བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར།
དཔལ་ལྡན་སྲིད་སྐྱོང་དང་དཔལ་ལྡན་བཀའ་ཤག ཡང་ན་དཔལ་ལྡན་བཀའ་བློན་ཞེས་པའི་མཚན་གནས་འདི་དག བཟང་སྤྱོད་དང་དྲང་པོའི་བློ་ཁོག་ཁྱོན་ནས་མེད་པའི་ད་ལྟའི་བཀའ་ཤག་གི་མི་འགྲོ་འདི་ལྟ་བུ་དག་ལ་སྦྱར་ན་ལས་འབྲས་ཁྱད་གསོད་ཆགས་འགྲོ་ངེས་ཀྱི་བསམ་ཚུལ་ཡང་ཡང་འཁོར་གྱི་འདུག འདི་ལྟར་ལངས་ཤོར་ལྟ་བུས་མཚན་གནས་འདི་དག་སྦྱར་རྐྱང་བྱས་ན་མ་འོངས་པར་བོད་རང་གི་རྒྱ་ཆེ་མི་མང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་ཕྱོགས་གྲོགས་པོ་ཚོའི་ངོས་གཉིས་ཀ་ནས་ལོ་རྒྱུས་ལྡན་པའི་མཚན་གནས་འདི་དག་གསན་སྐབས་ཐུགས་སུན་ཉོབ་སྣང་ཡོང་མི་སྲིད་པ་མིན་སྟབས། རྩོམ་འདིའི་འགོ་བཙུགས་མ་ཐག་ཁོང་རྣམ་པར་མཚན་གནས་དེ་དག་སྦྱར་ནས་འབྲི་རྒྱུར་དཀའ་ངལ་ཆེན་པོ་བྱུང་། ཡིན་ནའང་། རྟ་ལམ་བོང་བུས་བཀག་པ་ད་ལྟའི་དུས་ཚོད་གཅིག་པུ་མིན་པ། མིའི་སྤྱི་ཚོགས་གང་སར་འབྱུང་བཞིན་པའི་གནས་སྟངས་ལ་རིགས་འགྲེས་ཏེ་རང་སེམས་རང་གིས་གསོ་བཞིན་རྩོམ་འདི་འབྲི་འདོད་བྱུང་།
སྤྱིར་བཏང་མང་པོ་བརྗོད་མི་དགོས་པར། བློ་བཟང་སངས་རྒྱས་ནས་འགན་བླངས་པའི་བཀའ་ཤག་སྔ་ཕྱི་གཉིས་ཀར་འཐུས་ཤོར་ཆེ་ཆུང་མང་པོ་བྱུང་ཡོད་པ་ནས། ཆེ་བ་༧རྒྱལ་བའི་ཐུགས་དཀྲུགས། སྲུང་མས་བཀའ་བཀྱོན་ཕོག མི་མང་གིས་ངོ་རྒོལ་བྱས། ༧རྒྱལ་བའི་སྐུ་ཕྱྭར་ཉེན་ཁ་བྱུང་ཡོད་པ་བཅས་མི་མང་ནང་ས་རིས་ཐང་གསལ་དུ་གྱུར་ཡོད་ཀྱང་། དེ་དག་གབ་སྦས་དང་གླེང་མི་དགོས་པ་གཙོ་འདོན་བྱས་ཡོད་པ་དཔེར་ན། བློ་བཟང་སངས་རྒྱས་ཀྱིས་ངའི་གྲོགས་པོ་ཡིན་ཟེར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དོན་གཅོད་ཀྱི་ལས་འགན་ཞུ་སྐབས། སན་ཕ་རིན་སེ་སི་ཀོར་དོལ་རྒྱལ་བསྟེན་མི་༧གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་སྔ་ཚུན་ནས་ཡིབ་སྟེ། ཆིབས་བསྒྱུར་སྐབས་སྐུའི་ཉེ་འཁྲིས་སུ་བཅར་ཏེ་ལོག་བཤད་བརྒྱབས་པའི་གནས་ཚུལ་བྱུང་བར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཛ་དྲག་ཏུ་གཟིགས་ཏེ་གྲོས་ཆོད་ཀྱི་ལམ་ནས་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པ་ཐག་གཅོད་གནང་། རྗེས་སུ་ཞིབ་འཇུག་ཚོགས་ཆུང་གིས་གྲུབ་དོན་སྙན་ཐོ་བཀའ་ཤག་གི་མཚན་བསྣམས་པའི་ད་ལྟའི་མི་འདི་དག་ལ་གནང་ཡོད་ཀྱང་། བཀའ་ཤག་གིས་སྙན་ཐོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབུལ་རྒྱུ་ལྟ་ཅི། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་ལའང་ནང་དོན་སྙན་སྒྲོན་ཙམ་ཡང་ཞུས་མེད། མཐར་རྐུན་མར་དཔའ་དར་འཐེན་པ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་གངས་སྐྱིད་དུ་ལས་ཀ་མུ་མཐུད་སྤྲད་ཡོད་པ་ལ། དེའི་སྟེང་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞིར་བསྐྱར་བཅོས་སོང་བ་དམིགས་བསལ་བསྐོ་བཞག་ཁ་ལ་འཁྱེར་ཏེ། དོན་དུ་སྒྲིག་གཞི་དོན་ཚན་དེ་དང་རྒྱབ་འགལ་གྱིས་ཚད་མཉམ་དྲུང་འཕར་ནས་དྲུང་ཆེར་གནས་སྤར་བསྐོ་བཞག་བྱས་ཡོད། ཡིན་ཡང་ཕྱི་ཚུལ་འཁྲབ་སྟོན་དུ་སྐལ་རྡོར་ལ་ཉེན་བརྡ་ཞིག་བཏང་སྟེ་འཐུས་པ་བྱས་ཡོད། སྐལ་རྡོར་ལ་ད་བར་ཉེན་བརྡ་ཐེངས་གསུམ་ཕོག་ཡོད། གཞུང་ཞབས་གཞན་ལ་ཉེན་བརྡ་ནི་གནས་སྤར་འགོག་བྱེད་ཅིག་ཡིན་ཡང་། བློ་བཟང་སངས་རྒྱས་ཀྱི་གྲོགས་པོ་ཡིན་སྟབས་ལྟོས་མེད་རང་བྱེད་བཞིན་པ་གཞུང་ཞབས་ནང་དུའང་བསམ་ཚུལ་ཤུགས་ཆེ་ཡོད་པ་གསལ་བོ་རེད། དེ་བཞིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དང་བློ་བཟང་སངས་རྒྱས་གཉིས་ཁ་མཐུན་ཏེ། བོད་ཀྱི་ཐེབས་རྩ་དང་མཉམ་བཞག་གཞུང་འབྲེལ་གན་ཡིག་ངོ་བཤུས་དོན་གཅོད་དང་བཀའ་དྲུང་ཡིག་ཚང་གང་གིའང་ཡིག་སྣོད་དུ་མ་བཞག་པར་ལྐོག་ཏུ་མེད་པ་བཟོས་པ་རེད། དེའི་རྒྱུ་མཚན་ནི་ཨ་རིའི་དོན་ཁང་དང་ཉི་ཧོང་དོན་ཁང་གཉིས་ཀ་ཁོང་གཉིས་ནས་འགྲོ་གྲོན་ཐབས་ཤེས་བཏང་སྟེ་ཉོས་པ་ཡིན་ཞེས། ༢༠༡༥ ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་སྐབས་༧དཔལ་ལྡན་དགའ་ལྡན་ཕོ་བྲང་ཞལ་ཁྲ་ལམ་མེར་བཞུགས་ཡོད་པ་ཟུར་དུ་བཞག་སྟེ་རྒྱ་ཆེ་མི་མང་ལ་ཞལ་རྫུན་གྲངས་ལས་འདས་པ་གསུངས་ཡོད། དོན་ལ་དོན་ཁང་དེ་གཉིས་ཉོ་བྱེད་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་ཀྱི་ཐེབས་རྩ་ནས་བགོས་པའི་དོན་ཁང་གི་ཐོབ་སྐལ་གྱིས་སྤུས་གཟིགས་གནང་བ་རྩིས་ཞིབ་སྙན་ཐོར་ཧ་ཅང་གསལ་བོ་བཀོད་འདུག་པ་སོགས་སྐྱོན་དང་ནོར་འཁྲུལ་ཞིབ་པ་མ་འོངས་པར་དེབ་གཟུགས་སུ་ཐོན་ངེས་པས་སྐབས་འདིར་བརྗོད་པར་བྱ་བ་ནི།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་ཇི་ལྟར་གསལ་བོ་བཀོད་པ་བློ་རབ་འབྲིང་མཐའ་གསུམ་གྱི་གོ་བས་ཆུན་པ་ནང་བཞིན་ཡོད་ནའང་། བཀའ་ཤག་གིས་ཉམས་ལེན་ཞུ་ཕྱོགས་དེ་ལས་ལྡོག་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཟུར་ཟ་གནང་ཡོད་པ་མ་ཟད། མི་མང་ཁ་ལ་འཁྱེར་ནས་ཐག་གཅོད་དྲང་བདེན་མ་བྱུང་བའི་བསམ་ཚུལ་མི་མང་ནང་འདུག་ཚུལ་ཀྱང་ལྟོས་མེད་ཀྱིས་བཀོད་འདུག ཐག་གཅོད་དྲང་པོ་བྱུང་མིན་བཀའ་ཤག་རང་ལ་རྩོད་བཤད་ཀྱི་ཡང་དག་པའི་ལྕེ་དང་། དེ་སྒྲུབ་བྱེད་ཀྱི་དཔང་པོ་ཚད་འཕེར་ཡོད་མེད་ལ་རག་ལས་པ། ཁ་མཆུ་ཨང་ ༢༠ པའི་ཆེད་དུ་འཚོགས་པའི་ཉན་ཞིབ་དག་གི་སྐབས་བཀའ་ཤག་ལ་དགོས་ངེས་ཀྱི་དུས་ཚོད་ཡོངས་རྫོགས་གནང་སྟེ་བར་དོ་ངོ་འཕྲོད་གསལ་བོ་གནང་བ་དེས་ཤེས་པ་ལས། ཉན་ཞིབ་གཅིག་ལའང་བཅར་མ་མྱོང་ཞིང་ཟེར་རྗེས་འབྲང་པའི་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་མི་ཁ་ཤས་ཀྱི་བབ་ཅོལ་ལ་གསན་ཏེ་མི་མང་ཞེས་པའི་ཚིག་སྤྱད་ཡོང་བ་འདི་དེ་བས་རང་མདོག་སྟོན་བྱེད་ཅིག་སྟེ། འུ་ཐུག་ན་དགྲ་ལ་ཡིན་ཡང་ལག་གདེང་སྦྲེལ་སྲིད་པའི་རྣམ་པ་མཚོན་བྱེད་ཅིག་རེད།
འདོད་བློ་མ་ཁེངས་པ་དང་ལས་འབྲས་དང་མཐུན་མིན་གྱི་ཚིག་ཙམ་ལ་སྐྱབས་བཅོལ་བ་ལས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བཅུ་པ། བསྐྱར་ཞིབ་དང་དོགས་གཅོད། དོན་ཚན་ ༦༤ དགོངས་དོན་འོག་བསྐྱར་ཞིབ་གནང་ཆོག་པ་གསལ་ཡང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་གཤིས་བསྐྱར་ཏུ་ཞུ་གཏུགས་ཀྱི་གཞི་རྩ་མེད་པ་གབ་ཡིབ། འཁྱོག་བཤད་ཅི་འདྲ་བྱས་ཀྱང་མི་མང་ལ་དབུ་སྐོར་ག་ནས་ཞུ་ཐུབ། དེ་མིན་དབུས་ལྷན་ཁང་ཞིག་གི་ལས་དོན་ཆེ་ཕྲ་གང་ཡང་པར་ཆས་ནང་གདོང་བསྟན་ཏེ་གསར་འགོད་པར་བཤད་དགོས་ཚེ། ཡ་གའི་སྲིད་སྐྱོང་ལྷན་ཁང་ཁག་ཏུ་མར་བབས་བབས་པ་ཡིན་པ་ཞིག་ལ། ཁ་མཆུ་ཨང་ ༢༠ པ་དང་འབྲེལ་ཏེ་གདོང་སྟོན་མ་ཕོད་པ་ནི། ཕུག་ན་བདེན་པ་མེད་པ། དོན་ལ་བློ་ཁོག་མེད་པ་ཉག་ཅིག་ཡིན་པ་གཤིན་རྗེའི་ཆོས་ཀྱི་རྒྱལ་པོས་ཀྱང་ཏན་ཏན་གསུང་གི་རེད། ལས་བྲེལ་ཡིན་ན། ཨ་ནེ་སྙིད་མོའི་ཆང་སར་ཉིན་ཕྱེད་གཏོང་ཐུབ་དོན་མེད་པས་རྫུན་དང་སྒྲུང་གིས་ནམ་རིང་མི་འཁྱོལ་བ་ཧ་ཅང་གསལ་བོ་ཆགས་སོང་སྙམ་པས། ད་ནི་ཚོད་ཅིག་འཛིན་རོགས་དཔལ་ལྡན་བཀའ་ཤག་ལགས།
ལར་ནས་ཤེས་ལྡན་གཟུ་བོར་གནས་པ། ངོ་ཚའི་གོས་དང་ལྡན་པ། རིག་པ་རྣལ་དུ་གནས་པ། སྤྱི་པ་ནམ་ཡང་རང་དོན་ཁོག་བཅུག་གིས་ཡལ་བར་མི་འདོར་མཁན་ཞིག་ཡིན་ན། ཇི་ལྟར་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༦ པའི་ནང་གསེས་ ༡ གསལ་བ་བཞིན། ‘‘ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་གཏུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་’’ ཞེས་པའི་བླ་ན་མེད་པའི་གནས་བབ་ལ་ལྟོས་མེད་སུས་བྱེད་ནུས་སམ།
བཀུར་འོས་མི་མང་གིས་མཁྱེན་གསལ་བཞིན། སྲིད་སྐྱོང་དང་བཀའ་བློན་ཚོས་ལས་འཁུར་དམ་བཅའ་ཕུལ་སྐབས། ‘‘༄༅། ། བདག་་་ བློ་བཟང་སེང་གེ་་་ཞེས་བགྱི་བ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད་ཀྱི་ཐོག་ནས། སྲིད་སྐྱོང་གི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་’’ཞེས་མནའ་བོར་ཏེ་དམ་བཅས་ཡོད།
འོན་ཀྱང་བཅད་ཁྲའི་ནང་གསལ་དུས་ཡུན་ཟླ་གཅིག་རིང་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ནས་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ བར་བཅད་ཁྲ་ཉམས་ལེན་བྱས་མེད་ཅིང་། དེ་རིང་ཚེས་ ༡༦ ཉིན་ད་དུང་གྲགས་འགུལ་གང་ཡང་མེད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༨ ནང་། གལ་སྲིད་རྩོད་ལན་པས་བརྡ་ཐོར་བརྩི་བཀུར་མ་བྱས་ན། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༡༣ པའི་ནང་གསེས་ ༢ ། ‘‘བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན།’’ ཞེས་པ་དང་འགལ་བར་ངོས་འཛིན་བྱས་ཡོད། ཞུ་སྦྱོར་པའི་ཞུ་རྩ་ཁྲིམས་ཞིབ་ཁང་གིས་ངོས་ལེན་གནང་རྗེས་རྩོད་ལན་པར་བརྡ་ཐོ་བཏང་བར་བརྩི་བཀུར་མ་བྱས་པ་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་གྱི་ཡོད་ན། ཆེས་མཐོའི་ཁྲིམས་ཁང་གིས་བཏང་བའི་བཅད་ཁྲ་ཉམས་ལེན་མ་བྱས་ན་བཅའ་ཁྲིམས་རིན་པོ་དང་འགལ་ཟིན་པ་ཐང་གི་གྲོག་མ་ལའང་ཞུ་ག་ལ་དགོས།
དེ་བཞིན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༥༡ ནང་གསེས་ཁ་པའི་ནང་དུའང་། གྱོད་ཡ་སུ་རུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་། བཀའ་ཁྲ། བཀའ་ཁྱབ། བཀའ་ཤོག བཀོད་འདོམས་བཅས་ལ་བརྩི་མེད་བྱས་ཚེ། བཅའ་ཁྲིམས་དོན་ཚན་ ༢༢ པ་བཀའ་བློན་འོས་འདེམས་ཁོངས་ཞུགས་རྒྱུ་དང་། བཅའ་ཁྲིམས་དོན་ཚན་ ༦༣ པ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་མིའི་ནང་ཞུགས་རྒྱུ། བཅའ་ཁྲིམས་དོན་ཚན་ ༩༧ ། ༡༠༡། ༡༠༧། ཏེ་རང་དབང་ཅན་གྱི་སྡེ་ཚན་ཏེ་དབུས་འོས་བསྡུ་ལས་ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་པ་བཅས་ཀྱི་འོས་མིར་ཞུགས་རྒྱུ་བཅས་བཀག་བསྐྱིལ། དེ་བཞིན་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བཟོ་ཆོག་པ་གསལ་བ་མ་ཟད། ད་དུང་དེར་བོད་མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་། གནས་ཕབ། གནས་དབྱུང་སོགས་ཐད་ཀར་གནང་ཆོག་པ་གསལ་བས། ཁྲིམས་སྒྲིག་གི་གནས་ཚུལ་ཞིབ་ཏུ་མ་སྦྱངས་པའི་རྒྱབ་སྐྱོར་པ་མི་མང་ཉུང་ཤས་ཀྱི་མདུན་སར་ཉི་མ་འཁྱོལ་ཐབས་དང་། མཉམ་དུ་སྡིག་པ་མིག་བཙུམ་བྱེད་པ། ཁྲིམས་ཀྱི་དབང་བསྒྱུར་ཡང་རང་ལ་ཐུག་ན་གལ་ཆེར་མི་བརྩི་རུང་། སྲིད་སྐྱོང་དང་བཀའ་བློན་གྱི་མཚན་ལ་དགའ་བའི་སྤུན་ཟླ་ཕོ་མོ་ཚོས་རང་ཉིད་ལ་ཐར་ལམ་ཞིག་བཙལ་དགོས་པའི་དུས་ལ་བབ་འདུག་པ་ཅི་ནས་ཀྱང་ངོས་བཞེས་གནང་ན་མཛེས།
གུས་པའི་རེ་བ་ནི། ཡང་ན་ད་ལྟའི་བཀའ་ཤག་གི་གནས་སྟངས་འདི་བཞིན་རང་ཐོག་ཏུ་བླངས་ཏེ་གཏོང་ལེན་གྱི་སྒོ་ནས་བསམ་བློ་བཏང་བ་ཡིན་ན། ངས་ནི་མི་ཚེ་ལྷག་མ་ཅི་ཡོད་དང་། ལྷག་པར་སྐྱེ་བ་ཕྱི་མ་རྣམས་ལ་ལམ་ཁ་ཞིག་ཏན་ཏན་སྐྲུན་རྒྱུར་འབད་བརྩོན་ཞུ་ངེས་ཡིན། ནོར་བ་ཡོང་སྲིད། སྤྱི་པ་རང་དོན་དུ་སྤྱད་ནས་ནོར་འཁྲུལ་བཟོས་པ་ནོར་ལུགས་ཚབས་ཆེན་ཡིན་ཡང་། ད་ནི་བྱུང་ཟིན་པས། ལམ་ཁ་ཡག་ཤོས་གཅིག་ཡོད་པ་ནི། འཇིག་རྟེན་ཀུན་ཏུ་དབྱར་གྱི་ཆུ་བོའི་རྣམ་པར་དར་སྲོལ་ཆགས་ཟིན་པ་ལྟར། མང་གཙོའི་ལམ་ལུགས་ནང་མི་མང་གི་བརྒྱ་ཆ་མང་ཆེ་བས་འདོད་མོས་ཁྱོན་ནས་མེད་པ། ཐ་ན་ཡིད་ཆེས་ཚུན་བརླགས་ཟིན་པའི་རྣམ་པ་བསྟན་པ་ཡིན་ན། ངེས་པར་བཟང་སྤྱོད་དང་ལྡན་པའི་ངང་དགོངས་པ་ཞུ་དགོས་པ་རེད། དེ་ནི་ཚུལ་མཐུན་གྱི་ལམ་ཁ་གཅིག་པུ་དེ་རེད། དེས་རང་ཉིད་བདེ་བ་དང་ཡང་དག་པའི་ལམ་ལ་དགོད་པ་ཙམ་མིན་པར། བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་སྒྱུར་བ་དང་། བོད་མིའི་མང་གཙོ་སྔར་ལས་ཡང་དག་པར་སྒྱུར་བ། བོད་ཀྱི་བདེན་དོན་འཐབ་རྩོད་ལ་ནུས་ཤུགས་གསར་པ་ཁ་སྣོན་བྱས་པ་དང་མཚུངས་པས་དེ་ལ་ཅི་ནས་ཀྱང་དགོངས་པ་བཞེས་དགོས་པ་རེད་སྙམ། ངས་བསམས་ན་ལམ་ཁ་འདི་ད་ལྟའི་བོད་ཀྱི་དམ་ལྡན་ལྷ་མི་ཡོངས་ཀྱི་དགོངས་ཚུལ་རེད་སྙམ། གལ་སྲིད་བཀའ་ཤག་ཐུགས་ཡིད་མི་ཆེས་ན། ད་བར་ཆོས་སྐྱོང་ཁག་གིས་བཀའ་ཤག་ལ་བསྩལ་བའི་བཀའ་ལུང་ཁག་ལ་བསྐྱར་ཞིབ་ཅིག་གནོང་དང་། ཡིད་ལ་ལྗིད་ཏིག་གེར་འབབ་པ་ཞིག་ཏན་ཏན་ཡོད་པ་རེད།
ཡང་ཕྱོགས་གཞན་ཞིག་ནས་ཞུས་ན། ད་ལྟའི་སྲིད་སྐྱོང་དང་བཀའ་བློན་རྣམ་པར་ནོར་འཁྲུལ་ཚབས་ཆེན་ཡོད་ཀྱང་། འཇོན་ནུས། མཁྱེན་དཔྱོད། བཟང་སྤྱོད་ཀྱི་ཆ་བཅས་ཀྱང་གང་འཚམས་ཡོད་ན་དེ་ཡང་བསམ་བློ་གཏོང་ས་ཞིག་ཡིན་མོད། ང་ཚོས་མཉམ་དུ་གྲོས་ཚོགས་ནང་བོད་སྤྱི་པའི་རྩ་དོན་དང་། སྒྲིག་འཛུགས་ཀྱི་ལས་དོན་ཆེད་ལོ་བཞི་ལྷག་ལ་རྣམ་དཔྱོད་གཅིག་ཏུ་སྤུངས་ཏེ། རྣམ་དཔྱོད་ཀྱི་བློའི་རྩལ་ཕར་གསལ་ཚུར་གསལ་ཆགས་ཡོད་ཙང་། དྲང་པོར་ཞུས་ན། ཁྱེད་རྣམ་པ་མེད་ཐབས་མེད་པ་དང་། ཁྱེད་རྣམ་པས་དགོངས་པ་ཞུས་པ་ཡིན་ན། དྲག་གྲས་གོ་འཕེར་ཞིག་སྒྲུག་རྒྱུ་མེད་པ་དེ་འདྲ་རྩ་ནས་མིན་པ། ཐོག་མར་བཀའ་བློན་དུ་སླེབས་སྟངས་ནས་ཤེས་གསལ་ཡིན་པས། ག་ས་གང་དུ་ཚད་འཕེར་གྱིས་ཁེངས་འདུག་པ་ཧ་ཅང་གསལ་བོ་རེད་འདུག་ན། མ་འོངས་པ་ལའང་ཐུགས་ཁྲལ་ཁྱོན་ནས་གནང་དགོས་དོན་མི་འདུག་སྙམ། དེས་ན་བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤིགས་འོ་མའི་མར་ལོ་ཅི་ཡིན་ཟེར་ན། དཔལ་ལྡན་སྲིད་སྐྱོང་དང་བཀའ་བློན་གྱི་མཚན་གནས་འོག་མི་སྒེར་ཆེན་པོའི་ཟོལ་དུ་བཞུགས་འདོད་བློས་ཐོངས་མིན་ཙམ་ལ་འཁྲིལ་ནས་ལྟོས་མེད་བྱེད་མིན་ཁོ་ནར་ཐུག་འདུག་པས། ན་ཚོད་ཀྱི་ཆ་ནས་ཞུས་ཀྱང་དགུང་ལོ་ཡར་ཕེབས་ཡོད་སྟབས། རབ་ཏུ་བྱུང་ན། ཚེ་མཇུག་དགེ་སྒྲུབ་ལ་འབད་དེ་བཀའ་ཤག་ལྷན་རྒྱས་ནས་དགོངས་པ་ཞུ་རོགས་གནང་ཞེས་མ་ཞུ་ཐབས་མེད་ཆགས་སོང་ངོ་།།
2019 ཟླ་ 11 ཚེས་ 16 ཉིན་ནོར་བུ་འཚིག་ཇ་ཁང་དུ་བྲིས།།
རྒྱུ་མཚན་གྱིས་སྒྲུབ་ཁུལ་ཇི་ལྟར་བྱས་ཀྱང་། བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤིགས་འོ་མའི་མར་ལོ་ནི། སྒེར་ཁོན་གྱི་ན་ཟུག་དེས་རང་ཉིད་འདོད་པ་མ་ཁེངས་པར། བབ་ཅོལ་ཁོ་ན་ཉིད་ལས། འདིར་གནད་ལུགས་འདུག་ཨང་བསམ་པ་ཞིག་མཐོང་མ་སོང་། རྩོམ་གྱི་མཐའ་མཇུག་དེར་གཅིག་ལྟོས་དང་། ན་ཚོད་ཀྱི་ཆ་ནས་ཡར་ཕེབས་ཡོད་སྟབས། ཚེ་འཇུག་དགེ་སྒྲུབ་ལ་འབད་དེ་ཞུ་རོགས། ཞེས་པ་འདི་རེད། བློ་སེང་དང་སྤེན་ཚེའི་ན་ཚོད་ནི་ཆབ་སྲིད་ཀྱི་གནས་བབ་ནས་བཤད་ན། ད་ལྟ་གཞོན་མེད་ཀྱང་རྒས་མེད། གཅིག་བྱས་ན་རྩོམ་ཡིག་འབྲི་བ་པོ་རང་ཉིད་དང་ལོ་ངོ་། གཅིག་གཉིས་ཙམ་ལས་ཁྱད་པར་མེད་ཀྱང་སྲིད། མདོར་བསྡུས་ན། ཡར་སྒྲོ་བཏགས་མར་ངན་ལབ་བརྒྱབ་པ་ལས། བོད་མི་རིགས་ལ་སྨན་པའི་ལས་ཀ་ཆུང་ཚག་རེ་ལས་ན་ཕན་རླབས་ཆེ་བས་དེ་བཞིན་བསྒྲུབ་པར་མཛོད་ཅིག།
འོ་ད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱི་གསུངས་པ་དེ་ག་རང་རེད། རྒྱབ་སྐྱོར་བརྒྱ་ཆ་རྒྱ་ཡོད་དོ། ད་ང་ཚོ་མི་མང་ནས་བཀའ་ཤག་དང་སྤྱི་འཐུས། ཁྲིམས་ཞིབ་ཁང་བཅས་ལ་ཡི་གེ་གཏང་དགོས་པའི་དུས་ལ་སླེབས་འདུག ད་ཡིན་ན། བཀའ་ཤག་ནང་སྡད་མཁན་བཀའ་བླུན་ངོ་མ་ཚ་ན་ང་ཚོ་གཞུང་ཞབས་ལས་བྱེད་མང་པོ་དང་། བོད་མི་མང་ངོ་ཚ་གི་འདུག
ད་སྐུ་མཁྱེན་ཐུགས་རྗེ་གཟིགས་བཀའ་ཤག་གི་ནོར་འཁྲུལ་འདིས་རྐྱེན་པའི་ང་ཚོ་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸སྤྱི་ནོར་༸གོང་ས་མཆོག་གི་ཐུགས་ཕམ་མ་ཅུག་རོགས།
ཧ་ཧ། ད་བཀའ་བླུན་ཚོ་མ་ཎི་བགྲངས་ནས་སྡོད་ཟེར་གདའ། བློ་སངས་དང་། བསོད་སྟོབས་ལྟ་བུས་ནི། མ་ཎི་འདྲེན་ཤེས་ཀྱི་ཡང་མ་རེད། དུག་གསུམ་གྱིས་དབང་གིས་མ་ཎི་བགྲང་ན་ནི། དགེ་བ་ཕར་ཞོག་སྡིག་པར་འགྱུར་གྱི་རེད། སྙིང་རྗེ། ད་གང་དྲག །
བཀུར་འོས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས།
བཀྲ་ཤིས་བདེ་ལེགས།
ནམ་རྒྱུན་བོད་པའི་ལན་ཛར་རེ་ཛོར་རེ་དང་ཀ་རེ་ཀོར་རེ་མིན་པར། ལན་དམར་དམར་རྗེན་རྗེན་རྡོག་རྡོག་ཅིག་འབུལ་ན།
གཅིག ༽ སྲིད་སྐྱོང་མང་མོས་ཀྱིསཧྲག་སེ་ག་ལ་་བདམས་པ་རེད། འབུད་དགོས་ན་དེ་ལ་ཡང་མང་མོས་ཐག་གཅོད་དགོས།
གཉིས།༽ སྲིད་སྐྱོང་དབབ་པར་ཁྱེད་ལ་ལག་པ་འཇུ་ས་ཡོད་པའི་ཉེས་པ་ཧྲིལ་ཧྲིལ་གཅིག་དགོས།
གསུམ།༽ཉེས་པ་ཕྲ་ལྷ་མེ་བ་གཅིག་ཡོད་ན། སྤྱི་འཐུས་ནས་ཁོང་ཁྲིམས་ལ་སྦྱར་མིན་བགྲོ་གླེང་ཤ་པེ་ཤོ་པེ་གཅིག་བྱས་ནས་ཁྲིམས་ཁང་ལ་བསྐྱལ་དགོས།
བཞི།༽ཁྲིམས་ཁང་ནས་མཐའ་མའི་ཐག་གཅོད་ཡུག་ཡུག་ཅིག་བྱ་དགོས།
འདི་མིན་པའི་ལམ་གཞན་ཞིག་ནི། བུད་མེད་གཅིག་ཐོན་ནས། སྲིད་སྐྱོང་གིས་བཙན་དབང་ཤི་མ་ཤི་གཅིག་བྱས་བྱུང་། ལག་པ་གཉིས་བསྡམས་ནས། ངའི་གོས་ཐུང་ཕུད་སོང་། ངོ་རྒོལ་ཇི་ཙམ་བྱས་པར་མ་བལྟོས་པར་ཁོང་གི་རྡོ་རྗེ་ནག་རིལ་དེ་བཙན་པོས་ངའི་པད་མའི་ནང་ལ་ཤོབ་ཤོག་ཟེར་འབུད་སོང་། ཁུ་བ་ཐོན་སོང་། སྨན་ཁང་ལ་ཕྱིན་པ་ཡིན། ཁུ་བའི་དཔེ་མཚོན་སྨན་ཁང་ལ་ཡོད། ཟེར་བའི་ནག་ཉེས་གཅིག་ཡོད་ན། རྒྱ་གར་གྱིས་ཁོང་ཤུག་ཤུག་གིས་འཁྲིད་འགྲོ་གི་རེད།
གཞན་པ་ཚང་མ་ཉ་པེ་ཉོ་པེ་དང་། སྦ་ར་སྦུ་ར་རེད། སུས་ཀྱང་ཁ་ཡ་བྱེད་ཀྱི་མ་རེད།
ཤར་ཕྱོགས་ཁུག་རྟས་ཡག་པོ་བྲིས་འདུག འོན་ཀྱང་ད་ལྟའི་སྲིད་སྐྱོང་གིས་ལས་གནས་ནས་དགོངས་ཞུ་བྱེད་མི་སྲིད་པ་ཞིག་རེད། རྒྱུ་མཚན་ནི་མི་དེར་ངོ་ཚ་ཁ་སྐྱེངས་ཟེར་བ་དང་ཁྲེལ་ཡོད་ཟེར་བ་དེ་གཏན་ནས་མེད་པ་རེད། གལ་ཏེ་ཡོད་ན་བོད་མི་རྡོག་རྩ་གཅིག་སྒྲིལ་ཡོང་བའི་ཆེད་ཁོ་ནས་ཀྱང་བཅད་ཁྲ་ངོས་ལེན་གནང་གི་རེད། ཐབས་ལམ་གཞན་ཞིག་ནི་བོད་མི་མང་སྤྱི་འཐུས་བརྒྱ་ཆའི་ཚད་ལོངས་ན་སྲིད་སྐྱོང་ལས་ཁུངས་ནས་ཕུད་དགོས་རེད། ད་ལྟའི་ཨ་རིའི་སྲིད་འཛིན་ཀྱང་ལས་ཁུངས་ནས་ཕུད་ཐུབ་མིན་ལ་མ་ལྟོས་པར་བརྩོན་པ་བྱས་དང་བྱེད་བཞིན་པ་རེད། སྤྱི་འཐུས་ཚོས་འོས་ཤོག་བླུག་དགོས་རེད། །
དངོས་ཐོག་བདེན་མཚོན་གྱིས་སྐད་ཆ་བཤད་ན། ཁ་མཆུ་ཨང་ ༢༠ པ་བློ་སེང་རང་ཉིད་ནས་ཁྲིམས་ལུགས་ལྟར་སྲུང་བཟང་སྤྱོད་རེད། དེ་ལས་ལྡོག་ན་མི་མང་གི་སྲིད་སྐྱོང་དང་བཀའ་ཤག་ལ་རེ་བ་མེད་པར་འགྱུར་ངེས་རེད། ཆུ་འགོ་ནས་ཉོག་ན་དྭངས་མེད་ཟེར་བ་བཞིན་ནོ།
སྲིད་སྐྱོང་མེད་པར་བཟོ་མཁན་ཨ་རིིའི་དོན་ཟུར་སྐལ་རྡོར་ཧམ་སེམས་ཅན་དེ་རེད། དེང་སང་སྐལ་རྡོར་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སོང་ནས་མི་མང་ལ་འགོ་སྐོར་མང་དག་བཤད་ནས་དངུལ་བསྡུ་རུབ་བྱེད་བཞིན་འདུག འདི་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་རེད། ལྐོག་གཡོ་ངན་ཇུས་ཞིག་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་་འཛིན་ཁྲིམས་ཡིག་སོགས་ལ་རྩོད་ལན་པས་ངོས་ནས་འགན་འཁུར་ནས་འགྲོ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མིན་པ་ཡིན་ནམ།
བློ་བཟང་ཆོས་འབྱོར་ལགས་བཀྲིས་བདེ་ལེགས་ཡོད། ངོ་མ་གནད་ལ་ཁེལ་བ་མང་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ་ཡིན་ན་ཡང་ད་ཕན་ཞིག་ཐོག་ས་མ་རེད་པ།
བློ་བཟང་ཆོས་འབྱོར་ལགས། ང་ཚོ་བོད་པའི་བཤད་སྲོལ་ཞིག་ཡོད། སྦྱིན་བདག་གཡོག་པོ་མ་འདོད་གཡོག་སླ་སྐུར་ནས་བཏོང་དགོས། གཡོག་པོ་སྦྱིན་བདག་མ་འདོད་གཡོག་གླ་བཞག་ནས་འགྲོ་དགོས། ཟེར་བ་ལྟར་ཁྱེད་རང་བཀའ་ཤག་མ་འདོད་ན་ཁྱེད་རང་དགོང་པ་ཞུས་ནས་འཐོན་ན་འགྲིག ཁྱེད་རང་འཐུས་མི་ཞིག་ནས་སྐད་ཆ་དེ་ལྟར་བཤད་པ་ཁྱེད་རང་གི་ལས་འགན་ནས་ལམ་ཁ་ནོར་བ་མ་རེད་དམ། ཁྱེད་རང་གི་ལས་འགན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ས་བརྟན་ཡོང་ཐབས་འབད་བཙོན་བྱེད་དགོས་པ་ལས་བཀའ་ཤག་གཏོར་ཐབས་བྱེད་པ་འདི་འཐུས་མིའི་ལས་འགན་གྱི་ལྡོག་ཕྱོགས་ཡིན། སྔོན་དུས་ ༡༩༥༩ རྗེས་རྒྱ་དམར་ནས་གྲལ་རིམས་འཐབས་གཙོད་ཟེར་བའི་ལས་འགུལ་ཙུག་ནས་བོད་མི་བསམ་ཡོད་ཚང་མ་རྩ་མེད་ཟོས་པ་རེད། འཐབ་གཙོད་མྱང་མཁན་བོད་པ་ཁོ་ན་ལས་རྒྱ་མི་རིག་གཅིག་ལ་ཡང་འཐབ་གཙོད་བྱུང་མེད། དེང་དུས་ཁྱེད་ཚོད་འཐབ་གཙོད་དེ་བཀའ་ཤག་ལ་བྱེད་པ་དེ་མའོ་ཚེ་ཐུང་གི་བསམ་བློ་དང་ལས་དོན་ངོ་མ་དེ་ཁྱེད་ཚོད་གྲུབ་གི་མི་འདུག་པས་བསམ་བློ་ཡག་པོ་ཐོང་། བཀའ་ཤག་ནི་༧གོང་ས་མཆོག་གི་བཀའ་སྡུར་གནང་སའི་ལས་ཁུང་དང་པོ་དེ་ཡིན་། ༧གོང་ས་མཆོག་ནས་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མིའི་བདེ་དོན་ལ་དོ་སྣང་མི་བྱ་ཐབས་མེད་ཡིན་གསུང་པ་ཁྱེད་ཚོད་མཐོང་མ་བྱུང་ངམ། བཀའ་ཤག་གི་ལས་དོན་ཇི་གནང་༧གོང་ས་མཆོག་ནས་མཁྱེན་གྱི་མེད་ཤག་བྱས་ནས་ཁྱེད་ཚོའི་གང་བྱུང་བཤོད་པ་དེ་སྤྱི་ཚོགས་ནང་ལ་དཀྲུག་ཤིང་རྒྱབ་པ་ལས་ཕན་འཐོག་གང་ཡང་མེད་པས་རང་གི་ཁ་ལ་བདག་པོ་རྒྱབས་ན་བཟང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྲུང་སྐྱོབས་བྱ་རྒྱུའི་འགན་དེ་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་ལ་ཡོད་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ཏུ་གཏན་འབེབས་གནང་བའི་ཁྲིམས་ལུགས་དང་སྒྲིག་གཞི་ཁག་དང་མ་འགལ་བའི་ཐོག་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དེ་བཙན་བྱོལ་བོད་མི་རང་ལོ་བཅོ་བརྒྱད་ཡན་གྱི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན་པ་དང་ལས་འགན་དེ་འགྲུབ་ཡོད་མེད་འབྲེལ་ཡོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ལ་འགན་ཡོད་པ་ལ་ངོས་འཛིན་ཞུ་གི་ཡོད།
ངག་དབང་བྱང་ཆུབ་ཁྱེད་རང་གི་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཀའ་ཤག་གཏོར་ཐབས་བྱེད་པ་འདི་འཐུས་མིའི་ལས་འགན་གྱི་ལྡོག་ཕྱོགས་ཡིན། ཞེས་གསུངས་འདུག་ཀྱང་སྤྱི་འཐུས་ཁོང་ནས་བཀའ་ཤག་གཏོར་ཐབས་བྱེད་པ་རྩ་བ་ནས་མ་རེད། བཀའ་ཤག་གི་ལས་ཀ་ཡག་པོ་མ་བྱེད་པ་དང་བཀའ་ཤག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར་མ་ཞུས་པ་ནོར་འཁྲུལ་སྟོན་པ་རེད་དེ་ནི་སྤྱི་བའི་འཐུས་མི་ཞིག་གི་ལས་འགན་རེད། དེ་ཁྱེད་རང་གནད་དོན་མ་ཤེས་པ་དང་འགྲོ་སྟངས་མ་ཤེས་པ་རེད།
ངག་དབང་བྱང་ཆུང་ལགས་་བཀའ་ཤག་གཏོར་ཐབས་ལབ་ན་ཅི་རེད་མི་ཤེས་ཤེས་མདོག་བྱས་ན་ཕན་ཐོག་ཅི་ཡོད་བཀའ་ཤག་གི་ལས་ཀ་བྱེད་སྟངས་ཁྲིམས་ལུགས་དང་མཐུན་ཀྱིན་མེད་ན་བཀའ་ཤག་ནས་དགོངས་ཞུ་དང་ཡང་ན་དགོངས་སེལ་ཞུ་དགོས་བ་སྨོས་མེད་རེད། ད་ལྟའི་གནས་སྐབས་ཀྱི་བཀའ་ཤག་གི་གནས་བབ་ལ་ལྟོས་ན་ཧ་ཅང་སྐྱུག་བྲོ་དགོས་བ་ཞིག་ཡིནཔ་་ཀུན་གྱིས་མཁྱེན་གསལ་རེད་དེར་བརྟེན་སྤྱི་འཐུས་ཤིག་ཡིན་ཕྱིན་དམིགས་གསལ་གྱི་འགན་ཡོད་པ་མ་ཟད་འགན་དེ་ཡང་ཁོག་ལ་བཅུག་ནས་མི་འདུག་རྒྱུ་ཧ་ཅང་གལ་ཆེ། ང་ཚོ་ལ་དྲང་ཐིག་བཞག་སའི་ཁྲིམས་ལུགས་དང་རྩ་འཛིན་ཡོད། མང་གཙོ་ཀ་བ་གསུམ་གྱི་རྩ་འཛིན་འོག་མི་དམངས་ཀྱི་སྐྱིད་སྡུག་དང་སྒེར་བའི་བསམ་འཆར་སོགས་ཁྲིམས་དང་མཐུན་པའི་དགོས་ནས་ཞུ་ཆོག སྤྱི་འཐུས་ཤིག་ལ་མཚོན་ན་མི་མང་གི་བསམ་འཆར་དང་དམིགས་ཡུལ་སོགས་གོང་རིམ་ལ་ཞུ་དགོས་བ་མ་ཟད་གོང་རིམ་གྱིས་ལས་སྟངས་ལ་ནོར་འཁྲུལ་ཤོར་ན་ཐད་གར་སྐྱོན་འཛིག་དང་སྟངས་འཛིན་བྱེད་དགོས་བ་ཆེས་ལས་འགན་གྱི་གཙོ་བོ་ཡིན། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ལ་ཐུགས་རྗེ་ཆེ་ཞུ།
༧ གོང་ས་མཆོག་གིས། ཉེ་ཆར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་ཡོངས་ཀྱི་མདུན་སར། སྲིད་སྐྱོང་ལ་ཕྱག་མཛུབ་གཏད་དེ། ཁོང་ངའི་(boss) རེད། གསུངས་པ་དེ། ཤར་ཕྱོགས་ཁུག་རྟས་གོ་བ་དང་ལྷན་དུ་་རྩོམ་ཡིག་འདི་བྲིས་སོང་། བཤད་རྒྱུ་བུ་ལ་བཤད། གོ་རྒྱུ་མནའ་མས་གོ་དགོས་པའི་དཔེ་ལྟར། ཤར་ཁུག་གིས་བཤད་རྒྱུ་བཀའ་ཤག་ལ་བཤད་ཁུལ་ཡིན་ཡང་། དོན་དུ་༧ གོང་ས་མཆོག་ལ་ཟུར་ཟའི་ཚིག་ཤ་སྟག་རེད་འདུག ཁག་མེད། ཁོ་རང་གི་ཕ་ཡུལ་གཅིག་པ་སྤེན་པ་ཚེ་རིང་དོན་གཅོད་ནས་འཕོ་འགྱུར་གཏོང་དགོས་ཚུལ་གྱི་བཀའ་ཡིག་སྐུ་སྒེར་གྱིས་བཀའ་ཤག་ལ་གནང་ཡོད་པ་དེ། ཤར་ཁུག་གིས་ལོས་ཧ་གོ ཁོ་གངས་ཅན་སྤྱི་གཤོང་ལ་འཐུས་མི་ཞིག་གི་མིང་འགན་ཁུར་ནས་བསྡད་ཡོད་རེད་བ། དེས་ན་༧ གོང་ས་མཆོག་ལ་ཟུར་ཟའི་ཚིག་ཉོག་སྤེལ་བ་རེད།
རང་ཁྲིམས་རང་གིས་མ་སྲུང་བར་བསྟན་པ་འགོ་ནས་བཤིག་པ་ཡིན་དུས། སྲིད་སྐྱོང་གནས་གཡོལ་གཏོང་དགོས་པ་ལས་ལྷག་མེད།
རྒྱལ་བ་དོན་གྱི་བདག་པོས་ལོ་མང་རིང་། དཀའ་བ་བརྒྱ་ཡིས་བསྐྲུན་པའི་རང་གཞུང་འདི།
ཁུ་ཚུར་སེན་མོས་རྒྱབ་རྟེན་མ་ཐུབ་ཀྱང། དམའ་འབེབས་རྡོག་རྫིས་མི་བྱེད་དམ་བཅའ་ཡིན།
ཤ་རུས་གདུང་རྒྱུད་གཅིག་ཏུ་མཆེད་པ་དང་། ལས་ཀྱིས་བསྡུས་པའི་ཆོལ་གསུམ་བོད་རིགས་རྣམས།
ལ་རྒྱའི་དཔུང་པ་མཉམ་གཤིབ་མ་ཐུབ་ཀྱང་། ནང་ཁུར་འཐེན་འཁྱེར་མི་བྱེད་དམ་བཅའ་ཡིན།
ནང་བསྟན་གཅིག་ཏུ་བརྒྱུད་པའི་བོད་ཆོས་འདི།། གཞུང་ལུགས་གདམས་ངག་འཆར་བའི་ཉམས་ལེན་གྱིས།།
རིས་མེད་བསྟན་ལ་དག་སྣང་མ་ཐུབ་ཀྱང་། ཆོས་སྤངས་ལས་ངན་མི་གསོག་དམ་བཅའ་ཡིན།།
ཕ་ས་དགྲ་བོས་འཕྲོག་ཅིང་ཡུལ་དུ་གྱར།། རང་ས་ལག་མཐིལ་ཙམ་ཡང་བསྟེན་རྒྱུ་མེད།།
ད་དུང་ཆོལ་ཁ་ཆོས་ལུགས་འཁྲུག་རྩོད་འདི།། སྲོག་འདི་ཐེངས་དགུར་ཆད་ཀྱང་ངས་མི་བྱེད།
སྤྱི་དོན་ཡིན་ཟེར་རྐུབ་སྟེགས་རྩོད་པ་དང་། ལ་རྒྱ་ཡིན་ཟེར་ཆོལ་ཁའི་དཔུང་གདངས་བསྒྲིགས།
ཡིད་བཞིན་ནོར་བུའི་སྐུ་ཚེ་ཐུང་རྐྱེན་འདི།། ཅི་ལ་ཐུག་ཀྱང་མི་བྱེད་དམ་བཅའ་ཡིན།།
མདོར་ན་གཡར་པོའི་སྒྱུ་ལུས་ཐོ་ཡོར་འདི།། མ་ཞིག་བར་དུ་ཆོལ་གསུམ་བོད་རིགས་ལ།།
མཚན་དམས་ཞབས་འདྲེན་ནམ་ཡང་མི་བྱེད་པར།། འགྱུར་མེད་སྙིང་ནས་ཁོ་བོས་དམ་བཅའ་ཡིན།།
བདེན་པ་ནས་ཕུལ།།
སྐུ་ངོ་ཆོས་འབྱོར་ལགས་ཀྱི་དགོངས་ཚུལ་ཧ་ཅང་ལེགས།
བློ་སེང་བཀའ་ཤག་ནས་དུས་ནམ་ཡང་དགོངས་པ་མི་ཞུ་ལ། རྗེས་མ་ལོ་དུས་རྫོགས་མཚམས་ནག་ཉེས་ཀྱི་ཞྭ་མོ་ནག་པོ་དེ་གྱོན་ནས་ཕེབས་རྒྱུར་ཐུགས་ཐག་བཅད་ཚར་བ་རེད། ད་ལྟའི་བཀའ་ཤག་དེ་ནག་ཉེས་ཅན་གྱི་བཀའ་ཤག་ཅིག་ཡིན་པ་ཁྲིམས་ཁང་གིས་ཐག་བཅད་ཟིན་པ་ལ་འགྱུར་བ་གང་ཡང་མེད།