རླུང་དམར།
དཔའ་ཕོ ༸གོང་བླ་མའི་ཐུགས་སྲས་ནོར་བུ་ཁྱེད
སྐྱེས་ཕོ མི་མང་གི་སེམས་སྐྱོང་དཔོན་པོ་ཁྱེད
སྒེར་གཅོད་ཀྱི་ནག་འདེད་དང་མ་ཉེས་ཁག་གཡོགས་དེས
ཁྱེད་སྐུ་ལ་སུན་པོ་རྫོགས་མེད་ཅིག་བཟོས་སོང
དེ་ལྟ་ནའང བདེན་རྩོད་ལ་བདེན་འོད་ཤར་བྱུང་བའི་འོད་ཞགས་རྣོ་འབར
རྒྱུ་འབྲས་ཀྱི་ཡོ་ལང་མཁའ་ལ་ཇི་ཙམ་འཁྱུག་གིན་གདའ་ནའང
ཁྱེད་ནི་སེམས་ལ་མཆོངས་བའི་རྒྱ་སྟག་རྒོད་པོ་མཐུར་མེད་དེ་ལོས་ཡིན
ནང་དགྲའི་གཏུམ་ཤེད་ཀྱི་ཆ་ལུགས་ཀྱ་ཀྱོར་སྔར་བཞིན་ཆེའང
ཁྱེད་ལ་ཞུམ་མེད་ཀྱི་བདེན་རྩོད་དང་ཁྲིམས་ཡིག་མཆིས་པས
ཞེ་ནག་པོའི་དཔུང་སྡེ་དུ་མས་ཁྱེད་ཉིད་ཕམ་བརྫིས་བྱེད་བཏུབ་མེད
དེའང བདེན་ཐོབ་ཀྱི་གད་རྒྱངས་མཆེད་པའི་གནམ་ས་འདིར
ཁྱེད་ཀྱིས་བདེན་ཐོབ་ཀྱི་དཔའ་དར་ཁྱེར་ནས
ཐུ་བྷོད་བཙན་བྱོལ་བ་ཚོར
གསོན་དཔེའི་གཟི་བརྗིད་བསྩལ་བྱུང་ལ
རིགས་ཞེན་གྱི་ལ་རྒྱ་དང་མཐུན་སྒྲིལ་གྱི་ལྕགས་ཐག་དམ་པོར་སྦྲེལ
བདེན་པའི་ལེའུ་མཇུག་བསྡུ་མ
ཁྱེད་ཀྱི་སློབ་གསོའི་བསམ་བློ་ངོ་མཚར་ལས
ཆོལ་ནད་མེད་པའི་ཞི་བདེའི་ལམ་བུ་ཞིག་དགོས་ཟེར
གཞན་ཕན་ཀུན་སློང་གི་བསམ་པ་ཞིག་དགོས་ཟེར
ཕྱིི་དགྲ་ནོན་པའི་རིགས་ཞེན་འདུ་ཤེས་དགོས་ཟེར
ཁྱེད་ཀྱིས་”བདེན་ཁྲིམས་”གླེང་ནས་ངལ་གསོ་ལ་བཞུགས་ཐལ
བདེན་ཐོབ་མཇུག་བསྡུ་མ་ཞིག
ངོ་མཚར་གྱིས་བསྐྱངས་ཏེ་བཞུགས་འདུག
༢༠༢༠-༠༡-༠༦ཉིན།