གངས་ལྷ་མོ།
ཚང་མར་བཀྲིས་བདེ་ལེགས་ཞུ། ང་གངས་ལྷ་མོ་ཡིན། ད་དེ་རིང་ངས་ངལ་གསོའི་དུས་ཚོད་བེད་སྤྱོད་དེ་མ་འོངས་པའི་སྲིད་སྐྱོང་དང་སྤྱི་འཐུས་ལང་ཕྱོགས་སྐོར་ལ་བསམ་འཆར་ཆུང་ཆུང་ཞིག་ཞུ་དགོས་བསམ་སོང་། བསམ་འཆར་ཞུ་ཡུལ་དེ་བོད་རིགས་སྤུན་ཟླ་རྣམས་ཡིན། དེ་སྔོན་ང་ཚོས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་འཛམ་བུ་གླིང་གང་སར་བཞུགས་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཚ་ཚ་འུར་འུར་ངང་འོས་བསྡུའི་ནང་མཉམ་བཞུགས་གནང་བའི་དགེ་མཚན་དེ་ང་རང་གིས་ཧ་ཅང་གསལ་པོའི་སྒོ་ནས་མཐོང་སོང་། ཡིན་ཡང་བློ་ཕམ་པ་ཞིག་ལ་དེའི་མཇུག་ཏུ་གང་ཟག་ལ་སྐྱོན་བརྗོད་གཙོ་བཟུང་ཆག ཕྱོགས་རིས་དཔུང་རྟོགས་བསྒྲིགས་རས་བྱས་ནས་ཕྱོགས་རིས་འཐེན་འཁྱེར་ཡང་བྱུང་ཡོད་པར་ངོས་འཛིན་ཡོད།
ད་མ་འོངས་པར་ང་ཚོ་བོད་རིགས་སྤུན་ཟླ་རྣམས་ཀྱིས་ག་རེ་བྱ་དགོས་འདུག་ཟེར་ན། མ་འོངས་པའི་སྲིད་སྐྱོང་དང་སྤྱི་འཐུས་ལང་ཕྱོགས་སྐོར་གང་ཟག་སྐྱོན་བརྗོད་གཙོར་བཟུང་མིན་པར་འོས་མི་ཚོས་བཏོན་བཞག་པའི་ལས་འཆར་ལ་དཔྱད་བསྡུར་གནང་རོགས་བྱོས། ཐུགས་རྗེ་གཟིགས། ཟེར་ནས་ཞུ་རྒྱུ་ཡིན། དེ་ཞུ་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། གང་ཟག་ལ་སྐྱོན་བརྗོད་བྱས་པ་དེས་ང་ཚོའི་བོད་མི་རིགས་འདིའི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ལ་གནོད་སྐྱོན་ཤུགས་ཆེན་པོ་བཏང་སོང་བསམ་པའི་ང་རང་ལ་སེམས་ཕམ་དང་ཡིད་མུག་མང་པོ་བྱུང་སོང་།
ད་མ་འོངས་པར་ག་རེ་གནང་དགོས་རེད་ཟེར་ན། ང་ཚོས་གང་ཟག་དེས་བཏོན་བཞག་པའི་ལས་འཆར་ལ་དཔྱད་བསྡུར་བྱ་རྒྱུ་དེ་རེད། ལས་འཆར་ལ་དཔྱད་བསྡུར་བྱས་ན། ང་ཚོས་བཤད་པ་ལྟར་གང་ཟག་ལ་མི་སྟོན་ཆོས་ལ་སྟོན་ཟེར་གྱི་མི་འདུག་གམ། གང་ཟག་དེའི་རྒྱབ་ལྗོངས་སུ་རེད་འདུག སྔ་རིགས་དམ་ཉམས་ག་རེ་བྱས་འདུག་ཟེར་ནས་ཡ་བསྔོགས་མ་བསྔོགས་བྱས་བསྡད་པ་ཡིན་ན་ཡག་པོ་རྩ་བ་ནས་ཡོད་མ་རེད། གང་ཡིན་ཟེར་ན། སྐྱོན་ཆེ་ཆུང་ཙམ་མ་གཏོགས། ཕལ་པའི་མི་ཚང་མ་སྐྱོན་མེད་མཁན་ཡོད་མ་རེད། དེ་ནས་སྐྱོན་དེ་ཡར་བརྔོགས་ནས་ཕར་རེད་ཚུར་རེད་ཟེར་བ་དང་། དཔེར་བཞག་ན་སྐྱག་དོང་བསྔོགས་ནས་བསྔོག་རས་བྱེད་སྡོད་པ་ཡིན་ན་བཙོག་པ་ལ་དྲི་ངན་ཁ་རྒྱུ་མ་གཏོགས་ཡོད་མ་རེད། (གང་ཟག་སྐྱོན་བརྗོད་གཙོར་བཟུང་དེས།) ང་ཚོ་བོད་མི་དཀྱུས་མ་རྣམས་ཀྱི་སེམས་ལ་དཔེ་འདྲ་གནོད་ཀྱི་འདུག་ག
ད་མ་འོངས་པར་འོས་ཆོས་ཚང་པའི་བོད་རིགས་ནང་སྐྱ་སེར་ཕོ་མོ་རྒན་གཞོན་སུ་འདྲ་ཞིག་སྲིད་སྐྱོང་ལ་ལང་པ་ཡིན་ན། ང་ཚོ་མི་མང་ངོས་ནས་(དེའི་ཐད།)འཁྲུག་གཞི་འདྲ་ག་རེ་ལ་ཐེབས་ཀྱི་ཡོད་རེད་ཟེར་ན། ཁོ་ལ་ཕྱོགས་རོགས་དཔུང་རྟོགས་མང་པོ་འདུག མོ་ལ་ངོ་ཤེས་ཁ་རྩེད་མང་པོ་འདུག་ཟེར་ནས་དེ་འདྲ་(ཡི་གནས་སྟངས།) ལ་ལྟ་རྒྱུ་རྩ་བ་ནས་ཡོད་མ་རེད། འོ་ན་ག་རེ་ལ་ལྟ་དགོས་རེད་ཟེར་ན། (སྲིད་སྐྱོང་དང་སྤྱི་འཐུས་གང་རུང་ལ་གོ)འོས་མི་དེས་བཏོན་བཞག་པའི་ལས་འཆར་ལ་དཔྱད་བསྡུར་བྱ་དགོས་རེད། (མ་འོངས་པའི་)ལས་འཆར་ལ་དཔྱད་བསྡུར་བྱེད་པ་ཡིན་ན། དཔེར་ན། བཀྲ་ཤིས་ཀྱི་ལས་འཆར་འདི་འདྲ་ཞིག་བཏོན་འདུག སྒྲོལ་མའི་ལས་འཆར་དེ་འདྲ་ཞིག་བཏོན་ཡོད་པ་རེད། (ང་ཚོས་འོས་མི།)དེ་གཉིས་ཀྱི་ལས་འཆར་ལ་དཔྱད་བསྡུར་བྱེད་དུས་(ག་གེ་མོའི་) ལས་འཆར་དེའི་ནང་དོན་དེས་ང་ཚོའི་བོད་མི་རིགས་འདིའི་འཕྲལ་ཕུག་རྒྱང་གསུམ་ལ་ཕན་ཆེ་ས་འདུག་ཟེར་ནས་(ཡོང་གི་རེད། ) དེ་ནས་བཟུང་ང་ཚོས་གང་ཟག་སྐྱོན་བརྗོད་གཙོ་བཟུང་མིན་པར་མ་འོངས་པར་མི་དམངས་ཀྱི་(འོས་བསྡུའི་བསམ་བློ་དང་གདམ་ཁའི་) ཁ་ཕྱོགས་དེའང་གསལ་དུ་དང་དྭངས་སུ་འགྲོ་གི་རེད།
མ་འོངས་པའི་འོས་བསྡུ་ཆེན་པོའི་སྐབས་སུ་མི་དམངས་ཀྱི་ངོས་ནས་ངེས་པར་དུ་འོས་མིས་བཏོན་བཞག་པའི་ལས་འཆར་ལ་དཔྱད་བསྡུར་(གནང་དགོས་ཀྱི་རེད། ) ( དེ་མིན་) འོས་མི་ཚོ་ལའང་(དེའི་སྐོར་གྱི་) འོས་འགན་ཡོད་པ་རེད། སྔོན་མར་ཡིན་ན། གསར་འགོད་པས་(འོས་མིར)བཅར་འདྲི་བྱེད་སྐབས་སུ་ཡིག་ངག་གཉིས་ཐོག་ནས་(འོས་མི་ཚོའི་) མ་འོངས་པར་ལོ་ལྔའི་ནང་ལས་འཆར་ག་རེ་གནང་རྩིས་ཡིན། ལོ་བཅུའི་ལས་འཆར་ག་རེ་ཡིན་ཞེས་དྲིས་པ་དེའང་ཐབས་ལམ་ཡག་པོ་ཞིག་མཐོང་སོང་། གང་ཡིན་ཟེར་ན། དེ་འདྲས་མི་མང་གི་ངོས་ནས་མ་འོངས་པར་འོས་མི་(དེ་འདྲ་ཚོར་) གདིང་འཇོག་བཞག་བྱའི་རྒྱུ་ཆ་ཡིག་ངག་གཉིས་ཐོག་ནས་ང་ཚོའི་ལག་པར་རག་ཡོད་པ་རེད། དེ་མིན་པར་མ་འོངས་པའི་འོས་མི་ཚོར་མཚོན་ནའང་དེའི་ཐོག་ནས་བསླབ་བྱ་སློབ་གསོ་ལེན་སའི་རྒྱུ་ཆ་ཡག་པོ་ཞིག་ལག་ཏུ་ཉར་ཡོད་པ་རེད།
དེ་མིན་ད་ཆ་ང་ཚོའི་མི་མང་པོས་རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོན་པོ་རེད། བོད་དོན་ཛ་དྲག་རེད་ཟེར་ནས་མ་ཎི་བགྲང་བགྲང་རེད། དེ་ནས་ང་ཚོས་ད་དུང་ཡང་མུ་མཐུད་ནས་གང་ཟག་སྐྱོན་བརྗོད་གཙོ་བཟུང་གིས་( ཟང་ཟིང་ལང་ལོང་ལྟ་བུར་བསྒྱུར་ནས་) དུས་ཚོད་འཕྲོག་བརླགས་གཏོང་སྡོད་ན་དེ་ནི་ངོ་མ་(མི་འོས་པ་ཞིག་རེད།)
ད་མ་འོངས་པར་ཚང་མས་ཐུགས་རྗེ་གཟིགས། ང་ཚོས་འོས་མི་ཚོའི་འོས་ཆོས་སུ་( ཆ་རྐྱེན་ཆེ་ཤོས་དེ་ནི། ) འོས་མི་དེས་མ་འོངས་པའི་ལས་འཆར་ལ་(ཕན་ཚུན)དཔྱད་བསྡུར་བྱ་དགོས་རྒྱུ་དེ་རེད།
བཀྲིས་བདེ་ལེགས།
དགོང་འཆར་ཡག་པོ་འདུག་ལ་དགོང་འཆར་གསུང་པ་ལ་ཐུགས་རྗེ་ཆེ་འོས་མི་སོ་སོའི་ལས་འཆར་གང་ཡོད་པ་དེ་ལག་ལྟར་ཐུབ་པ་ལ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ངོས་ལེན་ནམ་བཀའ་འཁྲོལ་ཐོབ་དགོས་པ་ལས་སྲིད་སྤྱི་གང་ཟག་སྒེར་གྱི་ལས་འཆར་སྤེལ་སའི་རྒྱུད་ལམ་ཟུར་དུ་བཅའ་སྒྲིག་ནང་ཨ་ཡོོད་ན་གལ་ཆེ་ཤོས་དེ་བཅའ་སྒྲིག་ལ་འགན་འཁུར་ཐུབ་མཁན་གྱི་མི་སྣ་སྲིད་སྤྱིར་སླེབས་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་མ་རེད་དམ།
ཡང་མི་མང་མགོ་སྐོར་གཏོང་རྩིས་གནང་གི་ཨ་རོགས་བུ་མོས། སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱིས་འོས་ལངས་སྐབས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན། བཙན་བྱོལ་ནས་ཆེད་ལས་པ་ཁྲི་གཅིག་དང་བོད་ནས་རིགས་གཅིག་རྐང་འཛིན་པ་འབུམ་གཅིག་བཏོན་གི་ཡིན་ཟེར་ནས་མི་མང་ལ་མགོ་སྐོར་བཏང་མ་སོང་ངམ། ད་ལྟ་ཆེད་ལས་པ་བཏོན་རྒྱུ་ཕར་བཞག་ད་ལྟ་བཙན་བྱོལ་ནང་སློབ་གྲྭ་ག་ཚད་སྒོ་བརྒྱབ་དགོས་བྱུང་འདུག བུ་མོ་ལགས་སྤྱི་ཟུར་ཞིག་གི་མིང་ཡོད་པའི་ཆ་ནས་གཡོ་གཏམ་དེ་འདྲ་བཤད་མ་ཡོང་། གཙོ་བོ་དེ་གང་ཟག་དེའི་འདས་པའི་ལོ་རྒྱུས་དང་མི་གཤིས་ལ་བལྟ་དགོས་པ་རེད། དེ་མིན་སྒྲོལ་མ་རྒྱ་རི་ལྟ་བུས་ཧམ་བཤད་དང་ལྷ་སྒྲུང་མང་པོ་བཤད་ནས་མི་མང་ལ་མགོ་བསྐོར་གྱི་རེད་དོ།།
རྒྱ་རི་སྒྲོལ་མས་ཁྱེད་ལ་ཧམ་བཤད་དང་མགོ་བསྐོར་ཅི་ཞིག་བཏང་སོང་ ཁ་ཡང་ན་གོ་བདེ་ ལམ་ཡང་འགྲོ་བདེ་ གསལ་པོ་ཞིག་བཤད་རོག་ དེ་མིན་གཅིག་བཤད་རྒྱུ་ཡོད་མདོག་མདོག་གི་བཞག་ན་ཡག་པོ་མ་ཐོང།
བོད་ཁམས་སྡེ་དགེ་ལགས།
རྒྱ་རིའི་བྱས་ཉེས་སྐོར་ཤེས་འདོད་ན། སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་ལོ་རྒྱུས་ཀྱི་དེབ་ཕྲེང་རྣམས་ལ་ལྟོས་དང་གསལ་པོ་འོང་།། སྐུ་ངོ་འཇུ་ཆེན་གྱིས་གསུངས་པ་ལས་ལྷག་རྒྱ་རིའི་སྐོར་སུ་གཅིག་གིས་ཤེས་ཀྱི་མ་རེད། དེབ་དེ་བལྟས་རྗེས་རྒྱ་རི་སྒྲོལ་མ་སྲིད་སྐྱོང་དུ་འོས་སམ་མི་འོས་ཤེས་འོང་།།
འདས་པའི་སྲིད་སྐྱོང་འོས་མིར། །
ངས་འཇོན་ངས་བྱེད་ཧམ་བཤད། །
མ་འོངས་སྲིད་སྐྱོང་འོས་མིར། །
ང་མིན་ཁོ་མིན་ཟེར་ལོ། །
་
འཇོན་མཁན་ཁ་ཁར་སྡོད་བགྱིད། །
མི་ངན་འཇོན་མདོག་ཤོད་བགྱིད། །
བར་ནས་བོང་བུ་སྟག་རྫུས། །
སྲི་སྐྱོང་ཁྲི་ལ་འཛེགས་སྲིད། །
་
ད་ལྟ་སྐྱ་སེར་ནང་ལ། །
སྲིད་སྐྱོང་འོས་མཁན་མི་མཐོང་། །
མ་འོངས་འོས་བསྡུའི་སྐབས་ལ། །
ང་འབྱོན་ང་འཛིགས་འོངས་ངེས། །
་
འོས་བསྡུ་བྲལ་བ་མི་འདུག །
ཆབ་སྲིད་སྦྱོང་བརྡར་གཟབ་དགོས། །
སྲིད་སྐྱོང་སུ་ཡང་བསླེབསསྲིད། །
དེ་དུས་མཐུན་ཁ་སྒྲིག་ཤོག །
འོས་མི་ཚོས་བཤད་པ་ལ་ལྟ་ཡ་མི་འདུག བོད་རང་བཙན་ཡང་ལེན་གི་ཡིན་ཟེར་མཁན་ཡོད་སྲིད། བོད་སྤྱིའི་ལས་དོན་ལ་ཉམས་མྱོང་དང་བོད་སྤྱི་ལ་ཕན་སེམས་ཡོད་མཁན་ཟིག་ངེས་པར་དུ་དགོས།
གངས་ལྷ་མོས་དགོངས་འཆར་བྲིས་གནང་བ་ཡག་པོ་འདུག།
ཡིན་ཡང་སྲིད་སྐྱོང་ཆེད་སུ་ལངས་ལ། གསར་འགོད་པས་དྲི་བ་ཚ་གསལ་བཏང་དགོས་པ།
དཔེར་ན་ལོ་ ལྔའི་ནང་དང་ལོ་བཅུའི་ནང་བྱེད་འཆར་འདི་དང་འདི་ཡོད་སྐོར་མང་ཚོགས་ལ་
བཤད་དགོས་སྐོར་ལ་མོས་མཐུན་མེད།
དཔེར་ན་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཟེར་བ་ལྟ་བུ། སྔོན་དུ་བྱུང་བ་རེད།
བྱེད་མི་ཐུབ་པ་ཞིག་ལ་འོས་ཐོབ་ཆེད་ཧམ་བཤད་རིགས་བཤད་དེ་མི་མང་མགོ་སྐོར་རྒྱུ་མི་འདུག།
ང་སྲིད་སྐྱོང་ལ་འོས་ཐོབ་ན་ངས་བོད་རང་བཙན་ལེན་གྱི་ཡིན།
རྒྱ་གར་ནང་ཡོད་པའི་གཞིས་ཆགས་ཁག་སྔར་ལས་ལྷག་པ་བསོད་ནམ་ཞིང་ལས་ཡར་རྒྱས་
གཏོང་གི་ཡིན་ཟེར་བ། ཞིང་ལས་བྱེད་མཁན་ཡོད་པ་མ་རེད།
སློབ་གྲའི་ནང་སློབ་ཕྲུག་མང་པོ་སློབ་འཇུག་བྱེད་ཀྱི་ཡིན་། དགོན་པ་གྲ་ཚང་ནང་ལ་གྲ་བཙུན་མང་པོ་
སློབ་འཇུག་བྱེད་ཀྱི་ཡིན་ཟེར་བ། ཕྲུ་གུ་གསར་སྐྱེས་མེད་པར་སློབ་འཇུག་གང་བྱེད།
དཔེར་ན། ཨ་རིའི་ད་ཡོད་སྲིད་འཛིན་གྱི་། ཨ་རི་དང་མེག་སི་ཀོ་་ས་མཚམས་ལ་རྒྱང་བརྩིག་རྒྱག་གི་
ཡིན་ཟེར་ནས་་་མཐའ་མ་གྲོས་ཚོགས་ནས་མ་དངུལ་བཀའ་འཁྲོལ་མ་ཐོབ་པའི་དཀའ་ངལ་ལྟ་བུ་རེད།
དངུལ་ཁུག་ནང་ལ་མ་དངུལ་མེད་པར་སྒོར་མོ་འབུམ་མང་པོས་ཚོང་རྒྱག་གི་ཡིན་ཟེར་ན་ཧམ་ཆེན་རེད།
གང་ལྟར་ཡང་ ༢༠༢༡ ལོའི་སྲིད་སྐྱོང་བུད་མེད་གཅིག་ངེས་པར་དགོས་པས། བཀའ་ཟུར་རྒྱ་རི་
སྒྲོལ་མ་འདེམས་དགོས་རྒྱུའི་ཐུགས་བསམ་བཞེས་དགོས་པ་ཡིན།
ལྷ་པར་དུ། བུད་མེད་ཚོ་ཤུགས་རྒྱག་དགོས་པ་ཡིན། ཕོ་མོ་དབྱེ་མེད་དགོས་ན་ད་ལེན་གོ་སྐབས་དེ་ལེན་དགོས།
ད་མིན་སྤྱི་ཚོགས་ནང་བུད་མེད་ལ་ཐོབ་ཐང་དགོས་ཟེར་ནས་སྐད་སྟོང་ག་ཚོད་རྒྱབ་ཀྱང་དོན་མེད་རེད།
ལགས་སོ་ལྷག་པ་ལགས། ང་ཡི་དྲི་བ་དེ་སྐུ་ཉིད་ལ་ཐད་ཀར་མ་དྲིས་ཀྱང་གསལ་བཤད་གནང་བ་ལ་བཀྲིན་ཆེ་ཞུ། སྐུ་ངོ་འཇུ་ཆེ་གྱི་ལོ་རྒྱུས་རྒྱང་རིང་ཞིག་ནས་གོ་ཐོས་ཙམ་ལས་ད་དུང་དངོས་མཇལ་མ་བྱུང་། མ་གཞི་ལོ་རྒྱུས་དེ་ལ་གླེང་གཞི་ཆེ་རབས་འདུག་ན་འང་ རྒྱ་རི་སྒྲོལ་མའི་བསྐོར་དེ་ཚད་མ་འཛིན་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ལགས།།
འཇུ་ཆེན་ཐུབ་བརྟན་གྱི་བརྩམས་དེབ་ནང་ག་རེ་འཁོད་ཀྱང་་་དེའི་སྐབདས་དེའི་དུས་ཀྱི་སྐད་ཆ་རེད།
རང་ཉིད་མི་དགའ་བའི་སྐོར་ཡོད་ན་དེ་སྒེརང་གྱི་གནས་ཚུལ་རེད།
སྤྱི་དང་སྒེར་གཉིས་ཁག་ཁ་སོ་སོ་རེད། རང་དང་གཞན་གཉིས་ཁག་ཁ་སོ་སོ་རེད།
སྤྱི་སྒེར་མཉམ་དུ་འདྲེས་ལྷད་མེད་པ་དགོས། རང་གཞན་གཉིས་པོ་སྤྱི་དོན་འདྲེས་མེད་གྱིས།
མི་དམངས་མགོ་དཔོན་ནི་ ལས་འགན་དང་འགན་དཀྲི་གཉིས་ཀ་ཉེས་པར་དུ་ཚང་བ་ཞིག་དགོས་་ དེ་ཡང་མི་མངས་ནས་རང་ལ་སྤྲད་པའི་ལས་འགན་ཕྱི་གཟུགས་ཀུན་རྫོབ་ཁོ་ནེའི་ཆེད་དུ་མ་ཡིན་པར་དངོས་ཐོགས་བདེན་ཚོལ་དམིག་འབན་འབྲས་བཟང་མཐོན་པའི་ཤེས་འབྱོནགཉིས་ལྡན་གྱི་རང་གི་མི་མངས་ཀྱི་ཡིད་ཆེད་ཕེལ་བ་ཞིག་ནི་གཞི་ཙེའི་ཆ་རྐྱན་རེད་མཉམ་ ་་འགན་ཀྲི་ནི་རང་སྲོགས་བླུས་གཏོང་བྱེད་དགོས་ཀྱང་མི་མངས་དང་བཅའ་ཁྲིམས་ཀྱི་དོན་དུ་བླུས་གཏོང་ཕོད་པ་ཞིགས་ལས་དཔོན་གནས་ཀྱི་ཞབས་ཀྱག་ལ་ཤི་ཐམས་རོ་ཐམས་བྱེད་པའི་དཔོན་ངན་རིང་ལུགས་ཀྱི་ཆ་ཡོང་སུ་དོར་པ་ཞིགས་དགོས་པ་ནི་དུས་རབས་ལ་ཁ་ཕྱོག་པ་དང་འདས་པའི་བླབ་བྱ་ནན་པོ་ང་ཚོར་ཐོབ་གསོང་
ད་ལྟའི་བཀའ་ཤག་འདིས་འཐུས་ཤོར་དང་། ཕྱོགས་འཐེན། དྲང་ཚུགས་མ་ཡིན་པའི་ཕྱག་ལས་གནང་སྟངས་ལས་ཉམས་མྱོང་བླངས་སྟེ་མ་འོངས་པའི་སྲིད་སྤྱི་གཉིས་འདེམས་རྒྱུ་གལ་ཆེ་ལ། མི་མང་ཕལ་མོ་ཆེ་ཕལ་ཆེར་གཉིད་སད་ཡོད་རྒྱུ་རེད་བསམ། གྲ་ས་དང་དགོན་པའི་སེར་མོ་བ་རིགས་ཉུང་ཤས་མ་གཏོགས།
འདས་པའི་གྱོང་གུན་ལས་ཁེ་བཟང་ཞིག་ལེན་རྒྱུ་ཡོད་པ་ནི་ཉམས་མྱོང་རེད། ཉམས་མྱོང་ཙམ་ཡང་ལེན་མ་ཤེས་ན་དེ་ནི་སྡུག་གྱོང་ཟེར་བ་དེ་རེད། འོན་ཀྱང་རང་རེའི་ཁྲོད་ན་ཞེན་ཁོག་སྐམ་པོས་གྱོང་ཟིན་པའི་རྭ་ཅོ་ལྟུ་བུ་མང་པོ་འདུག་པ་དེ་དག་ཆུ་ལ་སྦང་དང་མ་སྦང་ཁྱད་པར་གང་ཡང་མེད། གང་ལྟར་ཆུང་ངུའི་དོན་ལ་ཆེན་པོ་བློས་གཏོང་། ཆུང་ངུ་ཆེན་པོ་ལ་བརྟེན་ནས་གནས་ཡོད་པ་ཙམ་ཡང་མ་ཤེས་པར་མཐར་མི་མེད་རང་མེད་བྱེད་རྒྱུ་ཁོ་ན་རེད། འདི་མི་རིགས་འདིའི་ལན་ཆགས་ཡིན་པ་འདྲ།
བོད་ཁམས་སྡེ་དགེ་ལགས།
ང་ལ་ནམ་རྒྱུན་མ་དྲིས་ཀྱང་ཅུང་འབྲེལ་བ་ཡོད་ན། ལན་འདེབས་བྱེད་ཀྱི་ཡོད། ཁྱེད་ཀྱིས་སྐུ་ངོ་འཇུ་ཆེན་གྱི་ལོ་རྒྱུས་དེབ་ཐེར་ལན་གཅིག་གཟིགས་དང་། གནས་ཚུལ་མང་པོ་ཞིག་ཁ་གསལ་དུ་འགྲོ་ངེས། སྐུ་ངོའི་ལོ་རྒྱུས་སུ་འཁོད་པའི་རྒྱ་རི་ཚང་གི་སྐོར་དེར་ཐེངས་དང་པོ་གུས་པ་ཡིད་ཆེས་མ་བྱུང་། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་དངུལ་བཟས་པའི་སྐབས་དེར། ཨ་་་་་ཨ་་་་་་ཨ་་་། སྐུ་ངོ་འཇུ་ཆེན་ཐུགས་བདེན། གསུང་བདེན། ཁྱོད་གཤེགས་པ་སྔ་སོང་། རྒྱ་རི་པདྨ་རྒྱལ་པོ་ཡང་དེ་འདྲ་ཡིན་པཱ། རྒྱ་རི་ཚང་བརྒྱུད་པ་དང་བཅས་པར་བློ་གཏད་བཅོལ་རྒྱུ་མེད་པ་ངེས་གཏན་རེད་ཨཱ་བསམས་བྱུང་། སྐུ་ངོ་ལོ་རྒྱུས་ནང་རྒྱ་རིའི་ཕ་རྒན་ཉི་མ་རྒྱལ་པོ་ནས་ཆ་ཚང་གསུངས་འདུག
བུད་མེད་ནུས་སྟོབས་ཆེད་ཡིན་ཅིག་མིན་གཉིས་བུད་མེད་སྲིད་སྐྱོང་དགོས་པ་ཁྱབ་ཀྱི་མེད། སྲིད་སྐྱོང་འོས་མིར་མི་དྲང་པོ་ལུང་གཞན་ཕྱོགས་རིས་མེད་པ་ཞིག་ངེས་པར་དགོས།
སྲིད་སྐྱོང་འོས་མིར་ཡིན་ཅིག་མིན་གཉིས་ཤེས་ཡོན་ཆེན་པོ་འབུམ་རམས་པ་ཡིན་པ་དགོས་མེད། སྲིད་སྐྱོང་བློ་སེང་འབུམ་རམས་པ་ཡིན་ཡང་ག་རེ་གནང་སོང་ངམ་ང་ཚོས་ཤེས་སོང་བ། ཁོའི་སྐབས་བཙན་བྱོལ་ནང་བྱུང་མ་མྱོང་བའི་རྙོགས་གླེང་ག་འདྲ་བྱུང་སོང་ངམ་ང་ཚོས་ཤེས་སོང་བ། ད་མི་མང་ཚོ་ཟབ་ཟབ་གནང་དགོས།
དེ་བཞིན་ཆོས་ལུགས་སྤྱི་འཐུས་ཀྱང་དགོས་མིན་འདུག རྒྱལ་ཁབ་མང་པོའི་ནང་དེ་འདྲ་མི་འདུག ༼དཔེར་ན་འབྲུག་ཆོས་ལྡན་ཞིང་ཁམས་ནང་གཟིགས་དང་།༽ ཆོས་རིགས་ལས་ཁུངས་ཡོད་རེད་པ། དེ་རྙོགས་དྲའི་རྒྱུ་ཞིག་རེད་འདུག་པ་མ་ཟད། མི་སྐྱའི་ནང་དགེ་འདུན་པར་ཡིད་ཆེས་དང་དད་གུས་མེད་པ་ཆགས་འགྲོ་ཉན་འདུག
བཀྲ་ཤིས་ལགས། ཁྱེད་ཀྱིས་གསུངས་པ་ཚང་མ་བདེན། ཆོས་ལུགས་སྤྱི་འཐུས་དང་པོ་བཟོས་པའི་སྐབས་སུ་མི་མང་གི་བློ་དང་འཚམས་པོ་ཡོད་ཀྱི་རེད། ད་ཆ་དེ་ཚོར་བསམས་བློ་གཏོང་སྐབས་འཇིག་རྟེན་སྤངས་ནས་ཆོས་ལ་ཞུགས། ཡང་བསྐྱར་འཇིག་རྟེན་པའི་སྲིད་ལ་ཇུས་ཏོག་བྱས། སྐྱ་བོ་བཞིན་ལས་དོན་ཐབས་མཁས་ཀྱིས་སྒྲུབ་པའི་ལུགས་མི་ཤེས། སྐྱ་བོ་ལས་ཀྱང་སྤྱོད་ངན་འཁྲབ་སྟངས་དེ་ཚོར་མི་ཚོ་ཧ་ལས་ཧོན་འཐོར། སྟོན་པའི་ཞབས་འདྲེན་ངས་མ་ཞུས་ན། སུས་ཞུ་ཟེར་བ་ལྟ་བུའི་སྤྱོད་ངན་ལ་ལྟོས་དང་། མ་གཞི་དེ་ཚོ་རང་ཉིད་ཀྱི་འཚོ་གནས་ཆེད་གྲྭ་ཆས་གྱོན་པ་ལས་གྲྭ་པ་ཡིན་གྱི་མ་རེད། མི་མང་ཚོ་ལས་མ་དག་པ་རེད། ལྟས་ངན་དེ་དག་རྐུབ་སྟེབས་སྟེང་བཞག་དགོས་པ།
༑ གངས་ལྷ་མོ་ལགས་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་དམིགས་ཁག་གི་སྐྱོན་ལས་ལས་འཆར་ལ་བལྟ་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག དེ་བཞིན་ལས་འཆར་སྐོར་ལ་བསམ་ཚུལ་དང་གསལ་བཤད་མང་པོ་གནང་མཁན་འདུག ང་རང་གི་འོས་དམིགས་དང་ལས་འཆར་གཉིས་ཀར་བལྟ་དགོས་པ་ཞུ་ཡི་ཡོད། མི་ཁ་བདེ་པོའི་དམིགས་གསལ་ལས་འཆར་དང་དེ་ལ་འབྲེལ་བཤད་འཇུག་པོ་རྒྱབ་ཐུབ། དཔེ་ན། ངས་བོད་མི་ནང་ཁུལ་མཐུན་ལམ་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་བཟོ་གི་ཡིན་ཟེར་ན། དེ་ལས་འཆར་ཆེ་གྲས་ཤིག་ཡིན་ལ་འགྲེལ་བཤད་ཀྱང་མ་རེད་ཟེར་རྒྱུ་དཀའ་བ་མ་ཟད་འོས་དམིགས་གཞན་ལས་ཀྱང་ཆེར་ཟབ་པ་དང་འཇུག་པ་ཞིག་རྒྱབ་ཡོང། དངོས་སུ་ལས་དོན་དེ་ཇི་ལྟར་ཡོང་མིན་གྱི་དབྱེ་ཞིབ་དེ་ཡང་ན་སྐྱེ་བོ་དེ་ལས་འགན་ལ་བཀོད་ནས་མྱོང་དགོས་ཀྱང་དེ་དུས་འགྱོད་པ་ཡང་སྐྱེས་སྲིད། དབྱེ་ཞིབ་གཉིས་པ་དེ་མི་དེའི་དེ་སྔའི་སྤྱི་སྒེར་གཉིས་ཀྱི་རྣམ་མཐར་ལ་ཉམས་ཞིབ་ཞུ་རྒྱུ་དེ་ཡིན། དེ་ན་སྐྱོན་གནད་ཆེ་གྲས་རིག་མ་ཤེས་མཁན་གྱི་ཤེས་ཆེད་བརྩོད་རྒྱུ་དེ་ད་རེས་ཙམ་མིན་པར་ཕྱི་འབྱུང་ཡང་གཞན་ལ་ཟབ་དགོས་རྒྱུའི་བརྡ་མངགས་སུ་གལ་ཆེ་ཡིན། དྲང་དགོས།
དེ་བཞིན་དབྱེ་ཞིབ་ཐུབ་ན་སྐྱོན་སྟོན་པོ་དེ་ཡང་གཅད་གལ། རྒྱ་རི་དང་འཇུ་ཆེན་ལྟ་བུ་དེ་གྲས་མིན་ནམ།
བུད་མེད་ཞིག་སྲིད་སྐྱོང་དུ་བྱུང་ན་ལེགས་ཆ་ལས་སྐྱོན་ག་ནས་ཡོང། དུས་ལ་བབས་པ། ཪན་པ། འཚམས་པ། ཐུགས་དགོངས་སུ་ཡང་སྨིན་རེ་བཅས་སོ།།