ཆང་སྐྱེས།
སྐྱ་རེངས་བུ་མོ་འཛུམ་པའི་ཟུར་མིག་གིས།།
འཁོར་ཡུག་རི་བོའི་རྨི་ལམ་ཡུན་གྱིས་སྒུལ།།
བཅུ་དྲུག་ཆུ་ལེན་བུ་མོའི་རྡོག་སྣེ་ན།།
རྩྭ་འགོའི་མུ་ཏིག་ཕྲེང་བ་ཕྱོགས་སུ་འཕྱོ།།
ལྕི་བ་མེ་ལ་སྒྲོན་པའི་འོད་སྣང་གིས།།
མཐིང་སྨུག་སྦྲ་ནག་གྲུ་བཞི་དྲོད་ཀྱིས་ཁེངས།།
བཞོ་དབྱངས་དགུང་ལ་སྤུར་བའི་རྩེ་མོ་ན།།
འོ་རྒྱུན་དཀར་མོའི་སྟངས་སྟབས་གར་ལ་བསྒྱུར།།
ཉི་ཟེར་རི་ལ་འཕྲོས་པའི་དྲོད་ཁོལ་གྱིས།།
རི་དྭགས་མ་བུ་ཚོགས་རྣམས་མགྲོན་ལ་བསུས།།
དགུ་སྒྲིལ་འུར་རྡོ་ཕྲ་མོའི་ཁུགས་སོ་ན།།
གཡང་དཀར་འབའ་སྒྲ་ཕ་རོལ་སྤང་ལ་འཁོར།།
ཁྲུང་ཁྲུང་ཕྲེང་དུ་སྟར་བའི་གཤོག་འགྱུར་གྱིས།།
མཁའ་མཐའི་སྤྲིན་པ་དཀར་པོ་གུར་ཏུ་ཕུབ།།
རྫ་འགོ་སྨུག་གིས་བཟུང་བའི་རི་ཁུགས་ན།།
མེ་ཏོག་དཀར་དམར་ཆུ་བོའི་འགྲམ་ན་བཞད།།
འཛུམ་ལ་དམར་ཁ་ཚ་བའི་མཛེས་སྡུག་གིས།
གཞོན་ནུ་མང་པོའི་སེམས་ཀྱི་ལྷིང་འཇགས་དཀྲོགས།།
མཛའ་གཞས་དགུ་ཚིག་སྙན་མོའི་སྣེ་མོ་ན།།
དྲན་གདུང་ལྕི་མོ་ཞིག་ཀྱང་འཁྱིལ་ནས་འདུག།
སྐྱ་རེངས་དུས་སུ་བུ་མོས་ཟུར་མིག་བལྟས། །
ཉི་ཟེར་ཕོག་དུས་བུ་མོས་མིག་ལོག་ལྟ། །
ཕྱི་དྲོའི་དུས་སུ་བུ་མོས་རྒྱབ་མདུན་སློག །
རྒད་པོ་ཨ་ཐང་ཆད་ནས་ལོག་དགོས་བྱུང་། །
ཤ་ཁྱི་རྐང་པ་ཚ་རོག་རེད། །
ཇོ་ལགས་སྐུ་ཐང་ཆད་རོག་རེད། །
དེ་བས་བུ་མོའི་རྗེས་དེད་ཞོགས། །
རང་ཁྱིམ་ལོག་ལ་ཁ་གདོན་གྱིས། །
སྒེའུ་ཁུང་ནང་ནས་ལྟ་དུས་སུ། །
བུ་མོ་མཛེས་མ་ཁྱུ་ཅིག་འདུག །
བུ་མོའི་རྗེས་དེད་འགྲོ་དགོས་བསམས། །
ཏོག་དབྱིབས་ནད་ཡམ་འཇིགས་སེ་འཇིགས། །
རྒྱ་དམར་པོས་ནད་དུག་བཏང་པ་དེར། ཐུགས་ཆུང་ཆུང་བཞེད་གནང་བྱེད་མི་རུང།
སེསམ་ཞི་ལྷིང་བྱམས་བརྕེའི་ངང་དུ་གནས། རྒྱུན་ཟ་དགོས་ཟ་མ་ཆད་མི་རུང།
བློ་གཞན་ཕན་དགོས་པ་སེམས་བཞག་ནས་། རང་སོ་སོའི་ལུས་ལ་གཙང་སྦྲ་བྱེད།
ལྷག་པར་དུ་རང་ལག་ཡང་སེ་འཁྲུས། མི་གཞན་དང་མ་ཐུག་འགྱངས་ཙམ་སྡོད།
ལུས་འཁྲིག་སྤྱོད་མ་བྱེད་ཟླ་གསུམ་རིང། རིམ་འགྱུར་བ་གང་ཡོང་ངེས་པར་ལྟོས།
མ་སྒྲོལ་མའི་གཟུངས་བསྔགས་ངེས་པར་གསོག།