ཁྱུང་པོ་གཡུང་དྲུང་རྣམ་རྒྱལ།
ད་ལྟའི་ཆར། བོད་ཀྱི་ཆབ་སྲིད་གནས་བབ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་། སྤྱི་ཚོགས་གནས་བབ་སྲ་བརྟན། ཕྱོགས་ཡོངས་ཀྱི་ཡར་རྒྱས་བཅས་གླེང་དགོས་ན། ༢༠༡༡ ལོ་ལ་ཕྱིར་ལོག་གིས་གླེང་དགོས་པ་ལས། དེ་ཚུན་ཆད་ཀྱི་ལོ་ངོ་བཅུ་ནི་འཐུས་ཤོར། ཉམས་རྒུད། འཐོར་ཤིག་བཅས་ཀྱི་ལོ་ངོ་བཅུ་ཆགས་ཡོད།
ང་ཚོས་ཁ་ནས་རྒྱལ་ཁ་དང་གྲུབ་འབྲས། སྤྱི་ཚོགས་ལྷིང་འཇགས་ཞེས་ག་ཚད་བཤད་ཀྱང་། ད་ནི་ ༢༠༢༡ ལོའི་འོས་བསྡུ་ལ་རེ་བ་བརྒྱབ་སྟེ། མདུན་སྐྱོད་གོམ་ཁ་དེ་ ༢༠༡༡ ལོར་ཕྱིར་ལོག་གིས་སྤོ་མགོ་འཛུགས་དགོས། གནས་སྟངས་ངོ་མ་ནི་འདི་རེད།
དེར་བརྟེན། ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་རྒྱལ་ཕམ་ཐག་གཅོད་ནི། སུ་ཞིག་གིས་ཟམ་གདོང་རིན་པོ་ཆེའི་ལོ་ངོ་བཅུ་ཡི་རྗེས་མཐུད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་མཁན་དེར་རྒྱལ་ཁ་ཐོབ་རྒྱུ་དང་། སུ་ཞིག་གིས་རང་ཉིད་ད་ལྟའི་སྲིད་སྐྱོང་གི་བྱ་བྱེད་ཀྱི་རྗེས་མཐུད་དུ་སྣེ་ཁྲིད་བྱེད་མཁན་དུ་སྒྲོག་པ་དེ་ཕམ་ཉེས་འགྲོ་རྒྱུ་རེད། ལོ་ངོ་བཅུའི་རིང་གི་འཐུས་ཤོར་དང་ཕམ་ཉེས་ཀྱིས་གོ་བརྡ་སྤྲད་པའི་བརྡ་ལན་གསལ་ཤོས་གཅིག་ནི་འདི་རེད།
བློ་བཟང་སེང་གེས་གང་དྲན་བྱུང་རྒྱལ་རང་སྣང་གང་དྲན་བྱས་ནས་སྤྱི་ཚོགས་ཟང་ཟིང་བཟོས་པ། ལས་ཐོག་བཀའ་བློན་རྒན་གྲས་ཡིན་པ་ནང་སྲིད་བཀའ་བློན་དང་ཆོས་རིག་བཀའ་བློན་གཉིས་ཀྱིས་ཁྲིམས་སྒྲིག་ལ་ལྟོས་མེད་ཀྱིས་བགྲེས་ཤག་བརྒྱབ་པ་དེས་ད་ལྟའི་བཀའ་ཤག་ལ་ཡིད་ཆེས་བརླག་བཅུག་ཡོད་པ་སོགས་བྱ་བྱེད་མང་པོ་ཞིག་གི་བབ་ལ་བརྟག་ན། སུ་ཞིག་གིས་ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གི་ལས་ཀ་བྱེད་སྟངས་ཀྱི་མཇུག་མཐུད་ཀྱི་ཡིན་ལབ་ན། དེ་ནི་རང་ཉིད་ཕམ་ཉེས་འགྲོ་བྱེད་ལྟ་བུ་ཆགས་ཡོད།
དེ་རིང་བར་དུ་སྲིད་སྐྱོང་ལ་ལངས་ཀྱི་ཡིན་གསུང་མཁན་ཡོངས་གྲགས་གསུམ་ཐོན་ཡོད། ཁོས་ཚོ་ཚང་མས་གོམ་པ་གསར་པ་ཞིག་རྒྱག་དགོས་པའི་ངོས་འཛིན་བྱས་ཡོད་པ་ལས། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གི་ལས་མཇུག་སྐྱོང་གི་ཡིན་ཟེར་ནས་ཚིག་སྣེ་ཙམ་ཡང་ཐོན་མེད། དེ་ཡང་དོན་ལ། ང་ཚོས་མ་འོངས་པ་དེ་གྲུབ་འབྲས་དང་ལྡན་པ་ཞིག་དང་། ཡིད་ཆེས་ཀྱིས་ཁེངས་པ་ཞིག མཐུན་སྒྲིལ་དང་ལྡན་པ་ཞིག་གཞི་ལ་བཞག་ནས་མདུན་སྐྱོད་བྱེད་དགོས་པ་དང་། དེ་ནི་ ༢༠༡༡ ལོར་མཐུད་ནས་མདུན་སྐྱོད་བྱེད་དགོས་ངེས་སུ་གླེང་གི་ཡོད་པ་ལྟ་བུ་རེད། འདི་ནི། དགའ་ཆེས་ནས་གླེང་གི་ཡོད་པ་དང་འཇོན་ཆེས་ནས་བཤད་ཀྱི་ཡོད་པ་དེ་འདྲ་མ་རེད། གནད་དོན། གནས་སྟངས། དགོས་མཁོ་བཅས་ཀྱིས་ ༢༠༡༡ ལ་མཐུད་བརྒྱབ་པ་ཞིག་རེད།
ད་དུང་འོས་བསྡུ་དངོས་གཞིའི་སྐབས་ལ། སྲིད་སྐྱོང་འོས་མི་ཚོས། “ངས་མང་ཚོགས་མགོ་སྐོར་ལ་དམིགས་པའི་གསར་འགོད་གསལ་བསྒྲགས་བྱ་གི་མིན།” “ངས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་མི་སྒེར་སུ་གང་དང་འབྲེལ་ལམ་དང་ཐུག་འཕྲད་བྱས་པ་ཚང་མ་བཀའ་ཤག་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲན་དེབ་ཏུ་གསལ་བ་ཞིག་བྱེད་ཀི་ཡིན། གར་སོང་དྲིས་ན་འདིར་སོང་དང་། གང་བྱས་དྲིས་ན་འདི་བྱས་ཟེར་བ་ཞིག་གཞུང་གི་དྲན་པར་གསལ་བ་བྱེད་ཀི་ཡིན།” ཞེས་སོགས་འགྲན་གླེང་བྱེད་ཀི་རེད།
ད་དུང་དེ་ལས་ཀྱང་ཉེ་ས་ནས་བཤད་ན། འགྲོ་གྲོན་ཕངས་མེད་བཏང་ཞིང་ས་བསྒྲགས་གནམ་བསྒྲགས་བྱས་ནས་འཚོགས་པའི་དམིགས་བསལ་ཚོགས་ཆེན་ལ་དམིགས་བསལ་གྱིས་འབོད་འགུགས་བྱས་པའི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེལ་རིལ་ཚོས། བཀའ་ཤག་གིོས་རྩ་ཆེ་ཆེར་གླེང་དང་གླེང་བཞིན་པའི་ལྔ་དང་ལྔ་བཅུ་ཟེར་བ་དེ་གླེང་རིན་ལྡན་པ་ཞིག་ཏུའང་མ་རྩིས་པར་ཕམ་ཉེས་བཏང་བ་དེ་ནི། ཉེ་བའི་ལོ་ངོ་བཅུ་དེ་གྲུབ་འབྲས་མེད་པའི་ལོ་ངོ་བཅུར་ངོས་འཛིན་བྱས་པ་ལྟ་བུ་ཆགས་ཡོད། ལྔ་དང་ལྔ་བཅུ་ལ་རིན་ཐང་གང་ཡང་མ་མཐོང་བའི་ཕན་ན། ད་ལྟའི་བཀའ་ཤག་ལ་ཧ་ལམ་སྟོན་རྒྱུ་ངོམ་རྒྱུ་ཞིག་ལྷག་བཅུག་མེད། ལྔ་དང་ལྔ་བཅུ་ནི་ད་ལྟའི་བཀའ་ཤག་གིས་འགྲོ་སོང་ཆེ་ཤོས་དང་། ཚོགས་འཛོམས་མང་ཤོས་བྱས་པའི་འཆར་སྣང་ཞིག་ཡིན་པ་དེ། ད་ནི་འཆར་སྣང་གི་བར་སྣང་ནས་ཡལ་འགྲོ་རྒྱུ་ལས་མེད་པ་ཆགས་བཅུག་ཡོད།
གནས་སྟངས་འདི་འདྲ་མང་པོ་ཞིག་གུང་བསྒྲིགས་ནས་བལྟས་པ་ཡིན་ན། ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་རྒྱལ་ཁ་ཐོབ་དགོས་ན། ༢༠༡༡ ལོ་ལ་མཐུད་པའི་སྣེ་ཁྲིད་ཀྱི་ལས་འཆར་ཡོད་དགོས་པ་དང་། ཟམ་གདོང་རིན་པོ་ཆེར་མཐུད་ནས་མདུན་སྐྱོད་བྱས་ན་རེ་བ་ཡོད་པ་ལས། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གི་གནང་སྟངས་ཀྱི་རྗེས་མཐུད་ཀྱི་ཡིན་ལབ་ན། ཧ་ལམ་རེ་བ་འབྲས་མེད་ཆགས་རྒྱུ་རེད།
འགྱུར་བ་གནམ་ས་བླ་འོག་བརྗེས་པ་ལྟ་བུ་ཆགས་ནས་རེ་བ་ཆེན་པོ་ཡོད་པ་ཞིག་ཆགས་དགོས་ན། ད་ལྟའི་བཀའ་ཤག་གིས་རྫོགས་ལ་ཉེ་བའི་ལས་ཡུན་འདིའི་རིང་ལ། ལོ་ངོ་དགུའི་རིང་ལ་འཇོག་མ་ཐུབ་པའི་བྱས་རྗེས་ཧ་ལས་པ་ཞིག་འཇོག་ཐུབ་དགོས།
༄༅། གཡུང་དྲུང་རྣམ་རྒྱལ་ལགས་ནས་་་ད་ལྟའི་སྲིད་སྐྱོང་བཀའ་ཤག་གི་ལོ་དགུའི་ནང་བྱས་རྗེས་
གང་ཡང་བྱུང་མེད་ཟེར་བ་ནི་སེམས་ཡོད་ཤེེས་ལྡན་མཁས་པ་རྣམས་ཀྱི་ཁོ་པའི་
དབང་པོ་ལྔ་ལ་སྐྱོན་ཡོད་པའི་རྟགས་རེད་ངེས་པར་ཟེར་གྱི་རེད།
དེ་འདྲའི་ཧམ་བཤད་ནི་ཤེས་ཡོན་གང་ཡང་མེད་པ་བྱིས་པ་ལོ་ལྔའི་རྩེད་སྐད་དང་འདྲ་ལ།
རེད་མཇོན་ན་ཁྱོད་རང་སྲིད་སྐྱོང་ལ་ལང་དང་། དེ་མིན་ཁ་རྒྱག་པ་མ་བཤད་xxx
ལོ་ངོ་བཅུ་ནི་འཐུས་ཤོར། ཉམས་རྒུད། འཐོར་ཤིག་བཅས་ཀྱི་ལོ་ངོ་བཅུ་ཆགས་ཡོད། ཅེས་པ་ནི་སྡོམ་ཚིག་ངོ་མ་དེ་རེད། བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གྱོང་གུན་ཆེན་པོ་རེད། མ་འོངས་པར་ད་ལྟའི་སྲིོད་སྐྱོང་དང་བཀའ་བློན་འདི་ཚོ་མི་གསུམ་གྱི་གོང་དུ་བསྡད་མི་ཆོག་པ་ཞིག་ཆགས་རྒྱུ་ཡིན་པ་སྨོས་མེད་རེད།
འདྲ་པོ་འདྲ་པོ་ལྷ་སའི་ཁྲོམ་ན་ཡོད་ཟེར་བ་རེད། མ་རེད་ཟེར་རྒྱུ་མི་འདུག
ཁྱུང་པོ་གཡུང་དྲུང་རྣམ་རྒྱལ་ལགས་ཁྱེད་བདེན་ནོ། བདེན་ནོ།
བདེན་པ་བྲིས་འདུག
ཁྱུང་པོ་གཡུང་དྲུང་རྣམ་རྒྱལ་གྱི་སྲིད་སྐྱོང་འོས་བསྡུའི་རྒྱལ་ཕམ་གྱི་ལུང་བསྟན་ཟེར་བ་དེ་ཁོ་རང་གྱི་མོས་གཅད་དམ་ཁྱོག་བཤད་ཅིག་ཡིན་འདུག འོས་བསྡུའི་ནང་མང་མོས་ལས་སྤྱི་མོས་ཐོབ་པ་ཕལ་ཆེར་དཀོན། རང་རེ་བོད་པའི་འོས་བསྡུའང་དེ་ལྟར་ཡིན། དེ་ན་ད་ལྟའི་འཛིན་སྐྱོང་གི་ལོ་ལྔ་ཚན་དང་པོ་ནང་མི་མང་གི་འདོད་བློ་འཁེངས་པའི་ལས་དོན་ཞུས་སྟབས་ལོ་ལྔ་ཚན་གཉིས་པར་འོས་ཐོབ་པ་རེད། འདི་ནི་ །ཐམས་ཅད་མགུ་བ་དེ་ལ་ཉེ། ཞེས་པ་ལྟར་རེད་བསམ། སྐྱོན་རང་ལ་བལྟས་བསྡད་ན་ཟབ་དགོས། ཁྱེད་རེས་ཁྱེད་ལ་གང་བཤད་གྲབས་ཡོད་འགྲོ། ༢༠༢༡ འོས་བསྡུའི་སྐབས་རེ་བ་བཟང་ས་ནས་རྒྱབ་དགོས་སྟབས་ཚད་འཛིན་དཀའ། ད་ལྟའི་འཛིན་སྐྱོང་གི་གནས་ཚད་ལས་འགལ་རྒྱུ་ཡོང་མ་སྲིད་པ་མིན་ཀྱང་ལས་བསླ་པོ་རང་ཨེ་ཡོང་། བཤད་ཚོད་བགྱིས།།
བདེན་པ་བྲིས་འདུག། དར་ནག་ཚོགས་པའི་གདོང་རིས་ཨ་ན་མ་ན་རེད། ལས་ངན་པ་ཁྱོད་ཚོ་སྙིང་རྗེ། མི་རིགས་གི་ཕུང་རྒན་རང་རེད་་་
ད་སྐབས་ཀྱིསབཙན་བྱོལ་གཞུང་འདི་རྒྱ་དམར་གཞུང་ལས་སྡུག་པ་འདུག
ད་སྐབས་ཀྱིསབཙན་བྱོལ་གཞུང་འདི་རྒྱ་དམར་གཞུང་ལས་སྡུག་པ་འདུག ཅེས་བློ་བཟང་ཅན་ནས་གོང་དུ་བྲིས་འདུག བློ་བཟང་མ་རེད། བློ་བཤང་རེད། གཅིག་བྱས་ན་རྒྱ་མི་ཞིག་གིས་བོད་མིང་ཐོག་ནས་བྲིས་སྲིད། བོད་པ་ཡིན་ན་ཤིན་ཏུ་ནས་ཐད་པའི་སྐད་ཆ་རེད། འཛམ་གླིང་འདིའི་ནང་རྒྱ་གཞུང་ཧ་གོ་དོན་རྟོགས་ཀྱི་གང་ཟག་ཞིག་གི་ཁྱེད་ཀྱི་བརྗོད་པ་ནམ་ཡང་མཁས་མི་ལེན། ད་ལྟའི་བཙན་གཞུང་ནི་ས་ཕྱོགས་གང་དུ་ཕེབས་ཀྱང་ཡར་ཕེབས་བཀའ་ཞིག་གནང་དང་ཞུ་འདུག དེ་མིན་དཔེ་ཞིག་ཞུས་ན། ཁྱེད་ཀྱི་བཤང་སྐད་དེ་རྒྱ་ནག་ནང་རྒྱ་གཞུང་བརྗོད་ན་ཆུ་ཚོད་འགའ་ཤས་ནང་ཁྱེད་གར་སོང་མེད་པ་ཆག་ཡོད། ད་ལྟ་ཁྱེད་གནས་འདུག་ག འདིས་ཀྱང་སྐྱབས་བཅོལ་གཞུང་དང་མི་མང་ཁྱེད་ཀྱི་རེ་སྨོན་ཞུ་ཡུལ་ལས་ཡག་ག་ཡོད་པ་གྲུབ།
ཁྱེད་ཕུད་པའི་བོད་མི་ས་ཡ་དྲུག་ལ་རྒྱ་གཞུང་གིས་བཙན་གནོན་བསམ་ཡོད་ལས་འདས་པ་བཏང་ཡོད་པ་མ་ཚད་དུས་ད་ལྟའང་བོད་པ་ཅེས་མིང་ཙམ་ཡང་མེད་པ་བཟོ་རྒྱུའི་ལས་ལ་འབད་བཞིན་མིན་འདུག་གས། བོད་རྩམ་ཟན་པ་ཡིན་ན་བསླབ་མི་དགོས་ཤེས། བོད་ཡིག་ཤེས་པས་གོ་མ་མཆོད། ཞབས་འདྲེན།།