ཚེ་དབང་བསོད་ནམས།
ཀོ་རོ་ནའམ་ཏོག་དབྱིབས་ནད་ཡམས་ལ།
ཁ་དང་སྣ་ལ་ལག་པས་ཐུག་རྒྱུ་ཉུང།
ག་ས་ག་ལ་དོན་མེད་འགྲོ་རྒྱུ་སྤོངས།
ང་ཚོ་ཚང་མས་ལག་པ་ངེས་པར་འཁྲུད།
ཅ་ཅོ་མ་མང་རང་འགན་རང་གི་སྲུངས།
ཆ་རྒྱུས་མེད་པའི་མི་དང་ཐུག་འཕྲད་ཉུང།
ཇི་ལྟར་བསམ་ཀྱང་སྨན་བཅོས་མེད་པ་འདྲ།
ཉི་མའི་ཚ་དྲོད་འོག་ཏུ་ནད་འབུ་རྒུད།
ཏཱ་ལའི་བླ་མས་ཐུགས་སྨོན་ལམ་སྟོན་འོག།
ཐབས་ལམ་སྒྲོལ་གཟུངས་གྲངས་བསོག་ནད་ཡམས་ཞི།
ད་ནས་ཚང་མས་སྒྲོལ་གཟུངས་བསོག་ལ་རེམ།
ནམ་ཞིག་ནད་ཡམས་ནུས་མེད་རང་སར་ཡལ།
དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེའི།
འཕགས་ནོར་ལོ་མ་གྱོན་མའིི་གཟུངས་སྔགས་བསྟན།
བོད་མི་རྣམས་ནས་སྒྲོལ་གཟུངས་དང་ལོ་གྱོན་རེམ།
མ་དང་མཁའ་འགྲོ་ཆོས་སྐྱོངས་སྲུང་མས་གྲོགས།
རྩ་བ་ནད་ལ་སྨན་མེད་ནད་མིང་རྟགས།
ཚན་རིག་སྨན་པས་སྔོན་འཐོན་ཚོད་དཔག་དེ།
འཛམ་གླིང་ཧྲིལ་པོ་འཇིག་སྣང་འོག་ཏུ་བཞག།།
ཝུན་ཧང་ནད་ཡམས་འཛམ་གླིང་ཡོངས་ལ་ཁྱབ།
གཞུང་མང་ཚང་མས་སྔོན་འགོག་ཚུལ་བཞིན་སྲུངས།
ཟང་ཟིང་འདུ་འཛོམས་བྱ་རྒྱུ་ཉུང་དུུ་གཏོང།
འར་འུར་དཀྲོགས་གཏམ་རྗེས་ལ་འགྲོ་མི་ཉན།
ཡིད་ཆེས་བློ་གཏད་མཆོག་གསུམ་སྤྱི་བོར་བསྟེན།
རང་འགན་འཁུར་ནས་ཕྱི་འགྲོ་ཉུང་དུ་གཏོང།
ལམ་སྟོན་ཇི་བཞིན་སྔོན་འགོག་བྱ་གལ་ཆེ།
ཤ་ཚ་ཡོད་ན་རང་གི་ལག་པ་འཁྲུད།
ས་མཚམས་མེད་པ་ཚང་མས་བློ་ལ་བཞོག།
ཧྲཱི་ཿབཛྲ་ཀྲོཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ།
ཨོམ་པི་ཤཱ་རྩི་པརྞ་ཤ་བ་རི་སརྦ་ཛཱ་ར་པྲ་ཤ་མ་ནཱ་ཡེ་སཱཧཱ།
ཨོྃ་ཏ་རེ་་ཏུ་ཏྟ་རེ་ཏུ་རེ་སཱཧཱ།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༢༠ ཕྱི་ཟླ་ ༣ ཚེས་ ༢༤ ལ།
༄༅། ཀོ་རོ་ན་ཀོ་ན་ཟེར་བའི་ནད་དུག་འདིར། མཁས་པ་ཚན་རིག་སྨན་པ་སྐད་གྲགས་ཚོས།
ཁ་ནས་ཇི་ལྟར་བཤད་ཀྱང་སྨན་དང་ཁབ། བཟོ་ནི་མི་ཐུབ་ནད་པ་མང་པོ་གྲོངས།
ཚང་མས་བཤད་རྒྱུ་ལག་པ་གཙང་མ་འཁྲུས། གཞན་དང་འགྱངས་རིང་བསྡད་དགོས་ཟེར་བ་ལས།
ནད་ཡམས་འཇོམས་པའི་ཐབས་ལམ་གསར་པ་མེད། ནད་དུག་ཁོ་ནི་མཐུ་ནུས་ཀུན་ལས་ལྷག།
དེ་འདྲའི་དཔའ་ནུས་དཀོན་མཆོག་ལས་ཀྱང་ལྷག། ཆོས་ལུགས་སྟོན་པ་རྣམ་ཚོ་གང་དུ་བཞུགས།
ཆོས་བྱེད་དགོན་པ་ལྷ་ཁང་གདན་ས་སོགས། ཆོས་ཕྱོགས་བསྡུ་འཛོམས་མི་ཐུབ་སྟོང་སེར་ལྷག།
འདི་བསམ་བཞིན་བསམ་བཞིན་ཡི་རེ་སྐྱོ། མཐུ་ནུས་པ་ཡོད་ན་ད་སྟོན་དགོས་འདུག་།
གཡས་གཡོན་བྲག་ཕུག་ཤིང་ནགས་དཀྱིལ་མ་བཞུགས། མར་འདོན་སྤྱི་ཚོགས་སྤྱི་ལ་ཕན་ཐབས་ཤིག།
གནང་དགོས་དུས་སུ་བབས་འདུག་གཉིད་མ་ཁུག།
ཀོ་ཝིད་༡༩་ཟེར་བའི་དུས་ཀྱི་ནད་ཡམས་འདི།
འགོག་པའི་ནུས་པ་ནང་ཆོས་ཁོ་ནར་རག།
བཞི་བརྒྱ་རྩ་བཞིའི་ནད་རིགས་འགོག་པ་ལ།
ནང་ཆོས་གཟུངས་འདུས་ཀློག་རྒྱུ་བོད་མིའི་འགན།
ཨོྃ་ཏ་རེ་་ཏུ་ཏྟ་རེ་ཏུ་རེ་སཱཧཱ། ཨོྃ་ཏ་རེ་་ཏུ་ཏྟ་རེ་ཏུ་རེ་སཱཧཱ། ཨོྃ་ཏ་རེ་་ཏུ་ཏྟ་རེ་ཏུ་རེ་སཱཧཱ།
ནད་མུག་དམག་འཁྲུགས་སྔར་ནས་ཡོད། །
གཉེན་རིམ་ནད་ཡམས་སྔར་ནས་ཡོད། །
ད་ལྟ་དམག་འཁྲུགས་མུ་གེ་དང་། །
ནད་རིགས་མི་འགོ་བརྩོན་ལ་རེམས། །
དུས་ངན་སྙིགས་མར་ནད་མུག་དམག་འཁྲུགས་མང།
དུས་ངན་སྙིགས་མར་རྐུ་ཇག་ཁྲམས་གསུམ་མང།
དུས་ངན་སྙིགས་མར་འབྱུང་བའི་གནོད་ཚེ་མང།
དུས་ངན་སྙིགས་མ་ཟློག་ལ་ནང་ཆོས་ཟབ།