པདྨ་ཚེ་དབང་ཤཱསྟྲིས། ༢༠༢༠ ཟླ་༤ ཚེས་༦ ཉིན
རྒྱ་གར་གློག་བརྙན་(Qayamat Se Qayamat Tak) འཇིག་པ་ནས་འཇིག་པ་བར་ཞེས་པའི་གླུ།
Papa kehte hai bada nam karega,
Beta hamara aisa kam karega
Magar yeh toh koi na jane,
Ke mere manzil hai kahan
པ་ཕས་གསུངས་རྒྱུ་ལ། གྲགས་ཆེན་ཞིག་ཡོང་རྒྱུ་ཟེར།
ང་ཡི་བུ་དེས་ལས་འདི་འདྲ་བྱས་ཡོང་ཟེར།
འོན་ཀྱང་ང་ཡི་དམིགས་ཡུལ་གང་དུ་ཡོད།
དེ་ནི་སུས་ཀྱང་ཤེས་པར་མི་འགྱུར་རོ།
Baithe hai milke sab yar apne
Sab ke dilo mein arman yeh hai
Woh jindagi me kal kya banega
Har ek nazar ka sapna yeh hai
Koi engineer ka kam karega
Business me koi apna nam karega
Magar yeh toh koi na jane
Ke mere manzil hai kahan
Papa kehte hai bada nam karega
ཚང་མ་གྲོགས་དང་ལྷན་དུ་འཛོམས་ནས་གདའ།
ཚང་མའི་སེམས་ལ་འདོད་པ་འདི་ལྟར་ཡོད།
སུ་ཞིག་མ་འོངས་གང་ཞིག་ཆགས་ཡོང་སྙམ།
མིག་དག་རེ་རེའི་རྨི་ལམ་འདི་འདྲ་རེད།
འགའ་རེས་འཛུགས་བསྐྲུན་ལས་ལ་ཞུགས་བྱས་ཏེ།
ཚོང་ཐོག་སྙན་གྲགས་ཡོང་བ་བྱེད་ཀྱི་རེད།
འོན་ཀྱང་ང་ཡི་དམིགས་ཡུལ་གང་དུ་ཡོད།
དེ་ནི་སུས་ཀྱང་ཤེས་པ་མི་འགྱུར་རོ།
པ་ཕས་གསུངས་རྒྱུ་ལ། གྲགས་ཆེན་ཞིག་ཡོང་རྒྱུ་ཟེར།
Mera toh sapna hai ek chehra
Dekhe jo usko jhume bahar
Galon me khilte kaliyo ka mausam
Aankhon me jadu honthon me pyar
Banda yeh khubsurat kam karega
Dil ke duniya main apna nam karega
Mere nazar se dekho toh yaro
Kee mere manzil hai kahen
Papa kehte hai bada nam karega
ང་ཡི་རྨི་ལམ་ནི་བྱད་བཞིན་གཅིག་རང་ཡིན།
སུ་ཡིས་བལྟས་ཀྱང་དེ་རྩེད་འཇོར་རོལ་ཏེ་གནས།
བཞིན་རས་འཛུམ་པ་མེ་ཏོག་བཞད་ལ་འགྲན།
མིག་ལ་རྫུ་འཕྲུལ་མཆུ་རྩེར་བརྩེ་དུངས་འཁྲུངས།
མི་འདིས་མཛེས་པའི་ལས་ཞིག་བྱེད་པར་ངེས།
འདོད་པའི་གླིང་དུ་སྙན་པའི་གྲགས་པ་སྒྲོགས།
གྲོགས་ཚོས་ང་ཡི་མིག་བརྒྱུད་གཟིགས་གནང་དང་།
ང་ཡི་དམིགས་ཡུལ་གང་དུ་ཡོད་ལགས་སམ།
པ་ཕས་གསུངས་རྒྱུ་ལ། གྲགས་ཆེན་ཞིག་ཡོང་རྒྱུ་ཟེར།
(Once Upon a Time in Mumbai) སྔ་མོ་ཞིག་ལ་མུམ་བྷའི་ནང་དུ།
Pee loon tere neeley neeley nainon se shabnam
Pee loon tere geelay geelay hoto ki sargam
Pee loon hai peenay ka mausam
Tere sang ishq taari hai
Tere sang lk khumari hai
Tere sang chain bhi mujhko
Tere sang bekraari hai
འཐུང་གི་ཡིན། ཁྱོད་ཀྱི་སྔོ་མདངས་ལྡན་པའི་མིག་གི་ཟིལ་པ་དག་འཐུང་གི་ཡིན།
འཐུང་གི་ཡིན། ཁྱོད་ཀྱི་རླན་བཤེར་ལྡན་པའི་ཞལ་མཆུའི་དབྱངས་རྟ་འཐུང་གི་ཡིན།
འཐུང་གི་ཡིན། འཐུང་རན་པའི་དུས་སྐབས་རེད།
ཁྱོད་དང་ལྷན་དུ་བརྩེ་བ་བྱས་པ་ཡིན།
ཁྱོད་ཀྱི་ལུས་ལ་བཟི་བའི་རྒྱུ་ཞིག་འདུག
ཁྱོད་དང་ལྷན་དུ་ང་ལ་ཞི་བདེ་འདུག
ཁྱོད་དང་ལྷན་དུ་སེམས་ལ་རྒོད་པ་འདུག
Tere bin jee nahi lagda, tere bin jee nahi sakda
Tujhpe hai haare maine vaare do jahan
Kurbaan, meharbaan, ke main toh kurbaan
Sun le zara, tera kurbaan
ཁྱོད་དང་བྲལ་ན་ཡིད་ལ་བདེ་བ་མེད། ཁྱོད་དང་བྲལ་ན་འཚོ་ཐུབ་དཀའ་མོ་རེད།
ཁྱོད་ལ་དགའ་ནས་ང་ནི་སེམས་པ་ཤོར།
བློས་གཏོང་། བཀའ་དྲིན། གང་ལྟར་ངས་བློས་གཏོང་བྱས་པ་ཡིན།
རེ་ཞིག་ཉོན་དང་། ཁྱོད་ཀྱི་བློས་ཐོངས།
Hosh mein rahun kyun aaj main
Tu meri baahon mein simti hai, Mujh mein samayi hai yun
Jis tarah ki koi hum nadi, tu mere seenay mein chupi hai, sagar tumhara main hoon
Pee loon teri dheemi dheemi lehron ki cham cham
Pee loon teri saundi saundi saanson ko har dum
Pee loon hai peenay ka mausam
Tere sang ishq taari hai…………..
ད་རིང་རྣམ་རིག་གསལ་ནས་ཅི་ལ་སྡོད།
ཁྱོད་ནི་ངོ་ཚ་དང་བཅས་ངར་འཐམ་ནས། ངའི་ལུས་ལ་ཐིམ་ལྟར་གནས་ནས་འདུག
ཇི་ལྟར་ཆུ་རྒྱུན་ཟུང་སྦྲེལ་བཞིན། ཁྱོད་ང་ཡི་བྲང་ཁོག་ཏུ་ཡིབ་ནས་འདུག ཁྱོད་ཀྱི་རྒྱ་མཚོ་ང་ཡིན་ནོ།
འཐུང་གི་ཡིན། ག་ལེར་ག་ལེར་གཡོ་བཞིན་པའི་ཆིལ་ཆིལ་གྱི་རླབས་ཕྲེང་དག་འཐུང་གི་ཡིན།
འཐུང་གི་ཡིན། མངར་དུ་མངར་དུ་འགྲོ་བཞིན་པའི་འབྱུང་རྔུབ་ཀྱི་བྲོ་བ་མྱོང་གི་ཡིན།
འཐུང་གི་ཡིན། འཐུང་རན་པའི་དུས་སྐབས་རེད།
ཁྱོད་དང་ལྷན་དུ་བརྩེ་བ་བྱས་པ་ཡིན།་་་་་་་་་་་་་་་་་་་་་་
Shaam ko milun jo main tujhe
Toh bura subah na jaane tu kuch maan jaati hai yeh
Har lamha, har gadi har pehar
Hi tere yaadon se tadpa ke mujhko jalati hai yeh
Pee loon main dheere dheere jalne ka yeh gumm
Pee loon inn gore gore haathon se hum dum
Pee loon hai peenay a mausam
Tere sang ishq taari hai……………
དགོང་དྲོ་ཁྱོད་ཉིད་ངར་ཐུག་དུས།
ཞོགས་པ་ཡི་སྐྱ་རེངས་མ་ཤར་བར། གང་ལྟར་ཁྱོད་ཀྱིས་ཉན་གྱི་འདུག
དུས་ཡུན་རེ་ཞིང་། ཆུ་ཚོད་རེ་ཞིང་། ཡུན་ཚད་རེ་ཞིང་།
ཁྱོད་དྲན་པའི་དབང་གིས་མནར་གྱུར་ནས། འདིས་ང་ནི་རྟག་ཏུ་སྲེག་གི་འདུག
འཐུང་གི་ཡིན། ངས་དལ་གྱིས་སྲེག་པའི་སྡུག་བསྔལ་འདི།
འཐུང་གི་ཡིན། དཀར་དཀར་ལག་པའི་བདུད་རྩི་འདི།
འཐུང་གི་ཡིན། འཐུང་རན་པའི་དུས་སྐབས་རེད།
ཁྱོད་དང་ལྷན་དུ་བརྩེ་དུངས་བྱས་པ་ཡིན།་་་་་་་་་་་་་་་་་་་