བཟང་བོ།
༡
ལེགས་སྦྱར་ཡི་གེ་ལ་བརྟེན་ནས། །
བྷོ་ཊའི་ལྗོངས་སུ་བརྡ་སྤྲོད་པའི། །
ཕྱི་མོ་གཏན་ལ་ཕབ་མཛད་པ། །
སློབ་དཔོན་ཐོན་མིའི་ཞབས་ལ་འདུད། །
༢
སྐད་བརྡའི་མཚན་ཉིད་དེ་མཚོན་པར། །
བརྡ་སྤྲོད་རིག་པ་གཏན་ལ་ཕབ། །
དམངས་ཀྱི་སྐད་དང་རྒྱང་གྱེས་པའི། །
བརྡ་སྤྲོད་འགྲེལ་མཁན་རྣམས་ཀྱིས་ཉོནད། །
༣
གང་མིང་གི་ནི་མ་མཐའ་ན། །
པུ་ལིངྒ་སྟེ་ཕོ་རྟགས་ཀྱི། །
སྒྲ་མེད་པ་ལ་སྒྲ་སྦྱར་ཚེ། །
བདག་པོའི་སར་ཤེས་ཐོན་མིས་གསུངས། །
༤
བསིལ་ལྡན་ཁ་བ་རི་བ་ཡི། །
དམངས་ཀྱི་སྐད་དུ་ལོབས་པ་ཡི། །
དཔའ་བོ་ཞེས་པའི་བོ་སྒྲ་འདིས། །
སྐྱེས་པ་མི་མཚོན་ཟེར་རམ་ཅི།
༥
གང་གི་བྱེད་ལས་ངོ་བ་ལ། །
ལྟོས་ཏེ་ཁྲོ་བོ་ཁྲོ་མོ་ཞེས། །
ལྷ་ཕོ་ལྷ་མོའི་བརྡ་མཚོན་དུ། །
ཆོས་སྐད་དག་ལ་ཡོད་མིན་ནམ། །
༦
བདག་པོའི་ས་ལ་གནས་པ་ཡི། །
རྗེ་བོ་རྗེ་མོ་དཔའ་བོ་དང་། །
དཔའ་མོ་མཛའ་བོ་མཛའ་མོ་སོགས། །
ཐམས་ཅད་བརྗོད་པས་ག་ལ་ལངས། །
༧
དེ་ཉིད་རང་གི་སྒྲ་མཐུན་ཁོངས། །
བདག་པོའི་དོན་ཡང་མཁན་པོས་བསྟན། །
དེས་ན་ལྷ་བ་མཐའ་བ་སོགས། །
བདག་སྒྲ་མིན་པ་སུ་ཞིག་སྨྲ། །
༨
སྨྲ་སྒོ་མཚོན་ཆས་ཟེར་བྱས་ནས། །
བ་བོ་བདག་སྒྲའི་ཁོངས་འདོར་བ། །
འདྲེ་ནི་ཤར་སྒོ་གནས་པ་ལ། །
གླུད་ནི་ནུབ་སྒོ་འཕེན་དང་མཚུངས། །
༡༠
ཁ་ཅིག་སི་ཏུའི་རྗེས་འབྲངས་ཏེ། །
པུ་ལིངྒ་ཡི་སྒྲ་མཚོན་དཔེར། །
ཞིང་པ་རོང་པ་གཉེར་པ་དང་། །
མགོ་པ་ལ་སོགས་མང་དུ་འགོད། །
༡༢
འདི་ལས་དགོད་བྲོ་གང་དུ་མཆིས། །
ཞིང་པ་རོང་པ་གཉེར་པ་དང་། །
མགོ་པ་ལ་སོགས་སྐྱེས་པ་ལས། །
སྐྱེས་མ་མེད་པ་ཅི་ཡིས་ནོངས། །
༡༤
བདག་སྒྲ་བྱ་ཚིག་ཕྱེད་པ་ལ། །
སི་ཏུའི་ལུགས་བཟང་ཁ་ཅིག་སྨྲ། །
འོ་ན་ཤར་པ་གཉེར་པ་སོགས། །
བྱ་ཚིག་ཡིན་ནམ་བདག་སྒྲ་ཡིན། །
༡༥
དོན་དུ་གཉེར་དང་སེམས་ལ་ཤར། །
འདས་པའི་ཚིག་གི་མིང་མཐའ་ལ། །
ཤར་པ་གཉེར་པ་མི་ནམ་ཅི། །
དེ་འདྲའི་རིག་པ་མགོ་མཚུངས་སོ། །
༡༦
བ་བོ་བདག་སྒྲར་མི་འཇུག་པ། །
བོད་སྐད་རྒྱ་ལས་འདས་པས་ན། །
དྷརྨ་བྷ་དྲས་གཞུང་བྱིངས་ནི། །
སི་ཏུར་གཏུགས་ཀྱང་བ་བོ་མིན།
༡༧
ཆོས་ཀྱི་སྐད་དང་ཡིག་སྐད་ལས། །
དམངས་ཀྱི་སྐད་དང་མཐུན་པ་ཡི། །
བ་བོ་བདག་སྒྲ་ལ་འཇུག་པ། །
རྗོད་པའི་སྐབས་དང་བོའོ། །
གནས་བརྟན་བྱང་བ་བཟང་བོས་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་གསུམ་པ་ས་ཕག་ལ་དབེན་གནས་གར་འདུག་སྐྱིད་པའི་ལྡིང་ཁང་དུ་
སྦྱར་པ་དགེའོ། །
རྐང་པ་ཁང་པ་ངང་པ་དང་། །
བྱང་པ་ཤར་པ་ལྔ་པ་དང་། །
བཅུ་པ་ཀ་པ་ཁ་པ་སོགས། །
པ་རྣམས་བ་ལ་བཙན་གྱིས་བཅོས། །
་
ཞང་པོ་དང་པོ་བཟང་པོ་དང་། །
མང་པོ་ཡང་པོ་དཔང་པོ་དང་། །
ཆེན་པོ་ལན་པོ་གསལ་པོ་སོགས། །
པོ་རྣམས་བོ་ལ་བཙན་གྱིས་བཅོས། །
ཐོན་མིའི་སྐད་དེ་དབུས་གཙང་དང་། །
སྟོད་པ་སྐད་ལ་གཞིར་བཅོལ་ནས། །
སུམ་རྟགས་གཉིས་ཀྱི་གཞི་རྩར་བཙུགས། །
དེ་བཞིན་པ་བ་པོ་བོ་ཡང་། །
་
བཀའ་འགྱུར་བསྟན་འགྱུར་སྤྱི་སྐད་རེད། །
དེར་ནང་ག་འདྲ་ག་རེད་འདུག །
ཞི་བ་ཏུ་དཔྱད་ནས་ཀུན་མཐུན་གྱིས། །
རྟགས་མཚུངས་དེ་ལས་རྗོད་བདེ་གཙོ། །
གསར་པ། གསར་བ། གསར་ཤོས།
གསར་པ། གསར་བ། གསར་ཤོས།
གསར་པ། གསར་བ། གསར་ཤོས།
བདག་སྒྲའི་སྐོར་ལེགས་བཤད་ལྗོན་དབང་ལས། ན་རོ་ཡོད་མེད་པ་ཕ་མ། བདག་པོའི་
སྒྲ་སྟེ་ག་ད་ན། བ་མ་ས་དང་དྲག་མཐར་པ། ང་འ་ར་ལ་མཐའ་མེད་ལ། བདག་སྒྲ་
ཡར་གྱུར་བ་དང་ནི། སོགས་གསལ་པ་བཞིན་མང་ཆེས་འདིར་རྩ་འཛིན་ལག་བསྟར་
བྱེད་མུས་ལ་དེང་སྐབས་བ་མ་བདག་སྒྲ་ཡིན་མིན་གྱི་རྩོད་གཞི་མེད་ཅིང་། འོན་ཀྱང་འགའ་
ཞིག་གིས་བདག་སྒྲ་འཇུག་ཡུལ་གོང་གསལ་རྗེས་འཇུག་ཁག་ལ་ལྟོས་མེད་བདག་སྒྲ་པ་པོ་
འཇུག་ཡུལ་མང་པོར་བ་བོ་གཉིས་འཚང་བཤིག་ཨུ་ཚུགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་ལ་
འགྲིག་མིན་བསམ་ཚུལ་བཏོན་པ་ནི་བོད་ཀྱི་བདག་སྤྲོད་གཅེས་སྲུང་གི་བགྲོ་གླེང་འགངས་ཆེ་
ཞིག་ལ་ངོས་འཛིན་གནང་དགོས།
དེ་འབྲེལ་གོང་གསལ་ཨང་ ༡༢ པར་ཞིང་པ་སོགས་སྐྱེས་པ་ལས་སྐྱེས་མར་འཇུག་མིན་
ཟེར་བ་ནི། ཚིག་རྩར་རྩོད་པ་ལས་དོན་གནད་ཆེ་བ་མི་འདུག་ཅིང་། རྒྱུ་མཚན་ནི་རང་རེའི་
འབྲི་སྲོལ་ཡོད་པར་བོད་པ་དང་། འབྲོག་པ། དབུས་པ། ཁམས་པ། ཨ་མདོ་བ་སོགས་ནང་
ཕོ་མོ་གཉིས་ཀ་ཚུད་འགྲོ་བ་འཛམ་གླིང་སྤྱིའི་འགྲོ་སྟངས་ཤིག་ཀྱང་ཡིན།
གཞན་ཡང་སྔོན་དུ་དཔའ་རིས་སངས་རྒྱས་ཀྱི་དཔྱད་རྩོམ་རྟགས་འཇུག་གི་དགོངས་དོན་ལ་ཁ་གཡར་ནས་ཉ་ཉུང་མཉམ་བསྲེ་མ་བྱེད། པ་བ་གཉིས་ཀྱི་འཇུག་ཚུལ་ཟུར་ཙམ་གླེང་བ། ཞེས་པར་བསམ་ཚུལ་ཞུས་འཕྲོས་
དོན་ཚན་གཉིས་ཞུ་འདོད་བྱུང་བ་ནི། གོང་སྐོར་རྩོམ་པ་པོས་འགྲེལ་བཤད་རིང་པོ་ཞིག་
བྲིས་མུར་ (གལ་བོ་ཆེ་)ཞེས་བྲིས་འདུག་པ་ནི་རྟགས་མཚུངས་དང་ཡོངས་སུ་འགལ་བ་དང་།
དེ་བཞིན་དེང་སྐབས་ཀྱི་ཡིག་ཆ་མང་པོ་ཞིག་ནང་དམར་བོ་དང་། དཀར་བོ། གསལ་བོ་
སོགས་བྲིས་འདུག་པ་དག་ཀྱང་རྟགས་མཚུངས་ཤིག་གཏན་ནས་མིན། རྗེས་འདུག་གི་
མིང་མཐར་རྟགས་མཚུངས་འགྲོ་སྟངས་རིགས་ལམ་སྐོར་སྔོན་དུ་མདོར་ཙམ་བྲིས་དོན།
གོང་གསལ་རྗེས་འདུག་ར་ལ་གཉིས་མ་ནིང་ཡིན་ཡང་ད་དྲག་དབང་གིས་
ཕོ་ལྟ་བུར་གྱུར་པ་དང་། མིང་མཐར་གསལ་བྱེད་མོ་བ་སྦྱར་པས་ཕོ་མོ་རྟགས་མཚུངས་འཛོལ་ཞིང་།
རྟགས་མཚུངས་ལྟར་འབྲི་འདོད་ཡོད་ཚེ་གལ་པོ་ཆེ་དང་། དམར་པོ། དཀར་པོ། གསལ་པོ་
སོགས་སླད་ནས་འབྲི་གནང་ཡོང་བ། (རྗེས་འཇུག་ན་ར་ལ་གསུམ་ལ་ད་དྲག་མེད་པའི་མིང་ཚིག་མི་ཉུང་
བ་ཡོད་འདུག་གཤིས་གོང་ཁག་ལ་མ་ནིང་སྦྱར་ཚེ་ (གལ་ཕོ་དང་དཀར་ཕོ) སོགས་བརྗོད་བདེ་མེད་ལ་འབྲི་སྲོལ་ཡང་མེད)
དེ་འབྲེལ་རྩོམ་པ་པོས་ལྔ་པ་དང་། དགུ་པ། བཅུ་པ་སོགས་བྲིས་པ་ནི་རྟགས་མཚུངས་མིན་སྐོར་གསུངས་ཀྱང་། དེ་འོག་ཏུ་གསུམ་པ་ཞེས་བྲིས་འདུག་པར་ཡ་མཚན་ཆེ། རྟགས་མཚུངས་
ལྟར་ན་གསུམ་བ་ཞེས་འབྲི་དགོས་ཤིང་། གསུམ་བ་ཞེས་མ་བྲིས་པ་ནི་བོད་མི་གཞན་སྤྱི་མཚུངས་
ལྟར་ཁྱེད་ལའང་བརྗོད་བདེར་མ་གྱུར་སྟབས་གསུམ་པ་ཞེས་བྲིས་ཤོར་གྱུར་པ་ཡིན་བཟོ། དོན་སྙིང་
གསུམ་པ་དང་། ལྔ་པ། ཁང་པ་སོགས་ནི་མིང་རྐྱང་ངམ་བརྗོད་བདེ་འདྲེན་པར་ངོས་འཛིན་
ཞུ་ཡི་ཡོད།
མཐའ་དོན། སུམ་བཅུ་པར་བདག་སྒྲ་བཤད་སྐབས་རྗེས་འཇུག་བཅུ་པོར་ བདག་སྒྲ་པ་བ་མ་སྦྱོར་ཚུལ་དང་། རྟགས་འཇུག་སྐབས་རྗེས་འཇུག་བཅུ་པོ་ཕོ་མོ་མ་ནིང་གསུམ་ལ་དབྱེ་སྟེ་མིང་མཐར་
གསལ་བྱེད་སུམ་ཅུའི་ཕོ་མོ་མ་ནིང་སྦྱོར་ཚུལ་གཉིས་སོ་སོར་ཡིན་པས་དེ་གཉིས་ཉ་ཉུང་མ་བསྲེས་ན་
ལེགས་གནས་བཅས
བདག་པོ་སྟོན་པའི་དོན་ཅན་དང་།།
བདག་སྒྲ་སྟོན་པའི་ཕྲད་གཉིས་ཀྱི།།
དབྱེ་བའི་མཚམས་ཚིགས་གནད་དུ་ཆེ།།
གང་ཟག་སྟོན་ན་བདག་སྒྲ་དང་།།
དངོས་པོ་སྟོན་ན་བདག་སྒྲ་མིན།།
ཡུལ་ལུང་སྐད་ཀྱི་དབང་བྱས་དང་།།
མིང་གི་ཆ་ཤས་ཡི་གེ་ཡི།།
བ་བོ་མ་མོ་བདག་སྒྲ་མིན།།
འདི་ཙམ་ནི་རྩེད་མཚར་ཞིག་གི་ཆེད་དུའོ།།
ང་སྐྱེས་ཡུལ་སྟོད་མངའ་རིས་སུ། ང་ཚོ་ཕ་མས། ང་ཚོ་ལ། བདག་སོགས་ཟེར་སྲོལ་འདུག་པས་་་་་
ང་ཚོ་ལ། བདག་སོགས་ཟེར་མཁན་དེ་ཡང་སྟོད་མངའ་རིས་འམཆེན་པའི་སྐད་དུ་དུས་ད་ལྟ་ཡང་ཟེར་བཞིན་འདུག
འབྲོག་པ་འབྲོག་མོ། དབུས་པ་དབུས་མོ་ཁ་སྐད་ལ་ཡོད་པ་མིན་ནམ།
ངག་ཚུལ་ཅི་ཟེར། འབྲོག་པ་སོགས་ཀྱིས་བྱེ་བྲག་སྟོན་མ་ཐུབ་སྟབས་འབྲོག་མོ་ཡང་ཞར་ལ་ཐོན། དེས་ཁྱེད་ཀྱི་དཔེར་བརྗོད་དེ་ཀུན་ལ་རིགས་འགྲེ།
་་་་་་་་་་ རྟགས་མཚུངས་
ལྟར་ན་གསུམ་བ་ཞེས་འབྲི་དགོས་ཤིང་། གསུམ་བ་ཞེས་མ་བྲིས་པ་ནི་བོད་མི་གཞན་སྤྱི་མཚུངས་
ལྟར་ཁྱེད་ལའང་བརྗོད་བདེར་མ་གྱུར་སྟབས་གསུམ་པ་ཞེས་བྲིས་ཤོར་གྱུར་པ་ཡིན་བཟོ། དོན་སྙིང་
གསུམ་པ་དང་། ལྔ་པ། ཁང་པ་སོགས་ནི་མིང་རྐྱང་ངམ་བརྗོད་བདེ་འདྲེན་པར་ངོས་འཛིན་
ཞུ་ཡི་ཡོད། ་་་་་་་་་་་་ ཟེར།
་་་་་་་་་་ དེས་ན་ལྷ་བ་མཐའ་བ་སོགས། །
བདག་སྒྲ་མིན་པ་སུ་ཞིག་སྨྲ། ། ་་་་་་་་་་་་ ཟེར།
བོད་རིགས་སྤྱི་སྐད་ནང་ལ། ལྷ་པ་ལས། ལྷ་བ་ཟེར་སྲོལ་མེད་ལ། བདེ་བོ་ཡང་མེད་པ་རང་གིས་ཉམས་མྱོང་གིས་ཤེས་ཐུབ་པ་མིན་འདུག་གམ། ལགས།
ཀརྡོ་ལགས། ཁྱེད་ལ་འོ་བརྒྱལ་གཏད་ཡོད་པ་འདྲ། ཏུན་ཧོང་ཡིག་རྙིང་དེ་བརྗོད་དོན་ཆ་ནས་དེ་སྐབས་ཀྱི་བོད་བཙན་པོའི་ལོ་རྒྱུས་གནས་བབ་མཚོན་པའི་ཡིག་ཆ་ཞིག་ཡིན་སྟབས་གལ་ཆེན་ཡིན། འོན་ཀྱང་རྗོད་བྱེད་ཀྱི་ནས་ཡིག་ནོར་ཧ་ཅང་མང་བ་ཕྱིས་མཆན་བུ་འདེབས་མཁན་ཚོའི་མཆན་ལ་གཟིགས་དང་ཤེས། ངས་དེ་དག་ལ་མ་བལྟས་པ་མིན། པ་བའི་མིང་མཐའི་ཐོབ་ཐང་འདི་བོད་སྔ་རབས་པའི་བརྡ་སྤྲོད་མཁན་པོའི་ཚོའི་དགོངས་འགྲེལ་དང་བསྟུན་རྒྱུ་ལས། སུམ་རྟགས་དག་གསུམ་ལ་རྨོངས་པའི་ཡིག་ཆ་དག་ལ་ཆ་འཇོག་ཇི་ལྟར་བྱེད།