ཨ་མྱེས་སྲས་ཆུང་གིས།
ཁྱོད་བདག་པོ་རྒྱག་མཁན་ཞིག་ཡོད་ཚེ། ད་ཟད་རྒྱལ་ཁབ་ཅིག་བསྐྱབ་ཐུབ་ཡོད་ལ།
ཁྱོད་ཀྱི་སྐད་ཆ་ལ་ཆ་བཞག་མཁན་ཞིག་ཡོད་ཚེ།
ད་ཟད་འཛམ་གླིང་འདི་བསྐྱབ་ཐུབ་ཡོད་རྒྱུ་རེད།
ཁྱོད་ཀྱི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་ཚེ།
ད་ཟད་ང་ཚོ་འཇིགས་སྐྲག་འདི་ལས་ཐར་ཐུབ་ཡོད་རྒྱུ་རེད།
མི་མང་པོས་ནད་དུག་འདིས་ཁྱོད་འཆི་ལམ་དུ་བཏང་སོང་ཟེར་མཁན་མང་ཡང་།
ཁྱོད་ཀྱི་ཚེ་སྲོག་འཕྲོག་པའི་ལག་དམར་བ་དེ་ནད་དུག་འདི་མ་རེད།
མི་མང་པོ་ཞིག་གིས་ཁྱོད་ལ་མྱ་ངན་ཞུ་བཞིན་ཡོད་ལ།
དཔའ་བོ་ཞེས་འབོད་བཞིན་ཡོད།
རེད་དེ་ཁྱོད་ལ་འབོད་དགོས་པ་དེ་དཔའ་བོ་མ་རེད་ལ།
ཁྱོད་ལ་ཞུ་དགོས་པ་དེ་མྱ་ངན་མ་རེད།
ཁྱོད་ལ་འབོད་དགོས་པ་ནི་བཀའ་དྲིན་ཆེའམ་《 谢谢您》ཟེར་བས་ཚིག་འབྲུ་གསུམ་པོ་འདི་ཡིན་ལ།
ཁྱོད་ལ་ཞུ་དགོས་པ་ནི་དགོངས་པ་དག་གམ་《 对不起 》ཟེར་བས་ཚིག་འབྲུ་གསུམ་པོ་འདི་ཡིན།
ད་རིང་ཁྱོད་ཀྱིས་འཛམ་གླིང་འདིའི་ནང་མི་ཉམ་ཆུང་གི་ཞུ་འབོད་དང་དྲང་བདེན་ལ་སྣང་མེད་གཏོང་མཁན་གྱི་དབང་འཛིན་པ་ཁག་ཅིག་ལ་སློབ་ཚན་གསར་པ་ཞིག་ཁྲིད་ཡོད།
འདི་ཁྱོད་ཀྱིས་མི་ཡུལ་ལ་བཞག་པའི་བྱས་རྗེས་མཐའ་མ་དེ་ཡིན།
བཀའ་དྲིན་ཆེ།
སྙེམ་ཆུང་ཆག་སྒོ་མང་ཟེར་བ་འདི་རེད། མི་ངན་ཆེད་དུ་ནད་དུག་བཟོ་མཁན་དང་། འགོ་མཁན་དེ་ཚོ་ནང་ལ་སྐྱིད་པོ་བྱས་བསྡད་ཡོད། ལྟས་ངན།