ཆང་སྐྱེས།
ཉིན་དེ་རིང་རྒད་པོ་གུང་སང་ཡིན།།
ཁྲོམ་ཚོང་ར་ཉུག་པའི་དུས་ཚོད་རེད།།
ཚོང་ཆེན་པོ་རྒྱག་སྤྱད་མེད་ན་ཡང་།།
གླུ་ཨ་ལ་ལེན་བཞིན་འཁོར་ར་འགྲོ།
དགུན་ནམ་ཟླ་བཅུ་བའི་ཉི་ཤུ་རེད།།
ཤིང་ལོ་མ་ཙག་གིས་ཁྱེར་དུས་རེད།།
རོགས་ཆུང་ལོ་བྱུ་རུ་རྣ་ཏོག་ཅན།།
མིག་མཆི་མ་ཤོར་བའི་གཞི་མ་རེད།།
ས་ཐག་རིང་གཞན་ཡུལ་ལུང་པ་རེད།།
སྐྱིད་མེད་ལ་སེམས་པ་གྲང་མོ་རེད།།
སྦྲ་རོག་རོག་འདབས་ཀྱི་ཆུང་འདྲེས་རོགས།།
དྲན་དང་ན་མཆིན་པའི་སྟེང་འོག་རེད།།
རོགས་ཆུང་ལོ་སྙིང་གི་ཕྱེད་ཀ་ཡིན།།
སེམས་བསམ་པ་གཉི་གའི་བར་ན་ཡོད།།
ཞེ་སྣང་བ་གསེར་གྱི་དར་སྐུད་རེད།།
ཆད་འགྲོ་བའི་བསམ་པ་ང་ལ་མེད།།
འབྲི་ཐུལ་མ་བཞོ་བའི་སྙིང་སྡུག་མ།།
དུས་རྟག་ཏུ་རེ་སྒུག་ཀློང་ན་འཛུམ།།
གཟུགས་ལང་ཚོ་མཛེས་པའི་སྒེག་ལྡན་མ།།
བརྗེད་མི་ཐུབ་གངས་དཀར་སེམས་ན་ཡོད།།
རོགས་ཆུང་ལོ་དྲན་མཁན་ཆང་སྐྱེས་ལགས། །
གཟུགས་ལང་ཚོ་མཛེས་པའི་སྒེག་ལྡན་མོ། །
ཁྲོམ་ཚོང་ར་ཉུག་སར་རྒས་ཚར་འདུག །
གླུ་ཨ་ལ་མ་ལེན་མ་ཎི་དྲོངས། །