སྒྲོལ་མ་ཉེར་གཅིག
1 ང་ཏོག་དབྱིབས་ནད་དུག་ལ་སྐྲག་གི་མེད། ཡིན་ནའང་། འཆི་བ་མི་རྟག་པའི་སྐོར་ལ་བསམ་བློ་གཏོང་གི་ཡོད། དཔེར་ན། ནམ་འཆི་ངེས་མེད་ཡིན་པས་འཆི་རྐྱེན་རྒྱ་ནད་ཁ་ནག་འདིས་ཀྱང་བྱེད་སྲིད་པ་དང། ཤི་སོང་ན་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པའི་དབང་གིས་མ་ཎི་རེ་འདོན་པའི་དུས་ལ་བབ་ཡོད་པའི་ངེས་ཤེས་འདི་རྙེད་ཡོང་གི དེ་ནས་མར་མར་སོང་ན་ཆོས་ཀྱི་སྙིང་བོ་ལག་ལེན་རང་སྟེང་ན་ཡོད་པའི་རྩ་བ་སེམས་ཅན་ལ་ཐུག་ཡོད་པའི་རྒྱུ་མཚན་ནི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་སེམས་སྒོམ་པའི་ཉམས་ལེན་གྱི་ཐོག་ནས་ར་འཕྲོད་ཡོང་གི་འདུག དབུ་མ་འཇུག་པ་ལས། སེམས་སྐྱེད་པ་ནི་གཞན་དོན་ཕྱིར།ཞེས་དང་། གཞི་ལམ་འབྲས་བུའི་རྣམ་འབྱེད་ལས། དབྱེ་ན་སྨོན་འཇུག་སེམས་བསྐྱེད་གཉིས། །འགྲོ་དོན་སྨོན་དང་དེ་དོན་བརྩོན།། ཞེས་སོགས་ཀྱི་གསུང་སྒྲོས་ལྟར་རེད། ནང་པའི་ལྟ་གྲུབ་ཀྱི་དགོངས་དོན་སྙིང་བོ་ཤེས་མཁན་ཞིག་ཡིན་ཚེ། ངའི་ཤི་གསོན་གཉིས་ཀ་སེམས་ཅན་གཞན་གྱི་ཆེད་ཡིན་པའི་བློས་བསླངས་ཀྱི་སྙིང་སྟོབས་འདི་ལ་ནང་པའི་རིག་གཞུང་གི་ཞགས་རྩི་ཟེར་ཆོག་གི་རེད། ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ། འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས། ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་འབོར། ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན། ཞེས་གསུངས་པ་ལྟར་རེད། ཆོས་ཕྱོགས་ནས་བསམ་བློ་གཏོང་སྟངས་འདི་འདྲ་ཞིག་གིས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་དུས་ཚོད་གཉན་འཕྲང་ཅན་ཡིན་པ་འདྲའོ།།
2 སྤྱི་ལོ་ ༡༩༣༩ – ༡༩༤༥ བར་དུ་འཛམ་གླིང་དམག་ཆེན་གཉིས་པ་བྱུང་ནས་མི་འབོར་ཁྲི་དགུ་སྟོང་ལྷག་གི་ཚེ་སྲོག་ཤོར་ཞིང་། དཔལ་འབྱོར་གྱི་གྱོང་གུད་ག་ཚོད་རེག་ཡོད་མེད་དེ་ཨ་སྒོར་གྱི་གྲངས་ཚད་ལ་ཕབ་ན། ཨ་སྒོར་དུང་ཕྱུར་ཁྲི་བཞི་ལྷག་ཡིན་པས། དམག་ཆེན་གཉིས་པ་ནི་འཛམ་གླིང་སྟེང་གི་འགྲོ་བ་མིའི་རིགས་ལ་བྱུང་བའི་ཆག་སྒོ་ཚབས་ཆེ་ཤོས་སུ་བརྩི་བ་རེད།
༣ དམག་འཁྲུག་ནི་དམག་འཁྲུག་རང་རེད། རྒྱལ་ཕམ་ཐག་ཆོད་སོང་ན་མཚམས་འཇོག་མི་བྱེད་ཀ་མེད་རེད། ད་ལན་འཛམ་གླིང་ཡོངས་ལ་སྔར་བྱུང་མ་མྱོང་བའི་ནད་ཡམས་ཏོག་དབྱིབས་ནད་དུག་ཟེར་བ་འདི་ག་རེ་རེད་། ནད་ཡམས་རེད་དམ་འཁྲུག་སློང་རེད། ། ཡོངས་གྲགས་ལྟར་ན། ཏོག་དབྱིབས་ནད་དུག་གི་ཐོག་མའི་འབྱུང་ཁུངས་རྒྱ་ཡུལ་རེད། དེ་ནས་རིམ་གྱིས་ནད་དུག་གི་འབྱུང་ཁུངས་རྩོད་གཞི་ཅན་དུ་འགྱུར་བ་ཐེབས་སོང་། དེང་སང་ཨ་རྒྱ་གཉིས་ཀས་རྩོད་གཞི་འདིའི་ཐོག་ནས་ཁ་དམག་རྒྱག་གི་འདུག དོགས་གཞི་ཆེ་ཤོས་གཅིག་ནི། རྒྱ་ནག་གཞུང་གིས་འཛམ་གླིང་གི་རྒྱལ་ཁབ་༡༩༥ ནང་ནས་ཨ་རི་ལ་ཐད་ཀར་ “ཨ་རིའི་དམག་མིས་ཏོག་དབྱིབས་རིམས་ནད་ཝུའུ་ཧན་ལ་ཁུར་ཡོང་བ་རེད”ཅེས་བཤད་དགོས་དོན་ག་རེ་ཡིན་ནམ། ཡང་གཅིག་བཤད་ན། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཡོད་དོ་ཅོག་ནས་ཨ་རི་ནི་ཏོག་དབྱིབས་ནད་དུག་གི་ནད་པ་མང་ཤོས་ཡིན་པ་འདི་ཡང་དོགས་གཞི་ཞིག་རེད། ཆབ་སྲིད་ཀྱི་གནད་དོན་ངོ་མ་འདི་རུ་ཡོད་སྲིད་དམ།
ད་དུང་དེས་ག་ལ་ཚད་དེ། རྒྱ་གཞུང་གིས་“ཨ་རིའི་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ཐོག་མ་ག་དུས་བྱུང་བ་རེད་དམ། མི་ག་ཚོད་ལ་ཏོག་དབྱིབས་རིམས་ནད་ཕོག་ཡོད་དམ། ནད་པ་ཡོད་ཁུལ་སྨན་ཁང་རྣམས་ཀྱི་ཁ་བྱང་དང་མིང་ཅི་ཡིན་ནམ། ཕལ་ཆེར་ཨ་རིའི་དམག་མིས་རིམས་ནད་དེ་ཉིད་ཝུའུ་ཧན་ནང་དུ་ཁུར་ཡོང་བ་ཞིག་ཡིན་ངེས། ཨ་རིས་ཕྱི་གསལ་ནང་གསལ་བྱོས་དང་། ཁྱེད་ཚོའི་འབྲེལ་ཡོད་ཡིག་ཚགས་མི་དམངས་ལ་ཡོངས་ཁྱབ་འགྲེམ་སྤེལ་བྱོས་དང་། ཨ་རིས་ང་ཚོར་གནས་ཚུལ་དེ་དག་གི་འགྲེལ་བཤད་ཁ་གསལ་རྒྱག་རྒྱུ་ཆད་ཡོད།”ཟེར། དེ་ནི་རྒྱ་ནག་གཞུང་གིས་ཨ་རི་ལ་གཞི་མེད་སྐྱོན་བརྗོད་ཡིན་པའི་དབང་དུ་བཏང་ན། རྒྱ་ནག་གཞུང་ཐབས་ཟད་འུ་ཐུག་ནས་ཨ་རིའི་ཚོང་འབྲེལ་སྲིད་ཇུས་ཀྱི་གནོན་ཤུགས་མ་བཟོད་པར་འཁོན་ལན་སློག་ཐབས་གཞན་ཞིག་འཚོལ་རྩིས་ཡིན་ནམ། དྲང་ཚུགས་བཟུང་ནས་བཤད་ན། དེ་ནི་རྒྱ་གཞུང་གིས་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་འཛམ་གླིང་རྒྱ་ཆེའི་མི་མང་ལ་དངོས་བྱུང་གནས་ཚུལ་གྱི་བདེན་པ་ར་འཕྲོད་བྱེད་འདོད་ཡོད་པས་ཀྱང་ཡིན་སྲིད། གཉན་འཕྲང་གི་སྐབས་ཛ་དྲག་གི་
གསང་རྒྱ་མང་པོ་ཞིག་རིམ་གྱིས་བརྡོལ་ཡོང་གི་རེད།
4 མཐའ་མའི་དམིགས་འབེན་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ལ་ཐུག་ཡོད་དུས། ངས་ཀྱང་གཞན་གྱི་ཕམ་ཁ་བརྒྱུད་ནས་བོད་ལ་ཁེ་ཕན་ཞིག་རེག་ན་སྙམ་པའི་ལྟ་ཚུལ་འདོན་པའི་འོས་བབ་ཡོད། ཨ་རྒྱ་གཉིས་ཀས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་སོགས་བརྩད་ནས། ཨ་རིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉམས་ཉེས་བཏང་སོང་ན། དམར་ཤོག་ཏང་གི་སྲིད་ཇུས་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་འོག་ནས་བོད་དང་ཤིན་ཅང་སོགས་ཀྱི་ད་ལྟའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་བ་ལ་ཡང་ཕན་ཐོགས་འབྱུང་མི་སྲིད་པ་མ་རེད། རྒྱུ་མཚན་ནི། དཔེར་ན། གྲང་དམག་ཟེར་བའི་དམག་འཁྲུག་ནི་གཙོ་བོ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་མཐུན་གྲོགས་རྒྱལ་ཁབ་ཨ་རི་དང་ཨུ་རུ་སུ་གཉིས་བར་བྱུང་བ་རེད། སྤྱི་ལོ་1989 ལོར་ཨ་རི་དང་ཨུ་རུ་སུ་གཉིས་བར་དམག་འཁྲུག་མཚམས་ཆད་པའི་རྗེས་སུ་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་མང་པོ་བྱུང་མྱོང་ཡོད་པ་ལྟ་བུ་རེད། དེ་ཡང་ཨ་རིའི་བཀའ་དྲིན་ཉག་ཅིག་གིས་ཨུ་རུ་སུ་དམར་ཤོག་མཉམ་འབྲེལ་རྒྱལ་ཁབ་འཐོར་སོང་པ་དང་། སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་གཉའ་གནོན་བཙན་དབང་འོག་ནས་དེ་ལྟར་ཐར་བ་ཐོབ་སོང་བ་རེད།
དམ་ཉམས་བསྟན་པའི་དགྲ་བོ་ཁྱོས། ཆོས་བཤད་མ་གཏོགས་བཟོ་ས་མ་རེད།
སྒྲོལ་མ་ཉེར་གཅིག་ནི་ཕྱག་འཚལ་བའི་ཡུལ་ཡིན་པ་ལས། དྲ་མིང་དུ་དམ་ཉམས་ཀྱི་མིང་ལ་བཀོལ་དུ་རུང་ངམ། ཆོས་མི་ཤེས་ཟེར་ན་དེ་རེད། དེ་སྔོན་བར་དུ་བཅོམ་ལྡན་འདས་དང་གོང་ས་མཆོག་ཟེར་ནས་དྲ་མིང་དུ་བེད་སྤྱོད་གཏོང་མཁན་བྱུང་འདུག་གམ། དེ་ཅི་རེད་དད་ཡུལ་ཡིན་པའི་རྒྱུ་མཚན་གྱིས་རེད། དད་པ་ལོག་སྤྱོད་པ་ཁྱོད་ཀྱིས་དད་པ་བཟོ་ཡུལ་ལ་བཟོ་སྟངས་ཙམ་ཡང་མ་ཤེས་པའི་དབང་གིས། དྲ་མིང་ཙམ་ཡང་འདོགས་མི་ཤེས་པ་འདི་འདྲ་ཐབས་རྡུགས་ཆགས་ཀྱི་ཡོད་རེད།
སྒྲོལ་མ་ཉེར་གཅིག་ལགས་ཁྱོད་ཏོག་དབྱིབས་ནད་དུག་ལ་མི་སྐྲག་ན་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པར་རོགས་བྱེད་སར་རྒྱུག་དང། ཏོག་དབྱིབས་ནད་པ་ཡོད་སའི་སྨན་ཁང་དུ་སོང་ནས་དང་བླངས་ཀྱིས་ནད་པ་དང་སྨན་ཁང་དུ་ཞབས་ཞུར་སོང་དང། ང་ཚོས་དེ་དུས་བལྒ་ཆོག་གི་རེད། ཁྱོད་་ཀྱི་རྒྱུད་ལ་བྱང་སེམས་ཡོད་མེད་དང་ཏོག་དབྱིབས་ནད་དུག་ལ་སྐྲག་མི་སྐྲག་དེ་དུས་ཤེས་ཀྱི་རེད། དེ་མིན་འཕྱི་བ་ནང་བཞིན་འཕྱི་ཁུང་དུ་འཛུལ་ནས་སྦུག་སྦུག་ཟེར་ནས་ཁ་རྒྱགས་པ་བཤད་མ་འདུག་ངོ་ཚ་བྱེད་རེད།
བསམ་ཚུལ་མི་ཡག་རྒྱུ་མེད་ཀི། གོ་སྐབས་ཟེར་བ་དེ་ལོ་བརྒྱ་ཡི་ནང་ལ་ཐེངས་གཅིག་མ་གཏོགས་གཉིས་མི་འོངས་པ་ཡིན། མགོ་ནག་བོད་པ་རྣམས་གྲ་སྒྲིག་ཡོད་པ་གནང་རོགས།
ད་དུང་བརྡ་ནམ་གཏོང་ལ་བསྒུགས་ནས་འདུག་ཡ། རོགས་གཅེས་ཚོ། དུང་དུང་དུང་ཞེས་སྒྲ་གྲག་མ་ཐག་མཆོང་རྐྱང་ཡིན་ཏ།