ཁྲོ་གཏུམ།
ཡུལ་ལུགས་ཤིག་གོམས་པའི་དབང་གིས
འགུལ་སྐྱོད་མཐའ་དག་གི་རྡོག་སྒྲའང་གཅིག་པ་མིན
བསམ་གཞིག་གི་སྣེ་མོ་དག་ལ་མཚོན་ཆ་མ་སྦས་ཀྱང
གོ་རྟོགས་ཀྱི་སྐྱི་མོ་སྙི་མོ་དེ་དག་གིས་ཡོད་པར་བཤད
གོམ་གང་སྤོས་པའི་མདུན་ཕྱོགས་ཀྱི་ཟུར་དེ་དག
ལྐོག་མིག་གི་དཀར་ཤ་འཕེན་སའི་འབེན་ལ་གཟས་པས
རྐང་པ་འདེགས་བྱེད་ཀྱི་ཤ་རྒྱུས་དག་ལའང་རྩ་མདུད་རྒྱག་གྲབས་བྱས
ལྷོད་ལ་བབས་པའི་རྐང་ཐང་བ་ཞིག་རྙེད་ཐབས་བྲལ
མགོ་བོ་དགྱེ་དགྱེ་བྱས་པ་བདེན་ཡང
བདེ་ཐང་གི་གོམ་འགྲོས་སུ་ལོབས་པ་དཀོན་པོར་གྱུར
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༧ །