ཐེ་བོ་སངས་རྒྱས།
༄༅།། རྒྱ་ནག་སྐད་དུ། ཅིག་ཅིག་ཉིག་ཉིགབོད་སྐད་དུ། ཝུའུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ཅན་གྱི་ནད་ཡམས་འཇའ་ཡལ་མའི་གཟུངས།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ཆོས་བཟང་ལྷའི་མདུན་ས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།སྙོམས་པར་ཞུགས་མ་ཐག་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་ཆོས་ཟབ་མོ་ཡི་གེ་དག་འོད་ཀྱི་རྣམ་པར་ཤར་བ་འདི་ལྟ་སྟེ། སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་ཕྱག་འཚལ་ལོ།འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། དགྲ་བཅོམ་པ་ལྔ་བརྒྱ་ལ་ཕྱག་འཚལ་ལོ།གྲུབ་ཆེན་བརྒྱད་ཅུ་ལ་ཕྱག་འཚལ་ལོ།གནས་བརྟན་བཅུ་དྲུག་ལ་ཕྱག་འཚལ་ལོ།། དེ་རྣམས་ལ་ཕྱག་འཚལ་བ་ལ་བརྟེན་ནས་ཏོག་དབྱིབས་ཅན་གྱི་ནད་ཡམས་ཕྱིར་ཟློག་པ་ཆེན་པོའི་གཟུངས་འདིས་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པ།གཞན་གྱི་རིག་སྔགས་གཅོད་པ།དུས་མ་ཡིན་པའི་འཆི་བ་ལས་ཟློག་པ།ནད་ཀྱིས་བཅིངས་པ་རྣམས་གྲོལ་བ། སྡང་བ་དང་། རྨི་ལམ་ངན་པ་དང་།བསམ་སྦྱོར་ངན་པ་དང་། གདོན་དང་།བགེགས་དང་།དུག་དང་། རིམས་དང་།མཚོན་དང་། མུ་གེ་ལས་སྒྲོལ་བ་སྟེ། རིམས་ཀྱིས་མི་ཐུབ་བྱམས་བརྩེ་ཡི།། སྨན་གྱི་ལྗོན་བཟང་འཆང་བ་པོ།།དུག་གསུམ་ནད་ཀྱང་དྲུངས་འབྱིན་པ།།བླ་མ་ལྷ་ལ་ཕྱག་འཚལ་ཏོ།། བདག་ཅག་རིམས་ནད་འདི་ལས་སྲུང་དུ་གསོལ།སྲུང་དུ་གསོལ།རྒྱལ་པོའི་ཆད་པའི་འཇིགས་པ་དང་།དམག་འཁྲུག་གི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་།མུ་གེའི་འཇིགས་པ་དང་།རིམས་ནད་ཀྱི་འཇིགས་པ་དང་། འབྱུང་བོའི་གདོན་དང་། ཤ་ཟའི་གདོན་དང་། སྨྱོ་བྱེད་ཀྱི་གདོན་ལ་སོགས་པ་ལས་བདེ་ལེགས་སུ་གྱུར་ཅིག
ཟས་སུ་ཕ་ཝང་ཟ་བ་རྣམས་དང་།ཟས་སུ་སྡིག་པ་རྭ་ཙ་ཟ་བ་རྣམས་དང་།ཟས་སུ་འབུ་སྡོམ་ཟ་བ་རྣམས་དང་།ཟས་སུ་འབུ་ཆ་ག་པ་ཟ་བ་རྣམས་དང་།ཟས་སུ་གྲོག་མ་ཟ་བ་རྣམས་དང་།ཟས་སུ་སྦལ་བ་ཟ་བ་རྣམས་དང་།ཟས་སུ་སྦྲུལ་ཁྲ་ཟ་བ་རྣམས་དང་།ཟས་སུ་སྤྲེའུའི་ཀླད་པ་ཟ་བ་རྣམས་སྤོང་བར་གྱུར་ཅིགསྤོང་བར་གྱུར་ཅིག
རིམས་ཉིན་གཅིག་པ་རྣམས་དང་།ཉིན་གཉིས་པ་རྣམས་དང་།ཉིན་གསུམ་པ་རྣམས་དང་།ཉིན་བཞི་པ་རྣམས་དང་།ཉིན་བདུན་པ་རྣམས་དང་།རྟག་པའི་རིམས་རྣམས་དང་།རིམས་མི་ཟད་པ་རྣམས་དང་།རིམས་ལྡང་དུབ་པ་རྣམས་དང་།རླུང་ལས་གྱུར་པ་རྣམས་དང་།མཁྲིས་པ་ལས་གྱུར་པ་རྣམས་དང་།བད་ཀན་ལས་གྱུར་པ་རྣམས་དང་།འདུས་པ་ལས་གྱུར་པ་རྣམས་དང་།ཚ་བ་འཕར་བ་དང་།གློ་ལུ་བ་དང་།མིད་པ་ཚ་བ་དང་།དབུགས་མི་བདེ་བ་རྣམས་ལས་གྲོལ་དུ་གསོལ།གྲོལ་དུ་གསོལ།།阿弥陀佛。阿弥陀佛。阿弥陀佛。
རྒྱ་ནད་ཝུའུ་ཧང་གློ་ཚད་ལས་འབྲས་ཀྱི་འཁོར་ལོ་མ་ཟེར་ན་ཏག་ཏག་རེད།
རིག་པའི་བུ་ལ། ཁྱེད་རྒོད་ཡིན་ན་ཝུའུ་ཧན་གློ་ཚད་འཇའ་ཡལ་མ་ཞེས་པར་ལན་འདི་ལས་ལེགས་ཙམ་ཞིག་རྒྱབ་མི་ཐུབ་བམ། ངས་བྱས་ན་འཇའ་ཡལ་ཞེས་བ་ལེགས་བརྒྱན་ཞིག་མིན། ཝུའུ་ཧན་གཉན་རིམས་ནི་ཐབས་སྡུག་པ་ལ་མ་ཡལ་པར་ད་ལྟ་ཡོད་བཞིན་འདུག་པ་དང། གཟུངས་དང་གཟུངས་སྔགས་ནི་སྐལ་བ་བཟང་བ་ལ་སྟོན་པ་བྱོན་པ་ནས་ད་བར་དང་དེ་ནས་བསྟན་པ་མ་ནུབ་བར་འགྲོ་བ་ལ་ཕན་ཐོག་ཡོད་སྟབས་དད་ཅན་གྱི་བེད་ཡུལ་དུ་འཇའ་མ་ཡལ་བར་གནས་རྒྱུ་ངེས། སྙིང་རྗེ་། རིག་པ།
འཇའ་ཡལ་མ་འབོད་ན་ཡག་པོ་འདུག ནད་ཕོགས་པའི་ནད་པ་ཚོ་འཇའ་བཞིན་ཡལ་འགྲོ་བཞིན་འདུག དེ་བཞིན་རྒྱུན་པར་བླ་མ་རྟོག་པ་ང་མཐོ་ཁོ་མཐོ་ཚང་མ་ནད་དེ་ལ་མིང་འཇའ་ཡལ་མ་ཞེས་བཏགས་ནས་བྲོས་སོང་། འཇའ་བཞིན་ཡལ་སོང་།
རྣམ་རྟོག་དང་རྟེན་འབྲེལ་བརྟག་པ་གཉིས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་རེད།
བོད་རྒན་རྣམས་རྣམ་རྟོག་ཚ་བའི་ཁར་རྟེན་འབྲེལ་བརྟག་པར་དགའ། སྟེས་དབང་གིས་བྱུང་བ་ཡིན་ནམ། སྐབས་རེར་རྣམ་རྟོག་ལངས་རྗེས་གོད་ཆག་འབྱུང་བ་དང་། རྟེན་འབྲེལ་འགྲིག་རྗེས་གཏམ་བཟང་གོ་བ་ཡོད། དེ་འདྲ་ཡེ་ནས་མེད་ཅེས་སུས་ཀྱང་བརྗོད་དཀའ། འདི་དག་ལ་ཚན་རིག་གི་ཐོག་ནས་འགྲེལ་བཤད་ཡོད་དམ་ཞེས་འདྲི་སྙིང་བྲོ།
རྣམ་རྟོག་དགྲར་ལངས། ཁ་སྟོང་རྐུ་མ་ཟེར་སྲོལ་ཡོད་རེད། རྣམ་རྟོག་མང་ན། འཁོན་སྒྲིབ། བཙོག་སྒྲིབ། རོ་སྒྲིབ་སོགས་མང་བར་འོང་ནས་ན་རྒྱ་ཚ་རྒྱུ་མང་བ་འོངས། རྣམ་རྟོག་ཁྱོན་ནས་མེད་ན། ལས་འབྲས་ལ་ཡང་ཡིད་ཆེས་བྱེད་དཀའ་ཙམ་མིན་འགྲོ་ཨ།
རྣམ་རྟོག་སླང་ས་མེད་ནའང་། བཙན་གྱིས་སློང་བ་གཅིག རྟེན་འབྲེལ་སྒྲིག་ས་མེད་ན་ཡང་བཙན་གྱིས། བསྒྲིགས་ན་གང་འོངས་སམ། བསམ་དགོས་པ་མང་ངོ་།།
མའོ་ཙེ་ཏུང་ལ། ཞིམ་མི་ནག་པོས་ཁོའི་ལམ་ཁ་བཅད་ན། རྣམ་རྟོག་ཞིག་ཡོད་པ་མ་གཏོགས། རྣམ་རྟོག་གཞན་རྩ་བ་ནས་མེད་པ་ཞིག་གོ་མྱོང་བས། དེ་བདེན་ཡིན་མིན་མི་ཤེས་སོ།།
རིམ་ནད་གསར་པ་ཇི་ལྟར་འབྱུང་ཚུལ་བསྟན་པ།
སྙིག་མའི་དུས་ཀྱི་འགྲོ་བ་མི་རྣམས་ཀྱིས།།
ལོག་པའི་དམར་ཟས་སྣ་ཚོགས་ལོངས་སུ་སྤྱད།།
སྔགས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཉམས།།
བཙུན་པ་རྣམས་ཀྱི་མདུན་འཁྲིམས་དམ་བཅའ་ཉམས།།
སྐྱེ་བོ་རྣམས་ཀྱི་ངོ་ཚ་ཁྲིལ་མེད་བྱས།།
དགེ་བཤེས་རྣམས་ཀྱི་འཁྲུགས་པའི་ཡོ་ལང་བྱེད།།
སྟོན་པའི་དམ་ཆོས་སྒོར་མོའི་ཆེད་དུ་བཙོང།།
ཆོས་ཚོགས་ཆོས་ཀྱི་ཚོང་ཁང་སྒོ་ཆེན་འཕྱེ།།
སྒོམ་ཆེན་རྫུན་མ་སྨད་འཚོང་རྐུབ་དུ་རྒྱུག།།
བུད་མེད་རྐུབ་ཀྱི་རིན་གོང་ཚད་ཀྱི་འཇལ།།
དམར་ཧྲེང་སྟུ་ལྡག་འཇེ་ནུ་ཕྱི་རུ་ངོམ།།
བླ་མ་དཀོན་མཆོག་ལས་འབྲས་རྒྱབ་ཏུ་བསྐྱུར།།
འཇིག་རྟེན་དྲེགས་པའི་ལྷ་འདྲེ་སྲོག་བཞིན་གསོ།།
བདུད་དང་མུ་ཏིག་དང་དུ་བླངས་པ་བཞིན།།
སྟོན་པའི་སྐུ་ལ་ལྗགས་སྐྱེམས་ཙམ་ཡང་མེད།།
སྐྱེ་བོ་རྣམས་ནི་ཕྲག་དོག་རླུང་གི་སྨྱོ།།
གོ་གནས་འོས་ཤོག་དོན་དུ་མི་དམངས་དཀྲུགས།།
ས་འོག་གཏེར་རྫས་སྒོར་མོའི་དོན་དུ་བཏོན།།
འབབས་བཙོག་རྫས་ངན་འཁོར་ཡུག་ཀུན་ལ་ཁྱབ།།
རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཐབས་བྲལ།།
ཆུ་གནས་ཐམས་ཅད་རྒྱ་མིས་གསོན་ཟ་བྱས།།
རྒྱ་མཚོ་ནང་དུ་ཉ་རྒྱའི་གྲུ་ཡིས་ཁེངས།།
མི་ཡི་འདོད་བརྔམམ་ཆེ་བའི་ཉེར་ལེན་གྱིས།།
རིམ་ནད་གསར་པ་འདི་དག་འབྱུང་སྲིད་པ།།
མཁན་སློབ་ཆོས་གསུམ་མ་འོངས་ལུང་ལས་གསལ།།
དཔྱད་རྩོམ་འདི་ལ་ཡིད་ཆེས་མ་བྱུང་ཚེ།།
གསོ་རིག་བདུད་རྩིའི་བུམ་པར་གཟིགས་འཚལ་ལོ།།
ཀུན་ཁྱབ་པས།
ནད་ཡམས་འགོག་ཐབས་དང་། གཟུངས་སྔགས་ཁག་ཅིག འདི་ན་འདུག
https://www.facebook.com/tenzin.topgyal.71?__tn__=%2Cd*F*F-R&eid=ARCVbm2LN63yt2D-AM-1hp1TOV0sCDSPE2XBpSInBBE5lmSkoln4xP4rACkAujTm6AsNjqYFPCMwiM34&tn-str=*F
རྒྱ་ནག་པ་ཡི་ངག་རྒྱུན་ལ།།
རང་ནད་གཞན་ལ་བསྒོ་ཐུབ་ན།།
རང་ཉིད་ནད་ལས་ཐར་འགྱུར་གྲགས།།
དེ་ལ་བརྟེན་ནད་པ་རྣམས།།
ནད་ཡམས་བསྒོ་ལ་བརྩོན་པར་བྱེད།།
བོད་ནི་ས་མཐོ་ཆུ་གཙང་བས།།
དེ་རུ་བྲོས་ནས་རང་གི་ནད།།
གཞན་ལ་ཕངས་པ་མེད་པར་སྦྱིན།།
བོད་པ་ཀླད་པ་ལྗང་ཁུ་འགས།།
བོད་ནི་ཆོས་ལྡན་ཞིང་ཁམས་ཏེ།།
ཆོས་སྐྱོང་སྲུང་མའི་བྱ་ར་ཡོད།།
ནད་དང་མཚོན་གྱིས་མི་ཐུབ་སྐད།།
གཏམ་འཆལ་སྤེལ་ནས་རང་རིགས་རྣམས།།
བརླག་པའི་ཉེན་ཁ་ཅི་བས་ཆེ།།
དེ་བས་རང་ཉིད་རང་གི་མགོན།།
རང་སྲུང་ཐད་ལ་འབད་པ་གལ།།