བློ་གྲོས་རབ་བརྟན།
བཙན་བྱོལ་བོད་མི་ཚོར་མཚོན་ན།བཙན་བྱོལ་དུ་གླང་དར་མ་ཞིག་ཡོང་རྒྱུ་ཡིན་པ་ཡིད་ལ་མེད།གོང་ས་མཆོག་གི་དབུ་འོག་ཚང་མ་སྐྱིད་མཉམ་སྡུག་མཉམ་གྱིས།ཁོང་གི་བཀའ་གསུང་ལ་ཉན་ནས་སྤྱི་དོན་ལ་གང་ཡོང་ཅི་ཐུབ་བྱ་རྒྱུ་ཁོ་ན་ལོས་ཡིན།རེད་དེ།ད་ཆར་གངས་སྐྱིད་དུ་གླང་དར་མ་ཞིག་མཚང་ནས་ཡོང་སྟེ། སྤྱི་ཡི་སྒྲིག་འཛུགས་ཀྱི་ཁང་ཆེན་ལ་གས་ཀ་ཤོར་ཞིང་།བོད་མི་ཚོར་ཆོལ་ཞེན་ལ་ཁྲིད་དེ།སྤྱི་དོན་བོར་ཞིང་བདེན་པ་མཐོང་མི་ཐུབ་པར་འགྱུར་བཞིན་ཡོད།
འདས་པའི་བཙན་པོ་ཐ་མ་གླང་དར་མ་ནི། བོད་པ་ཞིག་ཡིན་ཕྱིན་མི་ཤེས་ནི་མེད། གླང་དར་མས་བཙན་པོ་གོང་མ་ཚོས་བཙུགས་པའི་རྒྱལ་ཁྲིམས་ཆོས་ཁྲིམས་དག་བཤིག་སྟེ། རང་སྣང་གང་དྲན་གྱིས་རྒྱལ་སྲིད་བསྐྱངས་པས།མཐར་འབངས་གྱེན་ལོག་བྱུང་སྟེ་ཁྲི་ལས་ཕབ་ཅིང་། ཚེ་སྲོག་ལྷ་ལུང་དཔལ་རྡོར་གྱི་མདའ་རྩེར་ཤོར། གླང་དར་མའི་བྱེད་ལས་དེས། ལོ་རྒྱུས་ཐོག་གི་བོད་ཀྱི་བཙན་པོའི་རྒྱལ་རབས་ཉམས་ཏེ། ལོ་ངོ་བཞི་བརྒྱ་ཙམ་ལ་བོད་སིལ་བུར་འཐོར། བོད་སིལ་བུར་འཐོར་ནས་ད་བར་དུ་བོད་པ་ཚོར་བོད་བཙན་པོའི་སྐབས་ཀྱི་སྟོབས་ཤུགས་ལྟ་བུ་ཞིག་བྱུང་མྱོང་མེད་ཁར།ད་དུང་ལུང་པ་གཞན་ལག་ཏུ་ཤོར་ཏེ་ཙན་བྱོལ་བ་གྱུར།བཙན་བྱོལ་བའི་གནས་སྟངས་སྐྱོ་བོ་འདི་ཡར་དེད་ན། གླང་དར་མས་བཙན་པོའི་རྒྱལ་སྲིད་ཚུལ་བཞིན་མ་བསྐྱངས་པས་རེད།
བཙན་པོ་གླང་དར་མ་དང་བཙན་བྱོལ་བའི་གླང་དར་མ་གཉིས་ཀྱི་མིང་འགོ་ལ་བཙན་མིང་་ཡོད་པ་འདྲ་ཞིང་།བཙན་བྱོལ་བའི་གླང་དར་མ་ནི་ད་ལྟ་རྡ་ས་གངས་སྐྱིད་ན་ཡོད་ཅིང་། ཁོ་འོས་བསྡུའི་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་་བསྐོས། སྒྲིག་འཛུགས་དེའི་སྲིད་སྐྱོང་ལ་ཁོ་བསླེབས་ཐུབ་པ་ནི་ཁོ་ཁ་རྒྱག་པ་བཤད་ལ་མཁས་པས། མི་མང་སྐོར་ཞིག་གིས་ཁ་རྒྱག་པ་དེ་བདེན་པར་བཟུང་ནས་འོས་བླུགསྲིད་སྐྱོང་གི་ཁྲི་ལ་བསླེབས་ནས་ལོ་གཅིག་སོང་། ལོ་གཉིས་སོང་། ད་ལྟ་ལོ་བརྒྱད་སོང་རྗེས་སྲིད་སྐྱོང་ཞིག་མ་ཡིན་པར་སྲིད་བཤིག་པའི་གླང་དར་མ་གྱུར།
གོང་ས་མཆོག་གིས་ལོ་ངོ་དྲུག་ཅུའི་རིང་བཙུགས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི།བཙན་བྱོལ་བའི་གླང་དར་མས་ཁ་ཆག་སྣ་རལ་ཏུ་གཏོང་བཞིན་ཡོད།ཐབ་ཆུང་ཆུང་དང་མེ་ཚ་བོའི་ཐབས་ལམ་ལ་འགྱུར་བ་བཏང་སྟེ། ཕྱི་རྫིག་ནང་སྟོང་གི་ལམ་ལ་ཕྱིན་ཅིང་། ཁང་བ་རྒྱག་རྒྱུ་དང་ཚོགས་འདུ་ཚོགས་རྒྱུ།རང་དང་རང་གི་ཕྱོགས་སུ་ཞེན་ཁོག་དང་ཕྱོགས་རེས།ཧམ་པ་དང་གཡོ་སྒྱུ།ཁྲིམས་ཀྱི་མགོ་ལ་བསྡད་དེ་ཁྲིམས་སྒྲིག་དང་མང་གཙོ་ཁྱད་གསོད་བཅས་ཀྱིས།བཙན་བྱོལ་བོད་མིའི་མཐུན་སྒྲིལ་ཉམས་ཤིང་། སྤྱི་ཚོགས་དུམ་བུ་གཉིས་ཆགས་ཏེ་ལོ་ངོ་དྲུག་ཅུའི་རིང་ད་བར་བྱུང་མྱོང་མེད་པའི་མཐུན་སྒྲིལ་གྱི་གནས་བབ་སྐྱོ་ཤོས་སུ་ལྷུང་།
བཙན་པོ་གླང་དར་མས་རྒྱལ་ཁྲིམས་ཆོས་ཁྲིམས་བཤིག་པས།འབངས་གྱེན་ལོག་བྱུང་སྟེ་ཁྲི་ལས་ཕབ་ཅིང་། བཙན་བྱོལ་བའི་གླང་དར་མས་ཀྱང་མང་གཙོའི་ཁྲིམས་སྒྲིག་ལ་ཁྱད་གསོད་དང་། སྤྱི་ཡི་མཐུན་སྒྲིལ་གཏོར་བཤིགནང་ཁུལ་ཆོལ་ཞེན་སྤེལ་ཏེ་སྤྱི་དོན་བོར་ཞིང་།བདེན་དྲང་མཐོང་མི་ཐུབ་པའི་གནས་སུ་བོད་མི་ཚོ་དེད་མུས་འདི་ལ་གཞིགས་ན།བཙན་པོ་གླང་དར་མ་ལྟར།བཙན་བྱོལ་བའི་གླང་དར་མ་ཡང་མང་གཙོའི་རྩ་ཁྲིམས་ཀྱི་དགོངས་དོན་བཞིན་སྲིད་སྐྱོང་གི་གོ་གནས་ནས་གནས་དབྱུང་གི་རྐེ་མཚམས་ལ་བསླེབས་ཟིན།
ཡང་གཅིག་བཤད་ན།ཨ་རིའི་སྲིད་འཛིན་ཐྲོམ་རྒན་ཡང་མང་གཙོ་ཚོགས་པས་སྲིད་འཛིན་གྱི་ལས་དུས་མ་རྫོགས་སྔོན་ལ་གནས་དབྱུང་གཏང་ཐུབ་པ་བྱེད་རྒྱུ་ཡིན་ཟེར།ང་ཚོས་ཀྱང་གངས་སྐྱིད་ཀྱི་གླང་དར་མ་སྲིད་སྐྱོང་གི་ལས་དུས་མ་རྫོགས་སྔོན་ལ་ཕེབས་སྐྱེལ་གྱི་ཁ་བཏགས་གཡོག་དགོས་པ་མ་ཡིན་ནམ།
དཔེ་ཅན་ནོར་ཡོད་མེད་མི་ཤེས་མོད་དཔེ་ནི་སྦད་དེ་ནོར་འདུག ཁྲི་དར་མས་ཆོས་སྲིད་གཉིས་ཀྱི་རུལ་སུང་རྣམས་རྩ་མེད་གཏོང་རྒྱུར་འབད་བརྩོན་བྱས་ཏེ་རུལ་སུང་བའི་མདའ་ཁར་གྲོངས་བ་རེད། གལ་སྲིད་ཁོང་བཀྲོངས་མེད་ན་འུ་ཅག་ད་ལྟ་ཡ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་འགྱིང་ནས་བསྡད་ཡོད་ངེས་རེད། བྱས་ཙང་དཔེ་དོན་འབྱོར་གྱི་མི་འདུག་པས་དཔེ་གཞན་ཞིག་འཚོལ་རོགས། ཧ་ཧ་ཧ་
འཛམ་གླིང་གི་རུལ་སུངས་ཆེ་ཤོས་ཏེ་སུ་རེད་དམ། དེ་ནི་རྒྱལ་དབང་ལྔ་བ་རེད། མ་རེད་ཟེར་མཁན་ཡོད་ན་ངས་བདེན་དཔང་བྱེད་ཐུབ་ཀྱི་ཡོད། །
བཙན་བྱོལ་ནང་གི་གླང་དར་མ་ལབ་ན་ཧ་གི་མི་འདུག བཙན་བྱོལ་ནང་གི་གླང་ཕྲུག་ལབ་ན་ཡག་ག་འདུག
བློ་གྲོས་ལགས། དེ་ག་རང་། ད་ག་རེ་བྱེད་གོ་རེད། ཨ་ཙི་ཙི། བོད་མི་ཚོ་རང་དོན་ཁོ་ན་མ་བསམ་ནས་བཙན་བྱོལ་སྒྲིག་འཛུགས་ནང་སྐྱོན་ཆ་གང་འདྲ་ཆེན་པོ་བྱུང་བཞིན་འདུག་པ་ད་ཚང་མས་གཟབ་གཟབ་གནང་དགོས་འདུག གཞུང་ཞབས་པ་ཚོས་ཀྱང་ཁ་ཙུམ་མེར་མ་བཞུགས་པར་ད་གཅིག་གནང་རེན་འདུག ང་ཚོ་མི་མང་ཚོ་ད་དངོས་གནས་གཅིག་གནང་རན་འདུག་ཏ།
བཙན་བྱོལ་ནང་གི་གླང་དར་མ་འདི་གནས་དབྱུང་མ་བཏང་ན། མི་ལོ་དྲུག་ཅུའི་རིང་གི་མང་གཙོའི་སྲིད་གཞུང་དེ་མིང་གི་ལྷག་པར་འགྱུར་རྒྱུར་ཐེ་ཚོམ་མི་གདའ།
གནས་ལུགས་དང་རྒྱུུ་ཚན་དྲང་བདེན་གྱི་འབྲེལ་བཤད་མེད་པའི་ཟུར་ཟའི་ཚིག་རྩུབ་དྲ་སྟེང་དུ་བཀོད་རྒྱུ་དེ་དག་མང་གཙོ་ཡང་དག་པའི་ལམ་ལུགས་སམ་ཁྲིམས་མཐུན་ལ་ནམ་ཡང་ངོས་འཛིན་ཞུ་དཀའ་བས་དྲ་གྲོགས་ཚོའི་དགོང་པ་ཆུབ་པ་ཞུ།
རང་བྱུང་རིག་པའི་རྡ་རྗེ་ཞེས་ཁ་པོ་ཆེ་དེ་འཛམ་གླིང་གི་སྲིད་པ་ཆག་ནས་ཟུང་རྒྱུད་ང་ཆེ་ཤོས་དེ་ཁོ་པ་ཡིན་པ་སྨྱུག་ཁྱམ་སྤེལ་ཡོང་གི་འདུག་ཧ་ཧ་ཧ
རྒྱ་མ་ཚང་གི་ག་རེ་བཤད་ཀྱི་ཡོད་པ་ངས་ཤེས་མ་སོང་། ལྔ་བ་ཆེན་པོ་རུལ་སུངས་མ་རེད་ཟེར་མཁན་ཡོད་ན་བོད་ཀྱི་ལོ་རྒྱུས་མ་ཤེས་པའི་སྐྱོན་རེད། ཡང་ན་ཤེས་བཞིན་དུ་བློ་གཟུ་བོ་གནས་ཀྱི་མེད་པ་རེད། །
༸རྒྱལ་མཆོག་༸སྐུ་ཕྲེང་ལྔ་པའམ། ༸རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་ལས་ལྷག་པའི་བོད་ལ་བཀའ་དྲིན་ཆེ་བའི་༸རྒྱལ་དབང་ཞིག་བྱུང་མ་མྱོང་བ་རེད།
དེ་བཞིན་༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ལས་ལྷག་པའི་དེ་དུས་བོད་ལ་བཀའ་དྲིན་ཆེ་བའི་བླ་མ་ཞིག་འཁྲུངས་ཡོད་མ་རེད་དོ།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་༸བསྟན་འཛིན་རྒྱ་མཚོ་འདི་ལས་ལྷག་པའི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཞིག་བོད་ཀྱི་ལོ་རྒྱུས་ནང་ལ་་བྱུང་ཡོད་མ་རེད་དོ། །དྲེ་གྲོགས་ཀླད་མེད་ཚོ།། །།
རང་བྱུང་རིག་པའི་རྡོ་རྗེ་ལགས།
རྒྱལ་དབང་ལྔ་པ་མི་འཇོན་ཤོས་དེ་རེད། ཁོང་གི་དུས་སྐབས་ལ། རྒྱ་ནག རྒྱ་གར། ཁ་ཆེ་གང་ལ་བལྟས་ཀྱང་ཁོང་ལས་ཤུགས་རྐྱེན་ཆེ་བའི་དཔོན་པོ་ཞིག་མེད་པ་ཁོ་ཐག་ཡིན། ཁྱོད་ནོར་བུ་བསམ་འཕེལ་གྱིས་ཉེ་འཆར་བྲིས་པའི་སྡེ་པ་གཞུང་གི་ལོ་རྒྱུས་དེར་གཟིགས་དང་། ཁོང་གི་དཔྱད་གཞིའི་རྒྱུ་ཆ་རྒྱ་སོག་ཡིག་ཆ་དེ་དག་གིས་དེ་ཁུངས་བསྐྱེལ་བྱས་འདུག
རུལ་སུངས་ཟེར་ན་ཅི་ཟེར། རྒྱལ་དབང་ལྔ་པའི་དུས་སྐབས་ལ། དམངས་གཙོ་ནི་མེད། རང་དབང་གི་ཁྲིམས་ལག་བསྟར་བྱེད་མཁན་རྒྱལ་ཁབ་སུ་ཡོད། ཨ་རི་ནི་འཁྲུངས་མེད། ཡོ་རོབ་ནི་རྒྱལ་པོའི་ལམ་ལུགས་རེད།
ང་ཚོས་ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་བསྐྱུགས་ནས་དྲང་པོ་བཤད་ན། ལྔ་པ་ཆེན་པོ་ནི་བོད་མི་རིགས་ཆིག་བསྒྲིལ་བཟོ་མཁན་མཐའ་མ་དེ་རེད།
སྐུ་ཞབས་ཨོ་རྒྱན་སྐྱབས་ཀྱི་ཡག་པོ་བྲིས་འདུག འོན་ཀྱང་ལོ་རྒྱུས་བཀླགས་ཡོད་པ་ཙམ་རེད། བདེན་པ་རེད། བོད་མི་ཕལ་མོ་ཆེས་ལྔ་བ་ཆེན་པོ་ནི་ཆོས་སྲིད་གཉིས་ལ་འགྲན་ཟླ་བྲལ་བར་འདོད་ཀྱི་ཡོད་པ་རེད། དེ་ནི་མ་ཤེས་པའི་སྐྱོན་རེད། ང་དང་ང་ལྟ་བུ་མཁས་དབང་རེ་གཉིས་ནས་མ་གཏོགས་ཤེས་ཀྱི་མེད་པ་རེད། ཤེས་མཁན་རེ་གཉིས་ཡོད་ཀྱང་བཤད་ཐུབ་ཀྱི་ཡོད་པ་མ་རེད། ང་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་སྐམ་པོ་དེ་སྤུ་རྩེ་ཙམ་ཡང་མེད། །
ལྔ་པ་ཆེན་པོའི་མཛད་རྗེས་དེ་དག་སྡེ་སྲིད་མགོ་ལེབ་པས་བསུབས་འདུག སྡེ་སྲིད་དེ་ཆང་དང་བུད་མེད་ལ་མགོ་འཁོར། ཐ་ན་དྲུག་པ་ལ་ཡང་བདག་པོ་བརྒྱབ་མི་ཐུབ་པ་བྱས། ཚང་མ་བསྐྱལ་འདུག སྲོག་མགོ་ཡང་ཐོན་མི་འདུག
༸རྒྱལ་དབང་ལྔ་པ་ཆེན་པོ་ནི།
་
ལྔ་པས་གཞུང་ཆེན་པོད་ལྔར་གཟིགས། །
ལྔ་པས་རིས་མེད་ཆོས་གཞིས་བཙུགས། །
ལྔ་པས་བོད་རིགས་ཁ་ཆེར་ཕན། །
ལྔ་པས་རྒྱལ་དབང་ཕ་ཆོས་གཏོད། །
་
དང་པོ་གཉིས་པ་གསུམ་པ་དང་། །
བཞི་པ་ལྔ་པ་བདུན་པའི་རྗེས། །
བཅུ་གསུམ་ཐུབ་རྒྱ་ཆེན་པོ་དང་། །
བཅུ་བཞི་བསྟན་རྒྱ་ཆེ་རྣམས་རྒྱལ། །
་
རང་རིག་རྡོ་ལ་ཀརྡོས་བྱས། །
རིག་རྡོར་ལགས། ཁྱེད་ཀྱིས་རྒྱལ་དབང་ལྔ་བའི་སྐྱོན་ཆ་ག་རེ་བཤད་འདོད་འདུག རེད་ཡ། སྐྱོན་ཆ་ཞིག་ཤོད་དང་དེ་ནས་བདེན་མིན་བལྟ་དགོས། མི་ལོ་སུམ་བརྒྱ་དྲུག་བཅུའི་ལྷག་གི་རིང་ལ་བོད་མི་ཚོས་རྒྱལ་དབང་ལྔ་བ་བསྟོད་ཀྱིན་ཡོད་པ་ཤེས་གསལ་ལགས་ན། ད་ཁྱེད་ཀྱིས་ཅི་ཞིག་བཤད་ཀྱི་ཡོད། རང་གིས་རང་ལ་མཁས་དབང་ཟེར་ན་བདེ་བོ་འདྲ་མི་འདུག་བསམ་བྱུང་། ཧ་ཧ་ཧ། །
གླེན་པ་ལུག་ལྟ་བུ་ཁྱེད་ཚོས་རྣ་བ་གཏོད་ལ་ཉོན་དང་ངས་བཤད་ཡ། བོད་ཡུལ་ནི་འཛམ་གླིང་ན་ཆེས་སྐྱོ་ཤས་ཀྱི་ལུང་པ་ཞིག་ཡིན་པ་སྨོས་མེད་རེད། རྒྱལ་དབང་ལྔ་བས་རང་བཙན་གཙང་མ་དང་ཆོལ་སུམ་གཅིག་སྒྲིལ། དམག་ཤུགས་སོགས་ཡར་རྒྱས་གཏོང་རྒྱུའི་ཚབ་ཏུ་སྟོབས་ཤུགས་ཡོད་ཚད་བཀོལ་ནས་ཁོང་རང་གི་བཞུགས་ཤག་སྲིད་ན་གྲགས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལ་བརྩིགས་པ་དང་། དེའི་ཞོར་དུ་བཀའ་བརྒྱུད་དང་། ཇོ་ནང་། བོན་པོའི་ཆོས་ལུགས་སོགས་རྩ་མེད་བཟོ་བའི་ཆེད་དུ་མདུང་རྩེ་ཁ་ནང་དུ་བསྐོར་ནས་ནང་འཁྲུགས་གིས་མི་ལོ་བཞི་བཅུ་ལྷག་གཅིག་ཆུད་ཟོས་བཏང་བ་རེད། པོ་ཏ་ལ་ནི་འཛམ་གླིང་གི་རྒྱལ་པོའི་ཕོ་བྲང་རྫིག་ཤོས་ཨང་གཉིས་པ་དེ་ཆགས་ཡོད་པ་རེད། ད་ཁོང་རུལ་སུངས་མིན་ན་སུ་ཞིག་རུལ་སུངས་ལ་འཇོག ད་དུང་མང་པོ་བཤད་ཀྱི་འདུག འོན་ཀྱང་ཀརྡོ་ལྟ་བུ་དབང་བརྟུལ་རྣམས་ཀྱི་བློ་ཡུལ་ལ་ཤོངས་དཀའ་ཕྱིར་རེ་ཞིག་བཏང་སྙོམས་སུ་བཞག་ན་ལེགས་སོ། །
དེ་རིང་གནས་ཚུལ་ཐོན་གསལ། སྐུ་ཞབས་སྤེན་ཚེ་དང་ཁོང་གི་ཇག་ཕྲུག་ཚོས་བོད་མི་རིགས་ཀྱི་སྙིང་ཁམས་ལ་རྨ་ཁ་བཟོ་ཐུབ་པའི་དགའ་སྟོན་རྟེན་འབྲེལ་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་ཡོད་པ་རེད།
རང་བྱུང་རིག་པའི་རྡོ་རྗེ་ལགས་ཆོས་ལུགས་ཀྱིས་ཐེན་ཁྱེར་གྱིས་བཟི་འདུག ཧ་ཧ་ཧ།
ལྔ་པ་ཆེན་པོས་རང་གི་སྲིད་གཞུང་ལ་གཏོར་ཤིག་སུས་བཏང་ཡང་དེ་ལ་རྒོལ་བརྡུང་སྤྲད་འདུག དེ་དབང་འཛིན་པ་ཐམས་ཅད་ཀྱི་ལས་རེད། རྒོལ་བརྡུང་མ་བཏང་ན་ཁོང་གི་སྲིད་དབང་ཇི་ལྟར་སྐྱོང་།
་་་་་་་་་་་་་ ད་ཁོང་རུལ་སུངས་མིན་ན་སུ་ཞིག་རུལ་སུངས་ལ་འཇོག ད་དུང་མང་པོ་བཤད་ཀྱི་འདུག འོན་ཀྱང་ཀརྡོ་ལྟ་བུ་དབང་བརྟུལ་རྣམས་ཀྱི་བློ་ཡུལ་ལ་ཤོངས་དཀའ་ཕྱིར་རེ་ཞིག་བཏང་སྙོམས་སུ་བཞག་ན་ལེགས་སོ། ། ་་་་་་་་་་་ ཟེར།
་
དྲུ་གྲོགས། དབང་རྣོན་དང་། ང་དབང་རྟུལ་ཡིན་ན་ད་ཆོག་མོད། ཡིན་ན་ཡང་་་་་་ འདི་གཞན་གྱིས་ཁས་བླངས་དཀའ་ཙམ་འདུག གང་ཡིན་ཟེར་ན།
དེ་དུས་ཀྱི་བཀའ་བརྒྱུད་དང་། ཇོ་ནང་། བོན་པོའི་ཆོས་ལུགས་སོགས་ཀྱི་ངོ་གདོང་དེ་ཁྱོད་ཀྱི་མཐོང་མྱོང་ཡོད་དམ། ལགས།། །།
རྒྱལ་དབང་ལྔ་བའི་སྐྱོན་ཆ་ཆེས་ཤོས་ཏེ་ཁོང་ལ་རང་བཙན་གཙང་མ་ཞིག་འཛུགས་རྒྱུ་ལྷག་བསམ་མེད་པ་དེ་རེད། ངས་འདིར་བཤད་རྒྱུར་གཙོ་བོ་དེ་ཆོས་ལུགས་ཀྱི་རྙོག་དྲ་བཤད་ཀྱི་མེད། ཁོང་གིས་སྲིད་དབང་བཟུང་ནས་རྒྱལ་ཁབ་གཞན་ཞིག་གི་འོག་ནས་འདུག་རྒྱུ་མ་གཏོགས་རང་བཙན་གྱི་བསམ་བློ་ཞིག་ནམ་ཡང་བཏང་མི་འདུག་གོ དེའི་སྐྱོན་གྱིས་ད་ལྟ་ང་ཚོར་རང་བཙན་དགོས་ཞེས་རྩོད་ས་མེད་པ་ཞིག་ཆགས་ཡོད་པ་རེད། དེ་ནི་ལྔ་བའི་ནོར་འཁྲུལ་འཁྲུས་ན་མི་དག་པའི་ཉེས་པ་དེ་རེད། གཞན་རྒྱལ་དབང་ལྔ་བས་སྲིད་དབང་འཛུགས་དུས་བཀའ་བརྒྱུད་པའི་བར་ལ་རྙོག་དྲ་ཡོད་ཀྱང་བོན་དང་ཇོ་ནང་གིས་རྒྱལ་དབང་ལྔ་བའི་སྲིད་དབང་ལ་ངོ་རྒོལ་བྱས་ཡོད་ཀྱི་མ་རེད། གལ་ཏེ་བྱས་རུང་མི་ལོ་བཞི་བཅུའི་རིང་ལ་ནང་འཁྲུགས་དགོས་ཀྱི་མ་རེད། རྒྱལ་དབང་ལྔ་བ་དང་སྡེ་སྲིད་གཉིས་ཀྱིས་མི་ལོ་དྲུག་བཅུའི་རིང་ལ་བཟུང་བ་རེད། གཅིག་ཀྱང་མ་འཇོན་པ་རེད། སོག་པོ་ཇིང་གུར་རྒྱལ་པོས་མི་ལོ་ཉི་ཤུའི་རིང་ལ་འཛམ་གླིང་དབང་དུ་བསྒྱུར་བ་རེད། ཧ་གོ་སོང་ངམ། །
ཡ་ཡ་ཡ། རིག་རྡོར་གྱིས་ཡག་པོ་བཤད་འདུག མོས་མཐུན་ཡོད། རྒྱལ་མཆོག་ལྔ་བ་ཆེན་པོོར་གལ་ཏེ་རང་བཙན་གཙང་མ་ཞིག་འཛུགས་རྒྱུའི་ཐུགས་དགོངས་འཁྲུངས་ཡོད་ན་ཁོང་ལ་དན་དན་ནུས་པ་ཡོད་ངེས་རེད་བསམ་གྱི་འདུག གང་ཡིན་ཞེ་ན་དེ་དུས་ཨ་མདོ་དང་ཁམས་ཕྱོགས་ན་དགེ་ལུགས་པའི་བླ་མ་ཚོ་ཧ་ལས་པ་མཛད་འཕྲིན་ཆེན་པོ་རེད། དེ་ཡིན་དུས་དམག་ཤུགས་ལ་མབརྟེན་པར་ཆོལ་གསུམ་གོང་བུར་བསྡུས་རྒྱུ་ལས་སླ་བོ་ཡིན་གྱི་རེད་སྙམ ཡིན་ནའང་ད་ཡོད་ཚད་འཕྱིས་དྲག་འདུག དེ་ཚོ་ལོ་རྒྱུས་ཙམ་རེད། །
བོད་རང་བཙན་གྱི་སྲོག་རྩ་དེ། གླང་དར་མས་བཅད་པ་རེད། དེ་ནས་སོག་ནུས་ཀྱིས་ས་འཕགས་དང་། བཀའ་བརྒྱུད་པ་རི་སྤུང་པ་དང་། དགེ་ལྡན་པས་རྒྱལ་དབང་ལྔ་པས་འཇོན་ཐང་ལ་བརྟེན་ནས་ད་ལྟ་བོད་དང་བོ་མི་རྣམས་གོ་ལ་འདི་ནང་མིང་ཙམ་ལྷག་པ་རེད། རིག་རྡོར་ལགས།
ལྷ་སྲས་དར་མས་བོད་འདི་སྟོབས་འབྱོར་མངའ་ཐང་ཆེ་བའི་རྒྱལ་ཁབ་སྟོབས་ཤུགས་ཅན་ཞིག་ཏུ་གཏོང་རྒྱུ་འདུན་པ་འཁྲུངས། རྨོངས་དད་ནི་དེའི་བཀག་རྡོ་ལྟ་བུ་ཡིན་པར་གཟིགས་ནས་བོན་ཆོས་གཉིས་ཀྱི་ཆོས་ལུགས་རིམ་བཞིན་བསྣུབས་པར་བརྩམས། དེ་དུས་དམས་ཉམས་ལྷ་ལུང་དཔལ་རྡོར་་ཀྱིས་བོད་རྒྱལ་ཐ་མ་དེ་བཀྲོངས་པ་རེད། དེ་ནས་བཟུངས་བོད་ཁམས་སིལ་བུར་འཐོར། གཞན་གྱིས་མངའ་འོག་ཏུ་བཅུགས། མི་གསོད་ཁྲག་སྦྱོར་ཟད་པ་མེད་ཅིག་བྱུང་། སྡུག་བསྔལ་གྱི་ངང་ནས་ད་བར་དུ་གནས་པ་རེད། མུ་མཐུད་ནས་གནས་ཀྱི་ཡིན་པ་མཁྱེན་གསལ་རེད། །
དར་མ་གླང་རྒན་ཆང་འཐུང་ནས། །
ངན་སྤྱོད་ངན་དགུས་འཆལ་སྤྱོད་ཀྱིས། །
བན་བོན་ལུགས་བཟང་རྨང་བསྣུབས་པར། །
རང་རྡོར་ད་དུང་འཐོམས་ཞྭས་བསྒྲིབས། །
་
ཁ་བརྡར་མཁས་བླུན་མང་མོད་ཀྱང་། །
རང་འབྱུང་རིག་པའི་རྡོ་རྗེ་ཞེས། །
རང་བསྟོད་བོན་རྫུས་ཕྱོགས་རིས་ཅན། །
ད་དུང་ཁ་བརྡར་འཛུལ་བ་མཚར། །
ཀརྡོ་ཁྱོད་ལ་གོ་བ་ཞིག་གཏན་ནས་མི་འདུག ངས་གསལ་བྱེད་དེ་འདྲ་བཤད་ན་ད་དུང་ཁྱེད་ཀྱིས་ཅུང་ཟད་ཅིག་ཀྱང་གོ་ཐུབ་མི་འདུག ངས་བཤད་པ་ཚང་མ་ལོ་རྒྱུས་ནང་ཡོད་པ་བཤད་ཡོད་མ་གཏོགས། གང་བྱུང་གི་གཅིག་ཀྱང་བཤད་མེད། གཞན་ཡང་ངས་ནམ་ཡང་བོན་པོར་བརྫུས་མྱོང་མེད་ལ། །
རྒྱལ་སྲས་དར་མ་དང་། དར་མའི་ཕྱོགས་གཏོགས་ཀྱིས། ཁྲི་རལ་བཀྲོངས་པ་རེད་མ་གཏོགས། ཁྲི་རལ་གྱིས་དར་བསད་པ་མ་རེད། འདི་བན་བོན་ཚང་མས་ཤེས་དགོས་པ་དང་པོ་དེ་རེད།
དར་མ་ཆེ་བས་གཅེན་པོ་ཡིན་ཡང་། ཆུང་དུས་ནས་གདུག་རྩུབ་ཆེ་དྲགས་ནས། རྒྱལ་ཁྲི་མ་ཐོབ་པ་དེ་ཡང་རྐྱེན་དང་པོ་དེ། དེ་ནས་འགོ་ཚུགས་པ་རེད།
དར་མས་དང་ཐོག་དགོན་པ་བཞེངས་པ་སོགས་བྱས་ན་ཡང་། ཐ་མ་རང་མདོག་ངོ་མ་དེ་བསྟན་ནས་ནང་བསྟན་བསྣུབས་ཐུབ་ཙམ་བྱུང་ན་ཡང་། བོན་བསྟན་བསྐྱར་དར་མ་ཐུབ་པ་དེ། དར་མ་ངན་དྲགས་པའི་མཚོན་རྟགས་དང་པོ་དེ་རང་རེད། ད་དུང་མང་ལོས་གོ་འདོད་ཡོད་དམ། རིག་རྡོར་ལགས།། །།
བཙན་པོ་གླང་དར་མི་མཚན་ཟུར་གླང་སྦྱར་བའི་དགོས་པ་དང་རྒྱབ་སྦྱོང་གང་རེད་དམ།
ཁ་ཤས་ཀྱི་གླང་འདི་རི་རྒྱུད་ཡིན་པ་ངེས་སོགས་འདུག་ལ་ཡང་ཁ་ཤས་ཀྱི་མགོ་ལ་སེམས་ཅན་གླང་གི་རྭ་ཡོད་པ་སོགས་བཤད་ཚུལ་མི་འདྲ་འདག།།