྔ་བསྒྲིབས་པ་རེ་ཟུང་གིས་སྡིག་པ་མིག་བཙུམ་གྱིས་སློབ་བཟང་སངས་རྒྱས་ཀྱི་གློའུ་བཤད་(ཧམ་བཤད་དང་གློའུ་བཤད་གང་རུང་)འགེབས་ཆེད་༸གོང་ས་མཆོག་གི་དགོངས་གཞིར་ལོག་འགྲེལ་བྱས་དང་བྱེད་བཞིན་པར་ཡ་ང་བག་ཚ་ཙམ་ཡང་མེད་པ་ནི་སློབ་སངས་དང་སློབ་སངས་འགེབས་མཁན་དག་གི་མི་གཤིས་ཀྱི་མཚུངས་ཆོས་རྐྱང་རེད།
ནང་ཆོས་ལས་ལོགས་སུ་ནང་པའི་ལྟ་གྲུབ་ཟེར་ན་ག་བར་འདུག ནང་པའི་ལྟ་གྲུབ་ནང་ཆོས་མ་ཡིན་ན། མྱི་ནག་ཁྱོད་ཀྱི་ནང་ཆོས་ཤུགས་ལྡན་བསྟེན་ཡ་དེ་་ཡིན་འགྲོ། རྒྱ་མིའི་ཁྱི་རང་རེད།
ནང་པའི་ཚད་རིག་ཟེར་ན་ནང་ཆོས་ལས་ལོགས་སུ་ག་རེ་རེད། མྱི་ནག མ་ཤེས་ཤེས་མདོག་གིས་ནང་ཆོས་ལོག་བཤད་མ་བཟོ་རོགས།
ད་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད། ཟེར་ནས་་བྱམས་བརྩེ་ལོགས་སུ་བཀར། ནང་པའི་ལྟ་གྲུབ་དང་ཚད་རིག་བསལ་རྗེས། ནང་ཆོས་ཟེར་ནས་་ལོགས་སུ་ལྷག་བསྡད་ཡ་ག་རེ་ཡོད་རེད། རྨོངས་པ་རང་རེད། ནང་ཆོས་མ་ཤེས་ན། ལོག་བཤད་འདི་འདྲ་བཟོ་གི་རེད།
མདོར་ན་གོང་ས་མཆོག་ལ་བྱང་ཆུབ་སེམས་བསྐྱེད་ཡོད་པ་རེད་དམ་མ་རེད། ཡོད་ན། སེམས་ཅན་ཀུན་ལ་ཕན་བདེ་སྒྲུབ་པ་ལ་དེ་དག་ཐར་པ་ལ་འགོད་དགོས། དེ་འགོད་འདོད་ཀྱི་ཐུགས་བསྐྱེད་ཡོད་ན། སེམས་ཅན་ཀུན་ལ་ཐར་པའི་ལམ་ནང་་ཆོས་བསྟན་འདོད་ཅི་ལ་མེད་དེ་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། དེས་ན་དད་པ་ལོག་སྤྱོད་པ་འདི་དག་གིས་གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་ཡིན་པར་དོན་གྱིས་བསྒྱུར་བཞིན་འདུག ཨ་ཁ་ཁ་་་་
སྲིད་སྐྱོང་གི་ངན་གཡོ་འགེབས་སྲུང་ཆེད་གཡས་ཀྱོག་གཡོ་ཀྱོག་གིས་ལོག་འགྲེལ་བྱེད་པའི་མྱི་ཟེར་བ་ཁྱོད་ནང་ཆོས་མཁས་མདོག་མ་ཤོད། ང་དང་ཁྱོད་ནང་ཆོས་མཁས་ན་མཁས་མཉམ་དང་། མི་མཁས་ན་མི་མཁས་མཉམ་རེད། མཁས་ནས་ཉམས་ལེན་མི་བྱེད་དང་། མི་མཁས་ནས་ཉམས་ལེན་མི་བྱེད་པ་གཉིས་ལས། ཤེས་ནས་ཁྱད་དུ་གསོད་པ་དེ་ཉེས་པ་ཆེ།
ད་རེས་རྩོད་གཞི་འདི་རྒྱལ་བའི་དགོངས་པར་ལོག་ལྟ་བསྐུར་འདེབས་བྱས་འདུག་དང་མི་འདུག་ཟེར་བ་དེ་རེད། ལོག་ལྟ་བསྐུར་འདེབས་བྱས་ཡོད། བྱེད་དགོས་པའི་རྒྱུ་མཚན་ཡང་། ཁྱོད་ཅག་འགའ་ཞིག་ནི། ཁ་ནས་རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མདོག་ལས། དོན་ལ་རྒྱལ་བའི་མཛད་པར་ཕྲག་དོག་ཁོ་ན་བྱེད་ཀྱིན་པར་མི་ཐོག་གཅིག་དང་ཀ་ཕྱེད་ཕྱིན་པ་དེའི་རྒྱུན་འཛིན་ཆེད་རེད། དེ་ཡང་གསལ་པོར་བརྗོད་ན། ༧གོང་ས་མཆོག་གི་དགོངས་གཞི་ཡོངས་གྲགས་གོང་དུ་དྲང་བ་བཞི་ཡིན་ཅིང་། ཁྱོད་ཅག་རྒྱལ་བའི་མཛད་འཕྲིན་ཅི་དང་ལྷག་པར་དགོངས་གཞི་གསུམ་པ་དེ་ལ་ཕྲག་པ་དོག་གི་ཡོད། དེ་ལ་ཕྲག་དོག་ཡིན་མིན་དེང་སང་གསལ་པོ་མཐོང་རྒྱུ་ཡོད་པ། དབང་ཆ་ཕྱིར་ལེན་གནང་རྩིས་འདུག ཅེས་ལས་འགུལ་སྤེལ་ཡོང་གི་འདུག་པ་དེའི་རྒྱབ་ཏུ་སུ་ཡོད་མིན་ཡང་གསལ་པོ་རེད། མདུན་ངོས་མྱི་ཟེར་བ་ཁྱོད་སོགས་ཡོད་པ་གཞིར་གྲུབ།
ཁྱོད་ཅག་རྒྱལ་བའི་མཛད་པར་ཕྲག་དོག་གིས་འཛམ་གླིང་མི་མང་ཡིད་གཉིས་ཐེ་ཚོམ་ཅན་དུ་འགྱུར་ཐབས་སུ། སྲིད་སྐྱོང་གིས་རྒྱལ་བའི་དགོངས་པ་དྲུག་གསར་བཟོ་དང་། བཞི་ཡོངས་གྲགས་སུ་ཡོད་པ་བཅས་བཅུར་གྱུར། ལྷག་པར་དགོངས་གཞི་གསུམ་པ་C is spread Buddhism all over the world ནང་ཆོས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་གནང་རྒྱུའི་དགོངས་གཞི་ཡོད་པར་བཅོས་ཏེ། ཆོས་ལུགས་གཞན་དག་༧གོང་ས་མཆོག་གིས་ཞལ་ནས་མ་གཏོགས་དོན་ལ་ནང་ཆོས་སྤེལ་འཆར་འདུག་སྙམ་པའི་རྣམ་རྟོག་ཆེན་པོ་བསླངས་ཏེ། དབྱེན་སྦྱོར་དཀྲུགས་ཤིང་དུ་འགྱུར་གཞི་བཟོས་ཡོད། འདི་ནི་ངས་མཐའ་ཚིག་ཡིན། ད་ནས་ཡ་སོ་ཅན་གྱི་གླང་རྒན། མཇུག་མ་མེད་པའི་ཁྱི་རྒན་ཁྱོད་ཅག་ཅི་ཙམ་ངུ་ཡང་ལན་མི་སྨྲ་བ་དམ་བཅའ་ཡིན།
གོང་དུ་མྀ་ནག་ཟེར་བས་ང་ལ་དོན་གྱིས་རྒྱབ་སྐྱོར་བྱས་འདུག། བཀའ་དྲིན་ཆེ།
རྨོངས་རྒན་ཨ་ཁུ་འབྲོག་རྒན། སྲ་སྐྱོང་སྲིད་སྐྱོང་ཅི་མི་ཤེས། སྐབས་འདིར་དེ་གླེང་བྱ་མ་རེད།
གཅིག གོང་ས་མཆོག་གིས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པ།། སོགས་ཀྱི་སྨོན་ལམ་ཚིག་བཞི་དེ་གསུངས་ཀྱི་ཡོད་པ་ཨེ་རེད། ཡོད་ན། ཞལ་ཞེ་མི་མཐུན་པ་སྨོན་ལམ་དེ་གནང་བ་ཨེ་རེད།
གཉིས། བྱང་ཆུབ་སེམས་སྐྱེད་ཡོད་ན། སེམས་ཅན་ཀུན་གཏན་བདེ་ལ་འགོད་འདོད་ཨེ་དགོས། དེ་དགོས་ན། སེམས་ཅན་ཀུན་ལ་ཐར་པའི་ལམ་དམ་པའི་ཆོས་མ་བསྟན་ན་གཞན་པའི་ཐབས་ཡོད་མ་རེད། དེ་མ་ཤེས་ན་དྲ་འབུ་ཁྱེད་ཚོས། གོང་ས་མཆོག་དང་ནང་ཆོས་ཀྱི་སྐོར་ལ་བཤད་པའི་ཐོབ་ཐང་ཡོད་མ་རེད།
གནའ་བོའི་རིག་གཞུང་ཞེས་པ་ཕྱི་ནང་ཐུན་མོང་གི་སེམས་ཀྱི་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་པའི་ཞི་གནས་དང་ལྷག་མཐོང་། ད་དུང་མིའི་གཤིས་་ལ་རང་ཆས་སུ་ཡོད་པའི་བྱམས་སྙིང་རྗེ། ཡ་རབས་གཞུང་དྲང་། གཞན་ཕན་གྱི་བསམ་བློ་སོགས་ཡིན་པ། ༸གོང་ས་མཆོག་གིས་རྒྱ་གར་གནའ་བོའི་རིག་གཞུང་ཞེས་གསུངས་རྗེས། གོང་གསལ་དེ་དག་མཚན་གཞིར་བཟུང་སྟངས་ལས་ཀྱང་ཤེས་ཐུབ།
ནང་པའི་གཞུང་ནས་གསུངས་ཚད་ནང་ཆོས་མིན་ལ། སངས་རྒྱས་ཀྱི་ཆོས་ལ་ནང་པའི་ཚན་རིག་དང་ལྟ་གྲུབ། སེམས་ཁམས། ཆོས་བཅས་སྡེ་ཚན་མང་པོ་དབྱེ་རྒྱུ་ཡོད་པའི་གནད་འགག་འདི་གོ་ཐུབ་ན་ཧ་ཅང་བཟང་སྙམ།
སངས་རྒྱས་ཀྱི་ཆོས་ངོ་མ་ནི་འགོག་བདེན་དང་ལམ་བདེན་སོགས་སྒྲུབ་སྟངས་ལས་བརྩམས་ཏེ་ས་ལམ་བགྲོད་སྟངས་དང་སྒྲིབ་པ་སྤོང་སྟངས། སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་རྣམ་གཞག་དེ་ཚོ་རེད།
ད་དུང་ནང་པའི་ཆོས་ཡིན་མིན་གྱི་ཚད་ཐིག་ངོ་མ་འཇལ་ས་དེ་ནི་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་པའི་ཐར་པ་སྒྲུབ་པར་འདོད་པ་རྣམས་ཀྱི་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མིན་དང་། མཆོག་གསུམ་ལ་སྐྱབས་སུ་འགྲིན་མིན་སོགས་མདོར་བསྡུས་ན། ཆོས་ལུགས་གང་ཞིག་ནང་ཆོས་ཡིན་མིན་དང་ཆོས་བྱེད་གང་ཞིག་ནང་པ་ཡིན་མིན་ནི་སྟོན་པ་བསྟན་པ་ལྟ་བ་སྒོམ་པ་སྤྱོད་པ་བཅས་ཀྱི་སྒོ་ནས་འཇོག་ཚུལ་ཡོད་པ་ཤེས་དགོས་ལེ་རེད། དེ་ཚོ་ཡང་མཐར་གཏུགས་ན་དམིགས་ཡུལ་སྡུག་ཀུན་ཉེར་ཞིའི་ཐར་པ་བསྒྲུབ་པའི་སླད་དུ་རེད།
དེ་དག་ནང་པ་ལ་དེ་ཙམ་དགའ་བ་དང་དད་པ་ཡིད་ཆེས་མེད་མཁན་ཞིག་གི་ཚོགས་སྡེའི་ཁྲོད་ཚུར་སྐད་ཆ་དྲིས་ན་ཕར་ངོ་སྤྲོད་ཙམ་ཞུས་ན་འཐུས་པ་ལས་ཁྱབ་སྤེལ་ཇི་ལྟར་བྱེད་རུང་ངམ། སངས་རྒྱས་ཐུགས་རྗེ་ཅན་ནི་རྒྱ་གར་ནས་སངས་རྒྱས་ཏེ་ཆོས་གསུངས་རྗེས་ནང་ཆོས་ཞེས་པ་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་གྱི་བཀྲུས་ནས་མ་དག་པའི་ཆོས་ལུགས་ཤིག་ཏུ་གྱུར་ཡོད་ལ། དེ་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་པ་ནང་ཆོས་ཕ་མེས་ཀྱི་ཆོས་ལུགས་ཡིན་པའི་རྒྱ་གར་དང་བོད་སོག་པོ་ལྟ་བུར་རུང་ཡང་། འཛམ་གླིང་ཁྱོན་ཡོངས་ལ་དེ་ཁྱབ་སྤེལ་བྱེད་སྟངས་ཤིག་གང་ན་ཡོད་དེ་མེད་སྙམ།
༸གོང་ས་མཆོག་གིས་ཆོས་ལུགས་གཞན་གྱི་ལྟ་གྲུབ་དང་བསྡུར་ན། ལྟ་གྲུབ་ཀྱི་ཆ་ནས་ནང་པའི་ལྟ་གྲུབ་དེ་བཞིན་ཟབ་ཤོས་དང་རྒྱས་ཤོས་ཤིག་ཡིན་ན་ཡང་། ངས་ནང་པའི་ཆོས་ཡག་ཤོས་རེད་ཅེས་བཤད་ཀྱི་མེད་ལ། ནང་པའི་ཆོས་དང་ནང་པ་སྤེལ་ཐབས་ནི་དེ་བས་ཀྱང་བྱེད་ཀྱི་མེད་ཅེས་ལན་གཅིག་མིན་པར་ཡང་ནས་ཡང་དུ་བཀའ་བསྩལ་དང་སྩོལ་བཞིན་ལགས་པ་ནི་ཐུགས་སྣང་ཅན་ཚོས་ད་ཙམ་གོ་ཡོད་ཚོད་ཡིན་སྙམ།
ངོས་ནས་ནང་པ་དང་ནང་པའི་ཆོས་སྤེལ་ཐབས་བྱེད་ཀྱི་མེད། ཅེས་གསུངས་པ་དང་ཡོད་པ་རེད། དེ་ཡང་འཛམ་བུ་གླིང་ལ་ཁྱབ་སྤེལ་གནང་གི་ཡོད་པ་རེད་ཅེས་པ་གཉིས་དངོས་འགལ་ཏུ་སོང་ཡོད་མེད་ནི་བསམ་བློ་ཏོག་ཙམ་གཏོང་མཁན་ཞིག་ཡིན་ན་གསལ་བོར་ཤེས་ཐུབ་ཀྱི་རེད།
འདི་ལྟར་གསུངས་ན་ཆོས་ལུགས་གཞན་སེམས་ཀྱི་གཏིང་ཟབ་ས་དང་ཚོར་བ་རྣོ་སར་ཐིམ་པའི་ཁ་ཆེ་དང་ཡེ་ཤུ། ད་དུང་༸གོང་ས་མཆོག་གི་མཛད་པ་ཕྲ་མོ་ཡན་ཆད་ནས་སྐྱོན་དུ་མཐོང་བསྡད་མཁན་གྱི་རྒྱ་དམར་སོགས་ལ་དོགས་པ་དང་རྣམ་རྟོག་ག་འདྲ་ཞིག་ཡོང་མིན་ནི་རང་ལུས་ལ་དཔེ་བླངས་ན་ཤེས་ཐུབ་པ་ཞིག་རེད་དྲན།
༸གོང་ས་མཆོག་གིས་ཆེད་མངགས་ནང་པ་དང་ནང་ཆོས་ཡག་ཤོས་དེ་ཡིན་པ་གསུང་གི་མེད་པ་མ་ཟད། ནང་པ་དང་ནང་ཆོས་ནང་པ་མིན་པའི་ཡུལ་གྲུ་ཁག་དང་། ནང་པ་མིན་པའི་ཚོགས་སྡེ་ཁག་གི་ནང་དུ་ཁྱབ་སྤེལ་གནང་གི་མེད་ཅེས་ཡང་ཡང་བཀའ་གནང་བ་འདི་ལ་དགག་བྱ་དང་དགོས་པ་ལྷག་པོ་ཞིག་ཡོད་བཞིན་དུ། འཛམ་གླིང་ལ་ནང་ཆོས་ཁྱབ་སྤེལ་བྱེད་པ་དེ་༸གོང་ས་མཆོག་གི་དགོངས་གཞི་རེད་ཅེས་གསུངས་ན། འདི་དོན་དངོས་དང་མི་འཚམས་པའི་ཁར་ཕན་དང་གནོད་གང་དུ་འགྱུར་ཡང་གཏོལ་མེད་པ་ཞིག་རེད།
དྲང་མོར་ཞུས་ན་བཀའ་དེ་འདྲ་གནང་སྐབས་ང་ནི་ཏོག་ཙམ་སྐྲག་སྣང་སྐྱེས་སོང་བ་ཙམ་ལས་གཞན་ནི་བྱ་ཐབས་བྲལ་ཡང་། ཏག་ཏག་དེའི་ཐད་ཀྱི་རྩོམ་ཡིག་གནད་ལ་འཁེལ་བ་ཞིག་མཐོང་བས་འགྲིག་འདུག་བསམས་སོང་ཡང་། སྤྱི་ཚོགས་ཁྲོད་༸གོང་ས་མཆོག་གི་གསུང་འདིའི་གལ་གནད་དང་གཟིགས་རྒྱ་ཆུབ་མཁན་ཅི་ཙམ་ཡོད་ནི་ཆ་མ་འཚལ་ལགས།
ད་དུང་ཧི་མ་ལ་ཡའི་རི་རྒྱུད་དུ་དགོན་སྡེ་འཛུགས་སྐྲུན་གནང་འཆར་ཡོད་ཅིང་དེ་ནི་ལེགས་འགྲུབ་བྱུང་ཡོད་རེད་ཅེས་བཀའ་གནང་བ་འདི་ལ་ཡང་ཤ་བརྩེད་སོང་། གང་ཡིན་ཞེ་ན་༸གོང་ས་མཆོག་ནི་འུ་ཅག་གི་སྤྱི་ནོར་རེད། སྟོན་པའི་རྒྱལ་ཚབ་རེད། ཡིན་ནའང་ཁོང་་དགེ་ལུགས་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་རེད། འོ་ན་དགོན་སྡེ་འཛུགས་སྐྲུན་གནང་ན་དགེ་ལུགས་པའི་དགོན་སྡེ་འཛུགས་སྐྲུན་བྱས་ཡོད་དམ། ཡང་ན་ཆོས་བརྒྱུད་སོ་སོ་སོ་སོའི་དགོན་སྡེ་འཛུགས་སྐྲུན་གནང་ཡོད། གསུང་འདིས་རྐྱེན་གྱིས་ཧི་མ་ལ་ཡའི་ནང་པ་ནང་ཚགས་ཀྱི་ཆོས་ལུགས་མཐུན་སྒྲིལ་ལྷིང་འཇགས་དེ་ལའང་གཡོ་འགུལ་ཏོག་ཙམ་ཐེབས་མེད་འགྲོ་བསམས་ནས་སེམས་ཁྲལ་བྱུང་།
གང་ལྟར་བཤད་རྒྱུ་མང་པོ་ཞིག་འདུག་སྟེ་ད་ནི་སྐུ་ཚེ་རིང་རྒྱུ་ཁྱེད་ཅག་གིས་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་མ་སོང་བར། གནད་དོན་རང་ལ་མཛུབ་བཀེར་གྱིས་བགྲོ་གླེང་མཐིལ་ཕྱིན་གནང་རོགས་ཞུ། ཀུན་ལ་བཀའ་དྲིན་ཆེ་ཞུ།