སྒྲོལ་དཀར་མཚོའི་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི།
ཕོ། བོད་རིགས། ༡༩༦༨ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་དུ་སྐྱེས།
༡༩༩༣ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་རོགས་དངུལ་བཏོན་ཏེ་ཟམ་པ་བཅུ་གྲངས་གསར་བསྐྲུན་བྱས་པ་མ་ཟད། མ་དངུལ་བཏང་ནས་ས་ཆ་དེ་གའི་ད་ཡོད་ཀྱི་སློབ་ཆུང་གཅིག་པུ་འདི་གསར་བསྐྲུན་བྱས།
༡༩༩༧ ལོར་བོད་སྐྱོར་ཐེབས་རྩ་ཚོགས་པར་ཞུགས། ལོ་དེ་གར་བོད་སྐྱོར་ཐེབས་རྩ་ཚོགས་པའི་ཀོང་ཏུང་དོན་གཅོད་ཁང་བཙུགས།
༡༩༩༨ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་ས་གནས་ཞིང་པ་མང་ཚོགས་ལ་རོགས་དངུལ་བཏོན་ནས་སྨན་ཁང་བཙུགས།
༡༩༩༨ ལོར་པེ་ཅིང་རིག་དངོས་ཅུས་ནས་གཙོ་གཉེར་བྱས་པའི ༼ ཤར་ཕྱོགས་རིག་དངོས་བསྡུ་ཉར་མཐུན་ཚོགས ༽ ཀྱི་ཚོགས་མིར་གྱུར།
༡༩༩༩ ལོར་ཀོང་ཏུང་དུ་ཆེས་ཐོག་མའི་བོད་སྨན་ཆེད་ཚོང་ཁང་བཙུགས།
༢༠༠༠ ལོར་འཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་རོགས་དངུལ་བཏོན་ནས་ས་གནས་ཞིང་པ་མང་ཚོགས་ལ་ཉི་ཐབ་ཉོ་སྤྲོད་བྱས་ནས་ནགས་ཚལ་གཅོད་འབྲེག་ཉུང་འཕྲི་ཡོང་ཐབས་བྱས། དེའི་རྗེས་ནས་རྒྱལ་ཁབ་ཀྱིས་ཁ་གསལ་ཐོག་དེ་ལྟའི་བྱ་ཐབས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། འབྲི་ཆུའི་སྟོད་ཁུལ་དུའང་དེ་ལུགས་ཁྱབ་སྤེལ་བྱས།
༢༠༠༠ ལོར་རྒྱལ་ཁབ་རིག་དངོས་ཅུས་ནས་གཙོ་གཉེར་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྤྱི་ཚོགས་ཆེད་ལས་ཚོགས་པའི ༼ ཀྲུང་གོ་ཡིག་རིས་བསྡུ་ཉར་མཐུན་ཚོགས ༽ ཚོགས་མིར་གྱུར།
༢༠༠༠ ལོར ༼ ཀྲུང་གོའི་རིག་དངོས་བསྡུ་ཉར་མཐུན་ཚོགས ༽ ཚོགས་མིར་གྱུར།
༢༠༠༡ ལོར ༼ རང་བྱུང་མཛའ་འབྲེལ་ཚོགས་པའི ༽ ཚོགས་མིར་གྱུར།
༢༠༠༡ ལོར ༼ བོད་རང་སྐྱོང་ལྗོངས་ངལ་རྩོལ་དཔེ་བཟང ༽ མི་སྣར་བདམས་ཐོན་བྱས།
༢༠༠༡ ལོར ༼ གཙང་གསུམ་མགོ་ཁུངས་སྐྱེ་དངོས་སྲུང་སྐྱོབ་ཚད་ཡོད་ཀུང་སི ༽ གསར་འཛུགས་བྱས་པ་དང་།
ཁོང་ལས་དོན་དེའི་མགོ་འཛིན་གནང་།
༢༠༠༡ ལོར་གཙང་གསུམ་མགོ་ཁུངས་སྐྱེ་དངོས་སྲུང་སྐྱོབ་མཐུན་ཚོགས་གསར་འཛུགས་བྱས་ནས་མཐུན་ཚོགས་འདིའི་ཁྲིམས་མི་དང་དྲུང་ཡིག་ཆེན་མོ་གསར་བསྐོ་བྱས།
༢༠༠༢ ལོར་མ་དངུལ་བཏོན་ནས་བོད་ལྗོངས་ཆབ་མདོ་ས་ཁུལ་རི་དུང་བོད་སྨན་ཞིབ་འཇུག་ལྟེ་གནས GMF བརྒྱུད་དངོས་སུ་ཚད་འཛིན་བྱས།
༢༠༠༢ ལོར་གཙང་གསུམ་མགོ་ཁུངས་སྐྱེ་དངོས་སྲུང་སྐྱོབ་མཐུན་ཚོགས་ཀྱི་སྐུ་ཚབ་བྱས་ནས་འཛམ་གླིང་འཁོར་ཡུག་ཐེབས་
རྩའི GEF ཚོགས་ཆེན་ལ་མཉམ་ཞུགས་བྱས་པ་དང་། སྣ་མང་སྲོལ་རྒྱུན་རིག་གཞུང་གི་གལ་ཆེའི་རང་བཞིན་འགྲེལ་བརྗོད་བྱས་པས་འཛམ་གླིང་གི་འཁོར་ཡུག་ཁྱབ་ཁོངས་ན་གླེང་སློང་ཤུགས་ཆེ་བཟོ་ཐུབ་པ་བྱུང་།
༢༠༠༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས ༼ འཛམ་གླིང་ཞི་བདེའི་ཉིན་མོ ༽ ཡི་དུས་དྲན་མཛད་སྒོར་མགྲོན་འབོད་ཐོབ་ནས་མཉམ་ཞུགས་བྱས།
༢༠༠༤ ལོར་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚོགས་དུས་བཅུ་གཉིས་པར་མགྲོན་འབོད་ཐོབ།
༢༠༠༤ ལོར་རྒྱ་གར་དུ་སྐབས་བཞི་པའི་འཛམ་གླིང་གི་སྤྱི་ཚོགས་གླེང་སྟེགས་སུ་མགྲོན་འབོད་ཐོབ།
༢༠༠༥ ལོར་ཧུང་ཁུང་ཀྲུང་ཤིང་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན་ཀོ་ཡན་བོད་དུ་འཚམས་གཟིགས་ཡོང་བར་བསྐུལ་བ་མ་ཟད། རྒྱལ་སྤྱི་རང་བཞིན་ཅན་གྱི་ལན་སོ་མགྲོན་ཁང་ནས་དངོོས་སུ་མཚོ་བོད་ས་མཐོར་མ་དངུལ་གནང་ནས་ཝོས་ཤིང་ཅིས་མགྲོན་ཁང་གསར་འཛུགས་བྱས།
༢༠༠༧ ལོར་བོད་ཀྱི་གཟི་ལམ་བུའི་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སི་གསར་འཛུགས་བྱས་པ་དང་དེའི་
འགན་འཛིན་ལས་ཁུར་བྱས།
༢༠༠༨ ལོར་ཧུང་ཁུང་དུ་ཀརྨའི་རྒྱལ་སྤྱི་སྐྱེ་དངོས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་གསར་འཛུགས་བྱས་པ་དང་ དེའི་འགན་འཛིན་ལས་ཀ་ཁུར།
མིག་སྔའི་གོ་གནས།
ཀརྨའི་རྒྱལ་སྤྱི་སྐྱེ་དངོས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན།
བོད་ཀྱི་གཟི་ལམ་བུའི་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན།
གཙང་གསུམ་མགོ་ཁུངས་སྐྱེ་དངོས་འཁོར་ཡུག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགན་འཛིན།
མཚོ་སྔོན་གཙང་གསུམ་མགོ་ཁུངས་སྐྱེ་དངོས་འཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན།
བོད་སྐྱོར་ཐེབས་རྩ་ཚོགས་པ་ཀུང་ཏུང་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ།
ཤར་ཕྱོགས་རིག་དངོས་བསྡུ་ཉར་མཐུན་ཚོགས་ཀྱི་ཚོགས་མི།
ཀྲུང་གོ་ཡིག་རིས་བསྡུ་ཉར་མཐུན་ཚོགས་ཀྱི་ཚོགས་མི།
རང་བྱུང་མཛའ་འབྲེལ་གྱི་ཚོགས་མི།
ཁ་གསབ།
གཞན་དུ་པེ་ཅིང་མི་རིགས་སློབ་ཆེན་ཀྲུའུ་པོ་སློབ་གླིང་ནས་གདན་ཞུས་དགེ་རྒན་ཆེན་མོར་བསྐོས་པ་བཅས།
ཀརྨ་བསམ་འགྲུབ་ལགས།
ཚེ་རིང་ནད་མེད་བྱ་བ་ལམ་འགྲོ་ཡོངས་བ་དང་། ད་དུང་སྔར་མུས་བཞིན་བོད་དང་བོད་མིར་ཤ་ཚ་སྙིང་རྗེའི་རྒྱུན་ཡར་ཀླུང་གཙང་པོ་བཞིན་རྒྱུན་རིང་བ་དང་། ཇོ་མོ་གླང་མ་བཞིན་མཐོ་ཞིང་བརྟན་པའི་སྨོན་འདུན་ཞུ།
བོད་མིའི་སྐྱིད་སྡུག་མཉམ་མྱོང་རྒྱལ་གྱུར་ཅིག།
ར་ཁེ་ཀརྨ་བསམ་འགྲུབ་ལགས་ལ་གུས་དུད་དང་སྐྱིད་སྡུག་མཉམ་འཁྱེར་ཡོད།
ཀརྨ་བསམ་གྲུབ་ཀྱིས་རྒྱ་ནག་བཙོན་ཁང་ནང་གི་བཙོན་པ་ཚོའི་སྡུག་བསྔལ་མྱོང་བཤད་བཟང་པོ་བྱས། དེས་རྒྱ་ནག་ནང་འགྲོ་བ་མིའི་ཐོ་ཐང་ཡག་ཏུ་གཏོང་བ་དང་། བོད་དོན་འཛམ་གླིང་ནས་མཐོང་ཆེན་ཡོང་བར་ཕན་པར་བསམས་སོང་། ཁོང་གི་ལོ་རྒྱུས་ལ་བལྟས་ཀྱང་བོད་ལ་ཕན་པ་མང་པོ་བྱས་འདུག རྒྱ་ནག་པོ་འདིས་བོད་པ་ཚང་སྐྱིད་མི་འཇུག་ཁོ་ཐག་རེད། དཀོན་མཆོག་གསུམ།
ཁོང་གི་མི་ཚེའི་མདུན་ལམ་ལ་གང་མྱུར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་སྨོན་བྱེད་ཀྱི་ཡོད། བདེན་པའི་རྒྱལ་ཁ་དེ་ཁྱེད་ལ་ཐོབ་ངེས་ཡིན།
ཀརྨ་བསམ་འགྲུབ་ནི། རེ་ཁེ་མ་ཡིན་པར། སྨ་ཤོད་གོ་འཇོ་ཡིན་ཞིང་། ཁོང་ནི་གོ་འཇོ་ཞན། ཆུས་གཉིས་པའི་ཁ་འོག རྩྭི་རོང་གྲོང་ནས་རེད་ལ། གོ་འཇོ་གཙང་མ་གཙང་རྐྱང་ཞིག་རེད། འོན་ཀྱང་གོ་འཇོ་བའི་ཡུལ་ལྷ་དང་གཞི་བདག་མཐུ་ཆུང་བས་ཡིན་ནམ། ཡང་ན་ལས་དབང་གཞན་ཞིག་ཡིན་ཆ་མ་འཚལ། གང་ལྟར་གནའ་ནས་ད་བར་བུ་ཡ་རབ་སྤྱོད་བཟང་། ཤེས་འཇོན་གཉིས་ལྡན་ཞིག་བྱུང་ན་ལུང་ཚན་གཞན་ཞིག་འཕྲོག་འགྲོ་བ་ཆོས་ཉིད་ལྟ་བུ་ཞིག་རེད། དཔེར་སྔར་ཀུན་མཁྱེན་གོ་རམ་པའང་སྨར་ཁམས་བ་ཡིན་ཚུལ་གྱི་སྒྲུབ་བྱེད་མང་དུ་བཤད་པ་བཞིན། ད་ལན་ཡང་འགོ་བརྗོད་དུ་རེ་ཁེ་ཀརྨ་བསམ་འགྲུབ་ཅེས་བྲིས་འདུག
ཚག་པར་དང་དྲྭ་བདག་ཚོས་ཞིབ་དཔྱད་ལེགས་པར་བཏང་ནས་ཁུངས་མེད་ཀྱི་གཏམ་འཆལ་མ་སྤེལ་རོགས།
ར྄ྩམ་གཟན་ལགས། ཀ྄ར྄ྨ་བ྄ྨ་འག྄ྲུབ་རེ་ཁེ་ནས་ཡིན་པ་ཁོ་རང་གི་འདུག་རོགས་ས྄ྒ྄ྲོལ་དཀར་མཚོའི་ཟིན་བ྄ྲིས་ནང་བཀོད་འདུག
ཀརྨ་བསམ་འགྲུབ་རེ་ཁེ་བ་ཡིན་པ་ནོར་སོ་མེད་ལ། རེ་ཁེ་ཞེས་པའི་ཐ་སྙད་འདི་ལ་ཡང་འཁྲུལ་སླད་མེད། ས་མིང་འདི་སྐུ་ཞབས་ཀརྨ་བསམ་འགྲུབ་ལགས་ཀྱི་འདུག་རོགས་སྒྲོལ་དཀར་མཚོའི་རྒྱ་ཡིག་པོད་ཁུག་ཏུ་རུ་ཁེ་ཞེས་བྲིས་ཡོད། དེ་ང་ཚོ་བོད་སྐད་རེ་ཁེ་ཞེས་པ་འདི་ནས་ཕར་ཟུར་ཆག་པ་རེད། བརྡ་ཆད་འདིའི་གོ་དོན་འདི་ལྟར་ཟེར་སྲོལ་འདུག་སྟེ། ཡུལ་ལུང་དེར་གནས་པའི་མི་རྣམས་ནི་གཞན་དང་མི་འདྲ་བའི་དཔའ་བློ་ཁོག་ཡོད་ཟེར་ལ།
ཨ་མའི་བུ་རེ་རེ་བྱས་ནས་འཛིང་བཏང་ན་ཁེ་རྒྱུ་ཉག་ཅིག་ཡིན་ཅེས་པའི་དོན་གྱིས་འདི་ལྟར་བཏགས་ཟེར།
ཁ་རུ་ཁ་ཐུག་ནས། དེ་ཉིད་ནང་ཚང་གི་མིང་ཡིན་པ་དང་། དེ་ཡང་ཧེ་རུ་ཟེར་བ་རེད་མ་གཏོགས་རེ་ཁེ་ཟེར་བ་མིན་པར་བཤད་འདུག དེ་ཡིན་ན་འདོད། དེ་ལས་གཞན་ཁོང་གོ་འཇོ་མ་རེད། ཁོའི་གཟའ་ཟླའི་ཟན་བྲིས་གསལ་ཚུལ་བཤད་པ་ནི། དངོས་ཡོད་གནས་ཚུལ་སུས་ཀྱང་བསུབ་མི་ཐུབ་པར་ཤེས་པར་གྱིས། ལར་ནས་ད་དུང་དཔྱད་པ་ཞིབ་མོའི་ཐོག་ཕན་ཚུན་ཉན་ཞིབ་གྱིས་དང་ཤེས་འོང་། ཤེས་རྩོད་བརྒྱག་འདོད་མེད། ཡེ་ཤེས་ལགས།
ཀརྨ་བསམ་འགྲུབ་རེ་ཁེ་དང་། གོ་འཇོ་སུ་ཡིན་ཀྱང་ཁྱད་ཆེན་པོར་མ་མཐོང་ཞིང་ཁོང་ནི་བོད་མི་རིགས་ལ་ཕན་པ་བཟང་པོ་བསྒྲུབས་མཁན་ གངས་རིའི་ཕོ་རྒོད་ཞིག་ཡིན་པར་བརྟེན་ང་ཚོས་ཁོང་མྱུར་དུ་དམར་པོའི་བཙོན་འོག་ནས་ཐར་བའི་ལས་འགུལ་འདྲ་མིན་སྤེལ་རྒྱུ་དང་། ནད་མེད་ཚེ་རིང་ཡོང་བའི་གསོལ་བ་སྨོན་ལམ་བཏབ་ན་མི་བཟང་ངམ།
ཧེ་། གྲོགས་པོ་རྣམས་པ་། ཟ་ཡ་ཁ་གང་ལས་མེད་པ་། ལོ་ཡ་གཞང་པ་གང་། ཨ་ཁ་། ད་ཡིན་ན་མིན་ན་སེམས་ཤུག་ཆེ་པོ་རེད་ཞགས་ཚང་མ་། རུ་ཁེ་ཚང་ཟེར་ན་མི་ཚང་གི་མིང་རེད་། ཀར་མ་བསམ་འགྲུབ་བསྐོར་ལ་ལས་འགུལ་འབྲ་ག་འབྲིས་སྤེལ་ན་། སྦྲོ་གླིང་ན་གྲོག་པོ་ཚོ་།