དུས་ཀྱི་འཁོར་ལོ་དང་དེའི་འཕྲོས་བཤད། Posted on 2008-12-062008-12-06 By ཡེ་ཤེས་ 8 Comments on དུས་ཀྱི་འཁོར་ལོ་དང་དེའི་འཕྲོས་བཤད། རྩོམ་ཡིག་འདི་ལ་གཟིགས་འདོད་ཡོད་ཚེ་གཤམ་གྱི་ཁ་བྱང་དེར་རྡེག་གནོན་གནང་རོགས། kalachakara དཔྱད་རྩོམ།
ཁྱེད་ཀྱིས་ཤམ་བྷ་ལའི་སྐོར་འདི་ལེགས་པོ་འདུག ཟངས་མདོག་དཔལ་རི་དང་ཤམ་བྷ་ལ་སོགས་འཇིག་རྟེན་འདིར་རྙེད་འདོད་ཀྱི་རེ་སྤོབས་ང་ལ་མེད་མོད་ཨིན་དྲོ་ནི་ཞི་ཡའི་མཆོད་རྟེན་ཆེན་པོ་དེའི་སྐོར་ཞིག་སྔོན་མ་ནས་ཐོས་ཤིང་འདྲ་པར་སོགས་ཀྱང་མཐོང་མྱོང་། རང་རེ་བོད་མིའི་ཁྲོད་ནས་ཀྱང་གནས་མཇལ་ཙམ་དུ་འགྲོ་མྱོང་མཁན་ཁ་ཤས་རེ་ཡོད་ངེས་རེད། དེ་ཡང་གཙོ་བོ་ལྷོ་ཤར་ཨེ་ཤ་ཡའི་རྒྱ་རིགས་ཚོའི་ཁྲོད་དུ་ཆོས་སྤེལ་དུ་འགྲོ་མཁན་གྱི་གྲྭ་བཙུན་ཚོས་མཆོད་རྟེན་དེ་མཇལ་དུ་སོང་བ་ཡིན་ཟེར་མཁན་ཁ་ཤས་རེ་ལ་ཐུག་བྱུང་། ཉེ་ཆར་ས་སྐྱའི་མི་ཞིག་གནས་དེར་སོང་འདུག ཁོས་མཆོད་རྟེན་དེ་ལས་ཀུན་རིག་དང་འབྲེལ་བའི་ལྷ་རིས་དང་དཀྱིལ་འཁོར་སོགས་མཐོང་བས་ཧ་ཅང་དགའ་འདུག ཀུན་རིག་མེད་ན་ས་སྐྱ་ཚང་གི་གྲོད་ཁོགས་མི་འགྲང་བའི་ཚད་དུ་སླེབས་ཡོད་སྟབས་ཁོ་རང་གིས་དེ་མཐོང་བས་ཧ་ཅང་དགའ་ཞིང་དེའི་སྐོར་ལ་དོ་སྣང་ཆེན་པོས་འདྲ་པར་ཡང་མང་མང་པོ་བླངས་འདུག ཁོས་ང་ལ་དེའི་སྐོར་བཤད་པ་དང་ཁྱེད་ཀྱིས་འདིར་བྲིས་པ་གཉིས་ཆུ་ལ་ཆུ་བཞག་ཏུ་གྱུར་སོང་། རྗེས་མ་གནས་དེར་ལན་གཅིག་སླེབས་ཐུབ་པའི་རེ་བ་ཡོད། ཉེ་བའི་ལོ་ཤས་གོང་འབྲི་གོང་པའི་གྲྭ་བ་ཞིག་གིས་འབྲི་གུང་ཆོས་འབྱུང་ཟེར་བའི་དེབ་འཐུག་པོ་ཞིག་བྲིས་ཡོད་པ་དེའི་ནང་དུ་ནང་པའི་བསྟན་པ་སྤྱིའི་ཆོས་འབྱུང་གི་ལེ་ཚན་གཅིག་བྲིས་ཡོད་པ་དེར་འཇའ་བའམ་འབྲུའི་གླིང་དུ་ནང་བསྟན་དར་ཚུལ་ཞེས་པ་ཞིག་བྲིས་ཡོད་པ་དེར་མཆོད་རྟེན་དེའི་སྐོར་རེ་བྲིས་མེད་ན་ཁྱེད་ཀྱི་ངོ་སྤྲོད་འདི་རྒྱས་ཤོས་ཐོག་མ་ཆགས་ངེས་རེད་སྙམ། ཨོ་རེད། འཛམ་གླིང་གི་ངོ་མཚར་ལྟད་མོ་ཡིན་ནམ་ཅིག་ཟེར་བའི་དེབ་ཅིག་བོད་ནང་ནས་ལོ་ཤས་གོང་པར་བསྐྲུན་བྱས་པ་ཞིག་ཏུ་མཆོད་རྟེན་འདིའི་སྐོར་ཅུང་མང་ཙམ་ཞིག་འདུག་སྙམ་ཡང་གསལ་བོར་མི་དྲན།
བྷ་རོ་བྷ་རྡུར་གྱི་རྒྱལ་བ་རིགས་ལྔ་ལ་བརྟེན་ནས་ཡུལ་དེར་གསང་སྔགས་ཀྱི་བསྟན་པ་དར་བར་ཚོད་དཔག་བྱེད་ཐུབ་ན་ཡང་། གསང་སྔགས་ཀྱི་བསྟན་པ་ཡུལ་དེར་སྤེལ་བ་བོ་དང་སྐབས་དེར་གསང་སྔགས་གསང་ནས་ཉམས་སུ་ལེན་པའམ་ཡང་ན་བོད་ཡུལ་ལྟ་བུར་ཁྲོམ་བསྒྲགས་སུ་བེད་སྤྱོད་བྱེད་པ་གང་ཡིན་སོགས་མང་དུ་ཤེས་འདོད་ན་ཡང་། ཕྱོགས་གང་ཅིའི་ཆ་རྐྱེན་མི་འཛོམས་པ་འདི་ངོ་མ་ཕངས་པོ་འདུག
སྤྱིར་བཏང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཨིན་དྲོ་ནེ་ཤི་ཡའི་ཁོངས་འཇའ་བ་དང་དེ་བཞིན་ཁེམ་བྷོ་ཌི་ཡའི་རྒྱལ་ཁམས་སོགས་ལ་ཐེག་པ་ཆེན་པོའི་བསྟན་པ་དར་མྱོང་བར་ཁོ་རང་ཚོའི་ཆོས་འབྱུང་དུ་འདུག ཡིན་ན་ཡང་གསང་སྔགས་ཀྱི་བསྟན་པ་དར་བའི་ལོ་རྒྱུས་མ་མཐོང་ཡང་གནའ་ཤུལ་གྲགས་ཅན་རྣམས་ལས་གསང་སྔགས་ཀྱི་ལྷའི་སྐུ་བརྙན་སོགས་རྙེད་འདུག་སྟབས་གསང་སྔགས་དར་མྱོང་བ་འདྲ། གསང་སྔགས་ཀྱི་ལྷའི་སྐུའི་གྲས་ནས་ཀྱང་ཀྱེ་རྡོ་རྗེ་སོགས་བླ་མེད་ཀྱི་ལྷའི་སྐུ་དེ་འདྲ་རྙེད་འདུག ཨིན་དྲོ་ནི་ཤི་ཡ་འདི་ཇོ་བོ་རྗེ་ཟླ་བ་དྲུག་གི་བར་གྲུ་གཟིངས་ལ་བཞུགས་ནས་བླ་མ་གསེར་གླིང་པ་མཇལ་དུ་ཕེབས་སའི་གསེར་གླིང་དེ་ཡིན་ཚུལ་བོད་ཀྱི་བླ་མ་འགས་གསུངས་འདུག་པས་དེ་ལ་ཁྱེད་ཀྱི་དགོང་ཚུལ་གང་འདྲ་ཡོད། མཆོད་རྟེན་དེ་ལ་ཀུན་རིག་སོགས་ཀྱི་སྐུ་བརྙན་ཡོད་པ་འདིས་ཡུལ་འདིར་རྒྱུད་སྡེ་འོག་མ་དེ་ཚོ་དར་མྱོང་བའི་བདེན་དཔང་བྱེད་ཐུབ་སྙམ། ང་ཚོའི་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་རྟ་ར་བའི་མི་ཚེའི་ལོ་རྒྱུས་སུ་གསེར་གླིང་འདི་ད་ལྟའི་ཐའེ་ལན་ཌའི་ཡུལ་འདི་ཡིན་ཚུལ་དེ་ཡང་ཐའེ་མིང་ལ་ཉེ་སྔོན་བར་དུ་སིམ་མམ་ས་ཡེམ་ལྟ་བུར་འབོད་ཀྱིན་པ་དེ་ཡང་གསེར་ཞེས་པའི་དོན་ཡིན་ཚུལ་གྱི་ཁུངས་སྙིང་རྗེ་པོ་འདྲ་ཞིག་དྲངས་འདུག
ཤམ་བྷ་ལ་འཚོལ་བའི་རྩོམ་འདི་ཚང་མ་བཀླགས་པ་ཡིན། པར་རིས་ཕྱོགས་བསྡོམས་ཀྱིས་བཀོད་པ་ནི་ཧ་ཅང་བཟང་། དེ་མིན་གྱི་རྒྱུ་ཆའམ་ཁུངས་གསར་པ་ཡོད་བཟོ་མི་འདུག ཡིག་ཆ་འདི་དག་གི་ཁུངས་རྣམས་དངོས་སུ་འཚོལ་མཁན་ཞིག་བྱུང་ན་བཟང་ཆ་ཆེ་རྒྱུ་རེད། པར་རིས་མཇལ་བའི་བསོད་ནམས་ནི་དེའི་ཆེད་དུ་བསྔོའོ༎
དགེ་ཆོས་ཀྱིས་ཐ་ཡེ་ལན་སྒྲི་ཡིན་ནམ་འཇའ་བ་གང་རུང་ཞིག་ཏུ་བསྟན་བཅོས་མཛད་མཁན་གསེར་གླིང་བ་ཞིག་འདུག་པས་ཇོ་བོའི་བླ་མ་གསེར་གླིང་པ་དང་གཅིག་ཡིན་མིན་བརྟག་ཟེར་བ་ཞིག་གསེར་ཐང་ནས་མཐོང་ཡང་ད་ལྟ་བཙལ་བས་མ་རྙེད།
ཁྱེད་ཀྱིས་ཤམ་བྷ་ལའི་སྐོར་འདི་ལེགས་པོ་འདུག ཟངས་མདོག་དཔལ་རི་དང་ཤམ་བྷ་ལ་སོགས་འཇིག་རྟེན་འདིར་རྙེད་འདོད་ཀྱི་རེ་སྤོབས་ང་ལ་མེད་མོད་ཨིན་དྲོ་ནི་ཞི་ཡའི་མཆོད་རྟེན་ཆེན་པོ་དེའི་སྐོར་ཞིག་སྔོན་མ་ནས་ཐོས་ཤིང་འདྲ་པར་སོགས་ཀྱང་མཐོང་མྱོང་། རང་རེ་བོད་མིའི་ཁྲོད་ནས་ཀྱང་གནས་མཇལ་ཙམ་དུ་འགྲོ་མྱོང་མཁན་ཁ་ཤས་རེ་ཡོད་ངེས་རེད། དེ་ཡང་གཙོ་བོ་ལྷོ་ཤར་ཨེ་ཤ་ཡའི་རྒྱ་རིགས་ཚོའི་ཁྲོད་དུ་ཆོས་སྤེལ་དུ་འགྲོ་མཁན་གྱི་གྲྭ་བཙུན་ཚོས་མཆོད་རྟེན་དེ་མཇལ་དུ་སོང་བ་ཡིན་ཟེར་མཁན་ཁ་ཤས་རེ་ལ་ཐུག་བྱུང་། ཉེ་ཆར་ས་སྐྱའི་མི་ཞིག་གནས་དེར་སོང་འདུག ཁོས་མཆོད་རྟེན་དེ་ལས་ཀུན་རིག་དང་འབྲེལ་བའི་ལྷ་རིས་དང་དཀྱིལ་འཁོར་སོགས་མཐོང་བས་ཧ་ཅང་དགའ་འདུག ཀུན་རིག་མེད་ན་ས་སྐྱ་ཚང་གི་གྲོད་ཁོགས་མི་འགྲང་བའི་ཚད་དུ་སླེབས་ཡོད་སྟབས་ཁོ་རང་གིས་དེ་མཐོང་བས་ཧ་ཅང་དགའ་ཞིང་དེའི་སྐོར་ལ་དོ་སྣང་ཆེན་པོས་འདྲ་པར་ཡང་མང་མང་པོ་བླངས་འདུག ཁོས་ང་ལ་དེའི་སྐོར་བཤད་པ་དང་ཁྱེད་ཀྱིས་འདིར་བྲིས་པ་གཉིས་ཆུ་ལ་ཆུ་བཞག་ཏུ་གྱུར་སོང་། རྗེས་མ་གནས་དེར་ལན་གཅིག་སླེབས་ཐུབ་པའི་རེ་བ་ཡོད།
ཉེ་བའི་ལོ་ཤས་གོང་འབྲི་གོང་པའི་གྲྭ་བ་ཞིག་གིས་འབྲི་གུང་ཆོས་འབྱུང་ཟེར་བའི་དེབ་འཐུག་པོ་ཞིག་བྲིས་ཡོད་པ་དེའི་ནང་དུ་ནང་པའི་བསྟན་པ་སྤྱིའི་ཆོས་འབྱུང་གི་ལེ་ཚན་གཅིག་བྲིས་ཡོད་པ་དེར་འཇའ་བའམ་འབྲུའི་གླིང་དུ་ནང་བསྟན་དར་ཚུལ་ཞེས་པ་ཞིག་བྲིས་ཡོད་པ་དེར་མཆོད་རྟེན་དེའི་སྐོར་རེ་བྲིས་མེད་ན་ཁྱེད་ཀྱི་ངོ་སྤྲོད་འདི་རྒྱས་ཤོས་ཐོག་མ་ཆགས་ངེས་རེད་སྙམ། ཨོ་རེད། འཛམ་གླིང་གི་ངོ་མཚར་ལྟད་མོ་ཡིན་ནམ་ཅིག་ཟེར་བའི་དེབ་ཅིག་བོད་ནང་ནས་ལོ་ཤས་གོང་པར་བསྐྲུན་བྱས་པ་ཞིག་ཏུ་མཆོད་རྟེན་འདིའི་སྐོར་ཅུང་མང་ཙམ་ཞིག་འདུག་སྙམ་ཡང་གསལ་བོར་མི་དྲན།
བྷ་རོ་བྷ་རྡུར་གྱི་རྒྱལ་བ་རིགས་ལྔ་ལ་བརྟེན་ནས་ཡུལ་དེར་གསང་སྔགས་ཀྱི་བསྟན་པ་དར་བར་ཚོད་དཔག་བྱེད་ཐུབ་ན་ཡང་། གསང་སྔགས་ཀྱི་བསྟན་པ་ཡུལ་དེར་སྤེལ་བ་བོ་དང་སྐབས་དེར་གསང་སྔགས་གསང་ནས་ཉམས་སུ་ལེན་པའམ་ཡང་ན་བོད་ཡུལ་ལྟ་བུར་ཁྲོམ་བསྒྲགས་སུ་བེད་སྤྱོད་བྱེད་པ་གང་ཡིན་སོགས་མང་དུ་ཤེས་འདོད་ན་ཡང་། ཕྱོགས་གང་ཅིའི་ཆ་རྐྱེན་མི་འཛོམས་པ་འདི་ངོ་མ་ཕངས་པོ་འདུག
སྤྱིར་བཏང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཨིན་དྲོ་ནེ་ཤི་ཡའི་ཁོངས་འཇའ་བ་དང་དེ་བཞིན་ཁེམ་བྷོ་ཌི་ཡའི་རྒྱལ་ཁམས་སོགས་ལ་ཐེག་པ་ཆེན་པོའི་བསྟན་པ་དར་མྱོང་བར་ཁོ་རང་ཚོའི་ཆོས་འབྱུང་དུ་འདུག ཡིན་ན་ཡང་གསང་སྔགས་ཀྱི་བསྟན་པ་དར་བའི་ལོ་རྒྱུས་མ་མཐོང་ཡང་གནའ་ཤུལ་གྲགས་ཅན་རྣམས་ལས་གསང་སྔགས་ཀྱི་ལྷའི་སྐུ་བརྙན་སོགས་རྙེད་འདུག་སྟབས་གསང་སྔགས་དར་མྱོང་བ་འདྲ། གསང་སྔགས་ཀྱི་ལྷའི་སྐུའི་གྲས་ནས་ཀྱང་ཀྱེ་རྡོ་རྗེ་སོགས་བླ་མེད་ཀྱི་ལྷའི་སྐུ་དེ་འདྲ་རྙེད་འདུག
ཨིན་དྲོ་ནི་ཤི་ཡ་འདི་ཇོ་བོ་རྗེ་ཟླ་བ་དྲུག་གི་བར་གྲུ་གཟིངས་ལ་བཞུགས་ནས་བླ་མ་གསེར་གླིང་པ་མཇལ་དུ་ཕེབས་སའི་གསེར་གླིང་དེ་ཡིན་ཚུལ་བོད་ཀྱི་བླ་མ་འགས་གསུངས་འདུག་པས་དེ་ལ་ཁྱེད་ཀྱི་དགོང་ཚུལ་གང་འདྲ་ཡོད། མཆོད་རྟེན་དེ་ལ་ཀུན་རིག་སོགས་ཀྱི་སྐུ་བརྙན་ཡོད་པ་འདིས་ཡུལ་འདིར་རྒྱུད་སྡེ་འོག་མ་དེ་ཚོ་དར་མྱོང་བའི་བདེན་དཔང་བྱེད་ཐུབ་སྙམ།
ང་ཚོའི་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་རྟ་ར་བའི་མི་ཚེའི་ལོ་རྒྱུས་སུ་གསེར་གླིང་འདི་ད་ལྟའི་ཐའེ་ལན་ཌའི་ཡུལ་འདི་ཡིན་ཚུལ་དེ་ཡང་ཐའེ་མིང་ལ་ཉེ་སྔོན་བར་དུ་སིམ་མམ་ས་ཡེམ་ལྟ་བུར་འབོད་ཀྱིན་པ་དེ་ཡང་གསེར་ཞེས་པའི་དོན་ཡིན་ཚུལ་གྱི་ཁུངས་སྙིང་རྗེ་པོ་འདྲ་ཞིག་དྲངས་འདུག
ྐླུ་སྨྱོན། ཡང་བསྐྱར་ཨེལ་མལ་ལ་གཟིགས་རོགས།
བལྟས་པ་ཡིན། ཅི་ཡང་མི་འདུག
goldenguru108@gmail.com
ཤམ་བྷ་ལ་འཚོལ་བའི་རྩོམ་འདི་ཚང་མ་བཀླགས་པ་ཡིན། པར་རིས་ཕྱོགས་བསྡོམས་ཀྱིས་བཀོད་པ་ནི་ཧ་ཅང་བཟང་། དེ་མིན་གྱི་རྒྱུ་ཆའམ་ཁུངས་གསར་པ་ཡོད་བཟོ་མི་འདུག ཡིག་ཆ་འདི་དག་གི་ཁུངས་རྣམས་དངོས་སུ་འཚོལ་མཁན་ཞིག་བྱུང་ན་བཟང་ཆ་ཆེ་རྒྱུ་རེད། པར་རིས་མཇལ་བའི་བསོད་ནམས་ནི་དེའི་ཆེད་དུ་བསྔོའོ༎
དགེ་ཆོས་ཀྱིས་ཐ་ཡེ་ལན་སྒྲི་ཡིན་ནམ་འཇའ་བ་གང་རུང་ཞིག་ཏུ་བསྟན་བཅོས་མཛད་མཁན་གསེར་གླིང་བ་ཞིག་འདུག་པས་ཇོ་བོའི་བླ་མ་གསེར་གླིང་པ་དང་གཅིག་ཡིན་མིན་བརྟག་ཟེར་བ་ཞིག་གསེར་ཐང་ནས་མཐོང་ཡང་ད་ལྟ་བཙལ་བས་མ་རྙེད།