རླུང་དམར།
ཛ་དྲག་ཆེ་བའི་ཏོག་དབྱིབས་ནད་དུག
སྐྱེ་འགྲོའི་ཚེ་སྲོག་གཅོད་མཁན་གྱི་འཁྲུལ་ནད་བཙན་པོ་ཞིག
མི་མངོན་པའི་འཇབ་རྒོལ་གྱི་རྫུ་བརྙན་ནག་པོ་ནག་པོ་ཞིག
ན་ཚ་གློག་མྱུར་མ
ཚ་འབར་གྱི་དུག་ཁ
གནོད་འཚེའི་ན་ཟུག
སྐྱེ་འགྲོ་ཚོ ཡིད་མི་སྐྱིད་པའི་སྡུག་ནང་ལ་ལྷུང
སྐྱེ་འགྲོ་ཚོ བློ་མི་བདེ་བའི་སེམས་ཁྲལ་མང
སྐྱེ་འགྲོ་ཚོ ནད་རོའི་ཁམས་སུ་འཐིམས
རེད་ཡཱ ས་ཆེན་གྱི་༸སྐྱབས་མགོན་ལགས
འགྲོ་བའི་དོན་དུ་བྱོན་པར་སྨོན
ནད་དང་ན་ཚ་འདི་ཇི་ལྟར་བཟློག
གོ་ལ་ཧྲིལ་བོ
མེ་འགུལ་ས་འགུལ་ལྟ་བུའི་འཇིགས་པ་མཆེད
ཆུང་ཆུང་གི་མི་སྲོག་འདི་ནད་ཀྱིས་བཟུང་བས
དྲྭ་སྟེང་ནས་གཏམ་ངན་མང་པོ་མཐོང་ཐོས་འདུག
གན་ནས་མི་གྲངས་འདི་འདྲ་ནད་དུག་གིས་མནར་སོང་ཟེར
འདི་ནས་མི་དུ་གྲངས་ཤི་ཐལ་ཟེར
གནམ་འོག་འདིར
ལོ་རྒྱུས་ཀྱི་འཛམ་གླིང་ནང་ན
སྐྱེ་འགྲོ་ཚོས་”ཏོག་དབྱིབས་ནད་དུག”ཅེས་གླེང་གིན་སྐྱོ་གླུ་ལེན
ཡར་འདུག་མར་འགྲོའི་ལམ་བུ་བཀག
ས་ཁུང་འབུ་ཁུང་ཚུན་ཁེགས
ཇ་ཁང ཆང་ཁང ཚོང་ཁང
ཡོད་ཚད་ནད་དུག་གི་དབང་གིས་སྒོ་བརྒྱབ
སྐྱེ་འགྲོ་ཚོ སྙིང་རེ་རྗེ
ལས་འབྲས་ནག་པོ་ཨེ་ཡིན་ནམ
བདེ་བའི་རྒྱུ་ཞིག་ཡོད་པར་སྨོན
༸སྐྱབས་མགོན་ལགས
ནད་མ་འབྱུང་བར་གྱུར་ཅིག