གངས་ལྷ་མོ།
རྩོམ་མཁན། ཡཱོན་བོ།雲泊
ངའི་ཨ་ཕ་ཧྲཱན་ཤིས་ 山西 སློབ་ཆེན་སྣུམ་མཚོན་ཆེད་ལས་སློབ་ཆེན་ནས་ཐོན། དེ་རྗེས་དེར་ཏཱ་ཐོང་ 大同མཛེས་རྩལ་སློབ་ཆེན་དུ་སློབ་དགེ་བྱས་ཏེ་རྒྱུན་དུ་ཡཱོན་གྷ་བྲག་ཕུག་ 雲岡石窟 དང་། ཅཱོ་ལོང་པི་བྱང་། 九龍壁 བཅས་གནའ་ཤུལ་གྱི་གནས་སུ་རི་མོ་འབྲི་བར་སོང་། ཁོང་ལྷ་མེད་སྨྲ་མཁན་ཞིག་ཡིན་པའི་ངོས་ནས་ཨ་ཕས་དོནདངོས་ཀྱི་གནས་ཚུལ་མང་པོར་འགྲེལ་བརྗོད་བྱེད་ཐུབ་ཀྱི་མེད། དཔེར་ན་དེ་སྔོན་ཁོང་ཡཱོ་ལི་ཕོ་བྲང་ 永樂宮 གི་བྱང་ངོས་རི་མོ་སྐྱར་གསོའི་ཆེད་དུ་སོང་།
དགོང་དྲོར་ལས་མཚམས་བཞག་རྗེས་སླར་ཕོ་བྲང་ནང་དུ་སོང་ནས་བྱང་རིས་པར་བཤུས་བྱས། སྐབས་དེར་གློ་བུར་དུ་རྒྱབ་ཏུ་མི་ཞིག་ལང་སྡོད་པ་དེས་ཁོང་གི་རྒྱབ་ལ་ཕུ་བཏབ་པར་མཐོང་བས་ཁོང་ཧ་ཅང་ཞེད་སྣང་སྐྱེས་ཏེ་ཕོ་བྲང་དེ་ནས་ཕྱིར་བྲོས།
ཨ་ཕ་ད་དུང་སངས་རྒྱས་ཀྱི་སྐུ་པར་འབྲི་རྒྱུ་ལའང་དགའ་པོ་ཡོད། ཐེངས་ཤིག་སངས་རྒྱས་སྐུ་ཞིག་བྲིས་ཚར་དུས་སྐུ་པར་ནས་ཟུར་ཞིག་ལ་རིམ་པ་ལྟར་གསེར་འོད་ལམ་ལམ་ཡང་འཕྲོས་ཡོང་པ་མཐོང་ཡོད་པ་རེད།
འབྲུག་དགུ་ཞེས་པའི་དོན་གྱི་ཅཱོ་ལོང་བྱང་གི་མདུན་ངོས་གྲིབ་གཟུགས་ཤར་བའི་ཆུ་རྫིང་ཞིག་བསྐྲུན་ཡོད་ལ། བྱང་ཐོག་གི་འབྲུག་དེའི་དབྱིབས་དེ་ཆུ་རྫིང་དུ་ཕྱིར་ཤར་ནས་ཡོད། རླུང་གཡུག་དུས་རྫིང་ནང་གི་འབྲུག་དབྱིབས་དེ་གཡོ་འགུལ་བྱེད་ཅིང་གསོན་པོ་དང་གཅིག་ཏུ་མཚུངས། ཐེངས་ཤིག ཨ་ཕས་དེར་རི་མོ་འབྲི་སྐབས་སྣང་མེད་སྒོ་ནས་རྫིང་ནང་གི་འབྲུག་དབྱིབས་དེ་འགུལ་བར་མཐོང་། འོན་ཀྱང་སྐབས་དེར་འབྲུག་དབྱིབས་དེ་འགུལ་དུས་རླུང་ལྡང་མེད་པར་བརྟེན་ཁོང་ཧ་ལས་པར་གྱུར། གནའ་མིས་སྒྲུང་ནང་འབྲུག་བྱང་ནས་ཕྱིར་དོན་ཡོང་པའི་སྐོར་གོ་མྱོང་བ་དྲན་ཚེ་ཁོང་ཅུང་འཇིགས་སྐྲག་བྱུང་སྟབས་ལམ་སེང་རི་མོ་འབྲི་ས་ཤོག་བུ་ཧྲིལ་བུར་བཅུས་ནས་ཕྱིར་ཁྱིམ་དུ་ལོག་སོང་འདུག
དབྱར་དུས་ཨ་ཕས་ཁྱིམ་ནང་རི་མོ་འབྲི་ནས་བསྡད། འབྲི་བཞིན་འབྲི་གིན་གནམ་དྭངས་མ་དེར་གློ་བུར་དུ་སྤྲིན་ནག་མཁྲིགས་ཅིང་རླུང་དམར་གཡུག་འགོ་བརྩམས་ཏེ། དེ་མུར་འབྲུག་སྒྲ་ལྡིར་ལྡིར་བྱས། ཨ་ཕས་སྒོ་ཕྱིར་གཅིག་བལྟས་པས་སྤྲིན་ནག་ཡོངས་ཀྱིས་ཁང་པའི་ཁེབས་སུ་གཡོགས་ཚར་འདུག དེའང་སྤྲིན་དེའི་ནང་ནས་འབྲུག་ཅིག་ཕྱིར་དོན་རྒྱུ་ཡོད་པའི་ཟོལ་འདྲ་བྱུང་འདུག
སྐབས་དེར་ཨ་མས་ཀུ་རེ་དང་བཅས་ཁྱོད་འབྲུག་ལ་དགའ་བས་འབྲུག་གིས་ཁྱོད་རང་གཅིག་མཐོང་འདོད་པ་རེད། དེ་བས་མགྱོགས་པོ་འབྲུག་རིས་ལ་མིག་གཉིས་བྲིས། གཅིག་བྱས་ནས་འབྲུག་ཡོང་སྲིད་པ་རེད། ཅེས་བཤད། འོན་ཀྱང་ཨ་ཕ་ནི་ཧ་ཅང་སྐྲག་སྣང་གིས་སྐྲག་ཅིང་མུ་མཐུད་འབྲི་མི་ཕོད་པར་གྱུར།
ཁྱད་མཚར་བ་འདྲའང་རེད། ཁོང་གིས་ལག་ནང་གི་སྨྱུ་གུ་བཞག་ནས་འབྲི་མཚམས་བཞག་དུས་གནམ་ནས་ཆར་པའང་འབབ་རན་པའི་གནམ་གཤིས་དེ་མུར་འགྱུར་ཏེ་ནམ་མཁའི་སྤྲིན་ནག་དུས་ཡུན་ནང་དྭངས་གསལ་དུ་སོང་འདུག གནས་སྟངས་དེ་འདྲ་ཐེངས་འགར་བྱུང་ཞིང་། དེ་རྗེས་ཀྱང་གློ་བུར་དུ་གནམ་ནས་ཆར་པ་གཏོང་གྲབས་སྐབས་ཁྱིམ་མཚེས་ཚོས་ཀུ་རེ་རྩེད་མཚར་དང་བཅས་ངའི་ཨ་ཕར་རྒན་ཝཱང་ལགས། ཡང་ཁྱོད་ཀྱིས་འབྲུག་འབྲི་བཞིན་མེད་དམ། ཞེས་ཀྱང་བཤད་ཀྱི་ཡོད་པ་རེད།
ངས་དེ་སྔོན་འབྲུག་སྔོན་མོ་ཞིག་རྨིས་ཤིང་། དེ་ངའི་མདུན་དུ་ཐད་ཀར་ལང་སྡོད་པ་དང་། འབྲུག་མགོར་དམར་མདང་རྒྱས་འདུག་པ་རྨིས། སྐབས་དེར་ངས་དེ་དོན་སྙིང་གང་ཡིན་མིན་མ་ཤེས། དེ་ནས་ཨ་ཕ་ཉལ་ཁྲིའི་ཟུར་གྱི་ས་ཐོག་ཉལ་སྡོད་པའང་རྨིས་མྱོང་། དེ་རྗེས་ཨ་ཕར་གླད་ཁྲག་འདྲེས་པའི་ན་ཚ་ཕོག་དུས་གཞི་ནས་ངའི་རྨི་ལམ་དེ་ཕྱིར་དྲན་སོང་། གཅིག་བྱས་ན་ཨ་ཕ་འབྲུག་ལུས་ལེན་མྱོང་བའང་སྲིད། འབྲུག་མགོར་དམར་མདངས་རྒྱས་པ་དེ་མགོར་ན་ཚ་ཡོད་པ་མཚོན་ཐུབ་པ་ཞིག་རེད།
ཨ་ཕའི་སློབ་མས་ཀྱང་ཁོང་འབྲུག་ཅིག་ཡིན་པའི་སྐོར་རྨི་ལམ་བྱུང་འདུག ངས་བསམ་པར་ཨ་ཕའི་ཚེ་འདིར་འབྲུག་ལ་དགའ་པོ་ཡོད་ཅིང་། ཚེ་སྔོན་འབྲུག་ལུས་ལེན་མྱོང་བ་མིན་འགྲོའང་སྙམ།
དེ་སྔོན་ཚེ་རབས་སྔ་ཕྱིའི་སྐོར་གྱི་སྒྲུང་མཐོང་བས་མི་ཚེ་འདིའི་དགའ་ཕྱོགས་དེ་མང་པོ་ཚེ་སྔོན་ལུས་ལེན་པ་དེ་བརྗེ་བསྒྱུར་ནས་བཞག་པའི་ཤུལ་རྗེས་ཡིན་སྲིད་པ་རེད།དེ་ནི་ལྷ་མེད་སྨྲ་བ་པོ་ཚོས་མིའི་བསམ་བློ་གཙང་འཕྲུས་བྱས་རྐྱེན་ང་ཚོས་ཚང་མས་འཚོ་བའི་ནང་གི་ཁྱད་མཚར་བའི་གནས་ཚུལ་དེ་དག་རང་བཞིན་ཞིག་ཏུ་མཐོང་གི་ཡོད་པ་དེ་འདྲ་རེད།
རྒྱ་ནག་ཏུ་འབྲུག་གི་སྐོར་ཚིག་བཅད་མང་པོ་ཡོད་པ་དཔེར་ན། ཡཱེ་རྒས་པོས་འབྲུག་ལ་དགའ་སྣང་། འབྲུག་འབྲི་དུས་མིག་རིས་འབྲི་བ། འབྲུག་ནམ་མཁར་འཕུར་རྒྱ་བྱས་ཞབས་བྲོ་འཁྲབ། ཉལ་སྡོད་པའི་སྟག་དང་ཡིབ་སྡོད་པའི་འབྲུག འབྲུག་གཉིས་ཀྱིས་མུ་ཏིག་ལ་རྩེས་པ། ཉ་མོས་འབྲུག་སྒོ་ནས་མཆོང་བ་བཅས་སོགས་ཡོད། འོ་ན་དོན་དམ་འབྲུག་ཡོད་དམ་མེད་ཟེར་ན། ཆུང་ནས་ཆེ་བར་རྒན་རབས་དང་དགེ་རྒན་གྱིས་ང་ཚོར་འཇིག་རྟེན་ཐོག་འབྲུག་ཟེར་བ་དེ་མེད། འབྲུག་ཅེས་པ་དེ་ནི་གནའ་བོའི་མི་ཚོས་བསམ་པའི་འཆར་སྒོ་ནས་བྱུང་བ་ཞིག་རེད་ཅེས་བཤད་ཀྱི་ཡོད། ང་རང་སྒོམ་སྒྲུབ་སྦྱོང་བའི་རྗེས་སུ་གཞི་ནས་འབྲུག་ནི་དངོས་སུ་ཡོད་པ་ཞིག་ཡིན་པ་ཤེས་སོང་ཡཱ།
རྩོམ་སྒྲིག་པ། ཀྲཱང་ཞིང་ཡན། 張信燕
མ་རྩོམ་གྱི་དྲ་ཐག https://www.ntdtv.com/b5/2019/12/14/a102729290.html?fbclid=IwAR2J9fDXQHOxGbaLjiM3-F64sMLNyJCDO3AF29w8sj61t5JduKNOerHc7VI