ཀླུ་སྨྱོན།
ང་ཡོད་སའི་ཝ་ཞིང་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་དེ་ཟླ་ལྔ་བའི་ཟླ་མཇུག་བར་དུ་རྒྱུན་སྲིང་བྱེད་རྒྱུའི་ཐག་གཅོད་བྱས་སོང་། དེ་རིང་ཞོགས་པར་ཉི་མ་ཤར་བ་དང་ཉིན་གུང་རྗེས་སུ་ཆར་བ་བབས། ཁང་པའི་ཐོག་སྟེང་དུ་ཆར་ཐིགས་ལྷུང་བའི་སྒྲ་སྣ་ཚོགས་ཐོས། ང་ཕལ་ཆེར་ཟླ་བ་གཉིས་ཀྱི་རིང་ལ་ཕྱི་སྒོའི་ཐེམ་པ་མ་བརྒལ། རང་སློབ་ཚོའི་བཀའ་དྲིན་གྱིས་ཟ་མ་སྣ་ཚོགས་བསྐྱལ་ཡོང་ནས་ཟོས་མི་ཚར་བའི་ཚད་དུ་འདུག སྔོ་ཚལ་ཁ་ཤས་བཟའ་ཁོམ་མ་བྱུང་བར་རུལ་འདུག
ཁྱིམ་སྡོད་འདིའི་སྐབས་སུ་དཔེ་ཆ་མང་པོ་ཞིག་བཀླགས་པ་ཡིན།
དེ་ཚོ་ནི་མི་ལ་རས་པའི་རྣམ་མགུར་དང་ཀློང་ཆེན་པའི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་དང་སིངྒྰ་ལའི་བོད་མི་རླབས་ཆེན། ཚེ་སྲོག་དང་ངལ་དུབ་ཀྱི་འགྲུལ་བཞུད་དང་ཉི་མ་སྟོང་གི་ཉིན་ཐོ། བར་དོ་ཐོས་གྲོལ་ཆེན་མོ་དང་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་ཕྱོགས་བསྒྲིགས། རྫོགས་ཆེན་ཁྲིད་ཡིག་ཕྱོགས་བསྒྲིགས་དང་རིམ་ལྔ་གསལ་སྒྲོན། ད་དུང་མང་པོ་ཞིག་བཀླགས། ཚེ་རབས་ཀྱི་བླ་མ་ཞེས་པའི་དབྱིན་དེབ་བོད་སྒྱུར་གྱི་ལས་གཞི་མཇུག་སྐྱོང་། ཞོགས་པར་ཡོ་ག་འདྲ་མིན་སྐར་མ་བཞི་ཅུ་ཙམ་གྱི་རིང་སྦྱོང་རྒྱུ། ཧེ་རུ་ཀ་མེ་ཏོག་སྐྱེད་ཚལ་ནང་གི་མེ་ཏོག་རྣམས་ལ་བདག་སྐྱོང་། སྐད་འཕྲིན་ཚོགས་པ་འདྲ་མིན་ལ་གཏམ་བཤད་སྤེལ་རྒྱུ། ནམ་འཆི་ངེས་མེད་ཀྱི་འཆི་བར་གྲ་སྒྲིག་བྱེད་རྒྱུ། མ་ཤི་ཚེ་རིང་བྱུང་ན་མི་ཚེའི་ལས་རིམ་བཀོད་སྒྲིག འདི་དང་འདི་ལྟ་བུའི་བྱ་བ་བསྒྲུབས་ནས་ཚར་རྒྱུ་མེད་པ་མང་པོ་ཞིག་ལ་འཇུས་པ་ཡིན།
རང་རེའི་ནང་ཆོས་ཀྱི་གཞུང་ལུགས་ཁག་སྤྱི་དང་ཁྱད་པར་དུ་གཅོད་གཞུང་དང་བློ་སྦྱོང་གི་ཉམས་ལེན་དག་གི་ཁྲོད་དུ། སྐྱིད་སྡུག་ལམ་འཁྱེར་ཞེས་པའི་གསུང་ཚིག་སྐད་གྲགས་ཅན་ཞིག་ཡོད་པ་མིན་ནམ། ཐེངས་འདིའི་ཁྱིམ་སྡོད་བཀའ་རྒྱ་ནི་བཟང་ཕྱོགས་ནས་གསེར་ལས་རྩ་ཆེ་བའི་དུས་ཚོད་དང་གོ་སྐབས་ཤིག་རེད། འདི་ནི་ནང་མི་ལྷན་འཛོམས་ཀྱི་གོ་སྐབས་ཤིག་རེད། འདི་ནི་ཚོགས་བསག་སྒྲིབ་སྦྱོང་གི་གོ་སྐབས་ཤིག་རེད། འདི་ནི་དཔེ་ཆ་སྣ་མང་ཀློག་ཐུབ་པའི་གོ་སྐབས་ཤིག་རེད། འདི་ནི་ཕྱག་འཚལ་ལུས་སྦྱོང་བྱེད་པའི་གོ་སྐབས་ཤིག་རེད། འདི་ནི་མི་རྟག་བློ་སྦྱོང་བྱེད་པའི་གོ་སྐབས་ཤིག་རེད། འདི་ནི་དམ་པའི་ལེགས་བཤད་ཉན་པའི་གོ་སྐབས་ཤིག་རེད། འདི་ནི་མ་འགྲུབ་ལས་མཇུག་སྐྱོང་བའི་གོ་སྐབས་ཤིག་རེད། འདི་ནི་རྐྱེན་ངན་གྲོགས་སུ་སྒྱུར་བའི་གོ་སྐབས་ཤིག་རེད། མདོར་ན་འདི་ནི་གསེར་སྲང་སྟོང་གིས་མི་ཁུགས་པའི་གོ་སྐབས་ཤིག་རེད། འདི་ནི་ཨ་སྒོར་བྱེ་བར་མི་བཙོངས་པའི་གོ་སྐབས་ཤིག་རེད། འདི་ནི་རིན་ཐང་གཞལ་དུ་མེད་པའི་གོ་སྐབས་ཤིག་རེད།
ཟླ་བ་གཅིག ཟླ་བ་གཉིས། ཟླ་བ་ལྔའམ་དྲུག ཡང་ན་ལོ་གཅིག ལོ་གཅིག་གི་རྗེས་སུ་ང་ཚོའི་ཁྲོད་ཀྱི་མང་པོ་ཞིག་འཇིག་རྟེན་འདི་ནས་གཤེགས་ཚར་ཡོད་རྒྱུ་རེད། ཁོང་ཚོས་འཇིག་རྟེན་འདི་འམ་ཡང་ན་འོད་ལོ་དུང་ཕྱུར་མང་པོའི་ཕ་རོལ་གྱི་འཇིག་རྟེན་རེ་རེར་སྐྱེ་བ་གསར་བ་དང་ལུས་རྟེན་གསར་པ་རེ་བླངས་ཡོད་རྒྱུ་རེད། ཁོ་ཚོ་དང་ང་ཚོའི་གློག་གི་རྦ་རླབས་མི་འདྲ་ཞིང་། ང་ཚོ་དང་ཁོ་ཚོའི་ཁ་པར་བརྡ་རྟགས་ཀྱང་མཐུད་མི་སྲིད། ཐ་ན་ང་ཚོས་མ་འོངས་པའི་བསྐལ་པ་དུང་ཕྱུར་མང་པོར་གཅིག་གིས་གཅིག་བརྗེད་ཀྱང་སྲིད། དེ་ནི་མི་རྟག་པའི་ཀློང་གི་གཏམ་རྒྱུད་ཅིག་རེད། དེ་ནི་འདུས་མཐར་འབྲལ་བའི་ཆོས་ཉིད་ཀྱི་གོ་རིམ་ཞིག་ཀྱང་རེད།
བསམ་བློ་ཞིག་ཐོངས་དང་། ང་ཚོ་ཐེངས་འདིར་མ་ཤི་ཡང་ཉི་མ་གཅིག་འཆི་དགོས་ཀྱི་རེད། ལོ་ལྔའི་རྗེས་སུ། ལོ་བཅུའི་རྗེས་སུ། ཡང་ན་ལོ་སུམ་ཅུའི་རྗེས་སུ་འཆི་སྲིད། དེ་དུས་ཀྱི་ཉི་མ་དེ་དང་ཁ་སང་དེ་རིང་གི་ཉི་མ་འདི་གཉིས་ལ་ཁྱད་པར་ཅི་ཡང་ཡོད་མི་སྲིད། གང་ལྟར་དེ་དུས་མིག་གིས་གཟུགས་མི་མཐོང་བར་འཆི་རྒྱུ་རེད། དེ་དུས་རྣ་བས་སྒྲ་མ་ཐོས་པར་འཆི་རྒྱུ་རེད། དེ་དུས་སྙིང་ཉེ་བ་ཡོད་ཚད་བཞག་ནས་འཆི་རྒྱུ་རེད། དེ་དུས་རྒྱུ་ནོར་ཡོད་ཚད་བསྐྱུར་ནས་འཆི་རྒྱུ་རེད། དེ་དུས་མི་ཚེ་འདིར་ཞེན་ཆགས་སྐྱེ་བཞིན་འཆི་རྒྱུ་རེད། དེ་དུས་འཇིགས་སྐྲག་དང་བཅས་འཆི་སྲིད་ལ། དེ་དུང་དགའ་སྤྲོ་དང་ལྷན་དུ་འཆི་ཡང་སྲིད། གང་ལྟར་འཆི་བའི་ཉི་མ་ཞིག་ཁྱེད་ཀྱི་མདུན་དེ་ན་འཆར་ཆོག་ཆོག་གི་ཚུལ་དུ་ཡོད།
གལ་སྲིད་ཁྱེད་ལ་རྣམ་དཔྱོད་ལྡན་ན། གལ་སྲིད་ཁྱེད་ལ་ཤེས་རབ་ཡོད་ན། གལ་སྲིད་ཁྱེད་ལ་ཕུགས་བསམ་ཡོད་ན། དེ་རིང་གི་ཉི་མ་འདི་ཚོ་རེ་རེ་བཞིན་གསེར་མདོག་གི་གཏམ་རྒྱུད་དུ་སྒྱུར་རོགས། དེ་རིང་གི་ཆུ་ཚོད་འདི་དག་རེ་རེ་བཞིན་མུ་ཏིག་གི་ཕྲ་ཚོམ་དུ་སྤྲོས་རོགས།
མི་ཚེ་ནི་ཉིན་གང་གི་དུས་ཚོད་མཛེས་སྡུག་ལྡན་པ་དེ་ཡིན་ན། འཆི་བ་ཡང་མཚན་གང་གི་དུས་ཚོད་ལྷིངས་འཇགས་ལྡན་པ་དེ་ཅི་ལ་མིན། མི་ཚེ་ནི་མཛེས་སྡུག་གི་མེ་ཏོག་སྣ་ཚོགས་བཞད་པའི་སྐྱེད་ཚལ་ཞིག་ཡིན་ན། འཆི་བ་ཡང་སྐྱེད་ཚལ་དེ་ལས་འཐུལ་བའི་དྲི་མ་ཞིམ་པོ་དེ་ཅི་ལ་མིན་ཨང་།
འཆི་བ་ནི་འཇིག་རྟེན་དཀར་ངོགས་ཀྱི་འཚོ་བའི་ངལ་དུབ་ལ་གཡོལ་སྟངས་ཤིག་རེད། དེར་སྐྲག་དགོས་དོན་ཅང་མེད་ཀི་མོད། ཡང་གཅིག་བཤད་ན། བླ་བྲང་ནས་བྱང་གི་དགོན་ཆེན་བཞི་ལ་བྱང་མཇལ་དུ་སོང་ནས་ཕྱིར་བླ་བྲང་དུ་འོངས་པ་དང་ཆ་རེད།
ཁྱེད་དཔེ་རེད། ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཚོས་ཀྱང་གཞན་ལ་སེམས་འཁུར་བྱེད་པས་ཁྱེད་ནི་སྤྲད་ཚད་བླངས་ནས་རུལ་འཇུག་པ་ནི་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་གི་བྱེད་སྟངས་མ་རེད། ད་དུང་འཆི་བ་དང་། ཆོས་ཉིད་སྐོར་གླེང་བ་ནི་ཡ་མཚན་ཆེ།
བླ་མས་སྟོད་སྐད་གྲགས། འཇིག་རྟེན་སྟོང་པར་བཞག། ད་ལྟ་ང་ཚོའི་གནས་སྟངས་ནི་ཤེས་རབ་སྙིང་པོ་རང་རེད། ཚོང་མེད། ལས་མེད། དངུལ་མེད། ཡར་རྒྱས་མེད། གང་ཡང་མེད་པའི་མུར་ད་དུང་འཚོ་སྡོད་ཀྱི་སྐད་ཆ་དང་། ཕུགས་བསམ་གྱི་འདུན་མ་གཏད་ས་ཞིག་དགོས་འདོད་གསུངས་པ་ནི་ཡ་མཚན་རང་རེད། དེ་ལས་ལྡོག་སྟེ་ལམ་ཡོད། སྒྲུབ་པོ་ཡོད། སངས་རྒྱས་ཀྱི་གོ་འཕང་ཡོད། མཐར་ཐུག་ཐམས་ཅད་ཡོད་སར་བསྐྱེལ་ན་ག་འདྲ་འདུག
ཧ་ཅང་ལེགས།
འཆི་བ་ཀ་སྐྲག་ནས་ལུས་སྦྱོངས་བྱས་འདུག་ག། མ་གཞི་ནས་ཁྱེད་བཞུགས་སའི་གྲོང་ཁྱེར་ཡོངས་ལ་ཁྱིམ་བསྡོད་བཀག་རྒྱ་བཏང་བ་དང་ཁྱེད་རང་ཡང་ཕྱི་རོལ་དུ་ཕྱིན་མེད། འོན་ཀྱང་བཀག་རྒྱ་དེའི་འོག་ནས་ཁྱེད་ཀྱི་དགེ་ཕྲུག་རྒྱ་མོ་ཐེ་མོ་མ་ལེ་ཤའི་བུ་མོ་སོག་མོ་ད་དུང་བོད་མོ་དེ་ཚོས་ཁྱེད་ཀྱིས་ཟ་མི་ཐུབ་པའི་ཟ་མ་གང་འདྲ་བྱས་ནས་བསྐྱལ་བ་ཡིན་ནམ། ཡ་མཚན་རེད། ཡང་ན་ཁོང་ཚོར་བཀག་རྒྱ་དེ་ལས་ཐར་བྱེད་ཀྱི་དམིགས་བསལ་གྱི་དཔང་ཡོད་པ་ཡིན་ནམ། ཧཧཧཧ་འོ་རེད་རེད་མི་རྐྱང་རྟ་རྐྱང་དེ་ཚོར་ཁྱིམ་བསྡོད་བཀག་རྒྱ་བྱས་ཀྱང་ཕན་གནོད་གང
ཡང་ཡོད་པ་མ་རེད། བཟའ་མི་བུ་ཕྲུག་ཡོད་མཁན་ཚོར་ངོ་མ་ད་ལྟའི་གནས་སྟངས་ནི་ཡུམ་མདོ་བཀླག་པ་དང་ཆ་རེད། རིན་མེད་སྤྲོད་མཁན་སུ་ཞིག་ཡོད་པ་མ་རེད།
སྐྱེ་བ་སྔོན་མ་ཨེ།
སྐྱེ་བ་སྔ་ཕྱི་ཡོད་པའི་རྫུན་བཤད་འདིས་བོད་རིགས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཡོད་པ་དང་། བོད་རྒྱལ་ཁབ་ཉམས་རྒུད་ཏུ་བཏང་ཡོད། ་དེ་རིང་ངས་འདི་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་གྱི་བོད་མི་རྣམས་ལ་དོགས་འདྲི་ཞིག་བྱེད་འདོད་འདུག
༡་་་ནཱ་ལེནྡྲ་ཆོས་ལུགས་ཀྱི་རྗེས་འབྲངས་པ་བོད་བླ་མའི་ཆོས་ལུགས་ཀྱི་ངོས་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་འདི་ལྟར་བཀོད། བྱིས་པ་སྐྱེས་མ་ཐག་པའི་བློ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། ཆགས་ཅན་གྱི་བློ་ཡིན་པའི་ཕྱིར། དཔེར་ན་རྒད་པོ་ཤི་ཁ་མའི་བློ་བཞིན་ཞེས་རྟགས་བཀོད་ཀྱི་རེད།
རྟགས་འདི་རྟངས་ཡང་དག་མ་རེད། རྗེས་ཁྱབ་གྲུབ་ཀྱི་མི་འདུག་ཅེས་ལབ་ན་སྒྲུབ་བྱེད་ཅི་བཀོད་ཀྱི་ཡོད་དམ། སྐྱེ་བ་ལེན་ཚོད་ཐམས་ཅད་ལ་སྐྱེ་བ་སྔ་མ་སྔོན་དུ་སོང་ཡོད་དགོས་པའི་ནཱ་ལེན་དྲའི་རིགས་ལམ་འདིའི་རྐུབ་རྡོལ་བསྡད་ཡོད་རེད།
རིགས་ལམ་འདིའི་རྐུབ་རྡོལ་ཡོང་དུས་སྐྱེ་བ་ལ་ཐོག་མར་མེད་ཅེས་ན་ལན་དྲའི་ཆོས་ལུགས་ཀྱི་བཤད་པར་རེད། སྐྱེ་བ་སྔ་མའི་སྔོན་མ་ཟེར་ནས་གྲངས་ཀ་བརྒྱབ་ནའང་ཨང་རྩིབ་ནང་དུ་ཤོང་གི་མ་རེད། དཔེར་ན་་་ཁྱོད་དང་ང་ཚོའི་སྐྱེ་བ་ཐེངས་ག་ཚོད་ལེན་ཚར་བ་རེད་དམ། སྐྱེ་བ་བརྒྱ།་་་སྐྱེ་བ་སྟོང་་་ཁྲི་་་་འབུམ་་་ས་ཡ་་་བྱེ་བ་་དུང་ཕྱིར་་ཨང་རྩིས་བྲིས་ན་་10000000000000000000000000000000000000000000000000000000000000000000000000000000000་ཀླད་ཀོར་་་ག་ཚོད་བྲིས་ནའང་དེ་ལས་མང་བ་སྐྱེ་བ་ལེན་ཚར་བ་རེད་ཅེས་བཤད་ཀྱི་རེད། འདི་ནི་་་རིགས་ལམ་གྱི་རྐུབ་རྡོལ་བའི་དཔང་རྟགས་གཅིག་རེད།
གཉིས་ནས་་་་་སྐྱེ་བ་གྲངས་མེད་པ་ལེན་ཚར་བའི་རང་རྒྱུད་ཀྱི་རྣམ་ཤེས་འདི་དང་ལྷན་དུ་འགྲོགས་ནས་ཡོད་བའི་བདག་འཛིན་ཟེར་བའི་བློ་ཞིག་ཡོད་པར་བཤད་ཀྱི་རེད། མི་ལོ་མང་པོ་དེ་འདྲ་བའི་རིང་ནས་ཡོང་བསྡད་པའི་བདག་འཛིན་ཟེར་བའི་བློ་དེ་མེད་པར་གཏོང་གི་ཡིན་ཞེས་བཤད་ཀྱི་རེད་་་་ཧཧཧཧ
སྐད་ཆ་འདི་ཚོ་ལ་བསམ་བློ་ཡག་པོ་ཞིག་ཐོངས་དང་་་ཆོས་ལུགས་པ་ཚོས་མི་དམངས་མགོ་སྐོར་བཏང་གི་ཡོད་པ་གསལ་པོ་ཆགས་འོང་གི་རེད། དེ་འདྲ་བའི་དུས་ཡུན་རིང་པོ་ཞིག་ནས་ཡོང་བསྡད་པའི་བློ་ཞིག་ལ་འགྱུར་བ་གཏོང་གི་ཡིན་ཟེར་བ་ནི་མགོ་སྐོར་ཁོ་ན་ཡིན་པར་ལས་ལག་ལེན་གྱི་ཐོག་ནས་ཡོང་ཡ་ཡོད་པ་ཞིག་ག་ལ་ཡིན།
སྐྱེ་བ་སྔ་ཕྱི་ཡོད་མེད་རང་གིས་མ་ཤེས་བཞིན་དུ་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་པ་འདི་ལ་རྨོངས་དད་ཟེར་བ་རེད། མྱི་དེའི་རིགས་ཀྱིས་རྨོངས་ཆོས་བྱེད་ཀྱི་རེད། རང་མགོ་རང་གིས་བསྐོར་གྱི་རེད། རང་དོན་རང་གིས་བརླག་བཅུག་གི་རེད། རང་ཉིད་རང་གིས་ཆོས་ལུགས་པའི་བྲན་གཡོག་ཆགས་བཅུག་གི་རེད། དང་བླང་བྲན་གཡོག་ཆགས་འགྲོ་གི་རེད། རང་དབང་ཤོར་འགྲོ་གི་རེད། རྒྱུ་དཔལ་འབྱོར་ཤོར་འགྲོ་གི་རེད།
ན་ལེན་དྲ་དང་ན་ལེན་དྲ་་ཟེར་ནས་ཁ་བདེ་པོ་བཤད་བསྡད་མཁན་ཚོ་ལ་སྒྲུབ་བྱེད་ཡང་དག་འདྲ་བཀོད་ཀྱི་ཡོད་ན་ཅོ་རིས་སྒུག་བསྡད་ཆོག་་་་མེད་ན་་ཁ་བདེ་པོ་བཤད་ནས་བོད་མི་དམངས་མགོ་སྐོར་ཡ་མཚམས་ཞོག་ཅེས་ཞུ་རྒྱུ་ཡིན།
ཡ་དེས་ན་ཧྲ་གི སྐུ་ཞབས་ཅོ་རི། ངས་ཁྱོད་ལ་དྲི་བ་ཞིག་འདྲི།
སྐྱེ་བ་སྔ་མ་ཆོས་ཅན། མེད་དེ། རྟགས་ཁོད།
བན་དེ་བ་ལགས། ཁྱིམ་སྡོད་བཀའ་རྒྱ་དེ་ལ་ཟུར་དང་ངོས་མང་པོ་ཞིག་འདུག ཁྱིམ་མིས་རླངས་འཁོར་བསྐོར་ནས་བཟའ་བཅའ་ཉོ་གི་འགྲོ་ཆོག་གི་རེད། ངའི་སློབ་མ་ཚོས་ཚོང་ཁང་ནང་ནས་བཟའ་བཅའ་ཉོ་བའམ་ཡང་ན་རང་རང་གི་ཁྱིམ་ནས་ཟ་མ་བཟོས་རྗེས་ཐད་ཀར་ངའི་སྒོ་འགྲམ་དུ་བསྐྱལ་ནས་ལོག་འགྲོ་གི་ཡོད་པ་རེད། ཟ་མ་དྲ་ལམ་ནས་ཉོས་ན་ཡང་སྐྱེལ་མཁན་ཞིག་ངའི་སྒོ་རྩ་བར་དུ་ཡོང་དགོས་ཀྱི་རེད་པ། ད་མ་གཏོགས་ཟ་མ་ཁོ་རང་གིས་གོམ་པ་བརྒྱབ་ནས་ངའི་སྒོ་རྩར་ཡོང་རོགས་བྱེད་ཀྱི་མ་རེད་པ། ངས་ཕ་ཡུལ་ནས་ལོ་སུམ་ཅུའི་སྔོན་རང་གི་རྩ་བའི་བླ་མ་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུན་ཁར་རི་ཁྲོད་དུ་སྐུ་མཚམས་ལ་བཞུགས་དུས་ལེ་དབར་ཁ་ཤས་ཀྱི་ས་ནས་ཆུ་ཁུར་ནས་ཁོང་ལ་གསོལ་ཆུ་སྐྱེལ་མྱོང་བ་དང་། ལན་གཅིག་ཁོང་རང་གི་གྲྭ་ཤག་ཐེབས་ཆག་དེའི་ནང་དུ་གུང་ཚིགས་ལ་གདན་འདྲེན་ཐེངས་ཤིག་ཞུ་མྱོང་། དེ་བཞིན་སེམས་དཔའ་ཆེན་པོ་བླ་ནག་རི་ཁྲོད་པར་ལོ་གཉིས་དང་ཕྱེད་ཀའི་རིང་ཤག་གི་དགེ་ཕྲུག་བྱས་ནས་གསོལ་བ་ཞབས་ཏོག་ཞུས་པ་ཡིན། དེའི་ཚོགས་བསག་གི་འབྲས་བུ་དེང་སང་རིམ་བཞིན་སྨིན་ཡོང་བ་འདྲ་བོ་ཞིག་འདུག ངོ་མ་ཟ་མ་ཟོས་ནས་མི་ཚར་བའི་ཚོད་དུ་འདུག སྐབས་རེར་ཉི་མ་གཅིག་ལ་སློབ་མ་མི་འདྲ་བ་གཉིས་རེས་ཀྱང་ཟ་མ་བསྐྱལ་ཡོང་གིན་འདུག ཐེངས་འདིར་མུ་གེས་མི་ཤི་ཐག་ཆོད་རེད།
ཅོ་རི་ཉི་མའི་མཆན་དེ་ཀླུ་སྨྱོན་གྱི་འཆར་སྣང་རྩོམ་དང་དེ་ཙམ་འབྲེལ་བ་མཐོང་མ་སོང། རྩོམ་ནང་སྐྱེ་བ་སྔ་ཕྱི་ཡོད་མེད་དང་ནཱ་ལེནྡྲ་ཆོས་ལུགས་ཀྱི་རྗེས་འབྲངས་པ་བོད་བླ་མའི་ཆོས་ལུགས་སྐོར་གནས་ཚུལ་ཕལ་ཆེར་དངོས་གསལ་མིན་འདུག་ཀྱང་ཤུགས་ཀྱི་གོ་ལེན་མི་ཆོག་པ་ག་ལ་ཡིན། རང་ཉིད་མཁས་པ་མིན་ཀྱང་ཆོས་ཀྱི་ལམ་སྟོན་མི་ཉུང་ཙམ་གོ་མྱུང་ལ་སྐབས་རེ་གནས་དོན་དུ་འབྲེལ་བཤད་ཀྱང་འདི་འདྲ་མིན་ནམ་སྙམ་པའི་བསམ་ཞིབ་ཡོང་གི་ཡོད། སྐབས་འདིར་ཁྱེད་ཀྱི་བསམ་ཚུལ་དག་འཕགས་བསྟོད་ཕན་བདེའི་ཆར་འབེབས་ནང་གསལ་གྱི། ཁ་བས་རེག་པ་ལྟ་བུ་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་བསྲེག ཅེས་པ་ལྟར་མིན་ནམ་བསམ་པ་ངའི་བསམ་ཞིབ་རེད། ཡིན་ཀྱང་བདུད་རེད་ཞུ་གི་མེད། དེ་ཞུ་བར་བདུད་ཀྱི་མཆེ་བ་དང་ར་ཅོ་སོར་མོ་སོགས་ཁྱེད་ལ་གཏན་གཏན་མེད།
ནཱ་ལེནྡྲ་ཆོས་ལུགས་ཀྱི་རྗེས་འབྲངས་པ་བོད་བླ་མའི་ཆོས་ལུགས་ཟེར་དུས་རྒྱ་གར་སྐད་དུ་ཞེས་པའི་རྒྱ་གར་ཆེན་པོ་དེ་གསལ་དུ་བཏང་བ་ངས་གོ་བ་ཡིན། བོད་བླ་མའི་ཆོས་ལུགས་ཞུ་བ་བོད་ཀྱི་སྔ་ཆོས་བོན་ཆོས་ཡིན་ན་དེ་གཉིས་ལ་འབྲེལ་བ་ཡོད་པ་ནི་བོན་པོའི་ཆོས་ལུགས་ནས་ངོ་བཞེས་ཡོད་པ་ནི་གོ་མ་མྱོང། དེ་མིན་རང་རེའི་ཆོས་ལུགས་གཞན་བཞི་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་དང་དེ་སྐབས་ཀྱི་སྐད་གྲགས་ཅན་གྱི་དཔལ་ནཱ་ལེནྡྲ་གཙུག་ལག་ཏུ་ཁུངས་བཏུགས་པ་ནི་ནང་པ་ཙམ་མ་ཟད་འཛམ་གླིང་སྐྱེ་བོ་ཀུན་ནས་གཙུག་ཏུ་བཀུར་པའི་བདག་ཉིད་༸རྒྱལ་བ་རིན་ཆེ་ནས་གསུངས་བ་ལས་གཞན་དུ་ནི་སུས་འོས། དེ་ལྟར་ན་བོད་བླ་མའི་ཆོས་ལུགས་ཞེས་མི་འདྲ་བ་ཞིག་ནི་བོན་ཆོས་ལས་མི་འདུག
སྐྱེ་བ་སྔ་ཕྱི་ནི་འཛམ་གླིང་གི་ནང་པ་དང་ཧིན་དུ་སོགས་ཆོས་ལུགས་འགའ་ཤས་སམ་འཛམ་གླིང་མི་འབོར་དུང་ཕྱུར་ ༨ མིན་ཙམ་ནས་དུང་ཕྱུར་ ༢ མན་གྱི་དངོས་སུ་ངོས་ལེན་དང་། དེ་མིན་ཆོས་ལུགས་ཆེ་བ་ཡེ་ཤུ་དང་ཁ་ཆེ་གཉིས་ནས་ཀྱང་སྐྱེ་བ་སྔ་མ་སོ་སོ་མི་ཡུལ་དུ་སྐྱེས་བ་དེ་དང་དེ་ནས་སྐྱེ་བ་འདི་ནས་འཆི་རྗེས་དཀོན་མཆོག་གམ་དུའམ་ལྷ་ཡུལ་དུ་འགྲོ་པ་མཁས་ལེན་པ་དེ་སྐྱི་བ་ཕྱི་མ་མ་རེད་པས། དེ་བས་མི་འབོར་གྱི་བརྒྱ་ཆ་ ༧༥ ལྷག་དེ་དག་ལྐུག་པ་མ་རེད་པ། འདི་རྨོངས་པས་བསམ་ཞིབ་ཡིན་པས་་མི་ཤེས་བཞིན་དུ་ཤེས་ཤེས་ཀྱི་ཧམ་བཤད་ཞུས་ན་བླ་མ་སློབ་མ་དང། དམ་པ་བླུན་པོའི་དམ་ཚིག་ཉམ་པའི་གནས་སུ་གྱར་བ་འདིར་མཚམས་ཞུ།།
ཀྱུ་སྨྱོན་གྱིས་འཆར་སྣང་ཟབ་རྒྱས་མ་ཚད་དེང་དུས་ལས་དང་དམ་ཆོས་སུ་འཇུག་པའི་དགོས་གནད་ཀྱི་ངེས་པ་གང་ལེགས་སྤེལ་གནང་འདུག། ལོ་ལྔའི་རྗེས་སུ། ལོ་བཅུའི་རྗེས་སུ། ཡང་ན་ལོ་སུམ་ཅུའི་རྗེས་སུ་འཆི་སྲིད། པའི་འཆར་སྣང་དེ་ནང་ཆོས་དང་ཕྲན་བུ་སྟབས་མི་བདེ་བ་ཞིག་མངོན། ད་ལྟ་ངའི་པཱ་ལགས་ལྟ་བུ་ལོ་ ༨༥ ཡིན་པ་ལོ་༡༡༥ ཡན་ལྷག་བཞུགས་མི་ཐུབ་ཟེར་རམ། ཡང་ན་ད་རིང་སྐྱེས་པས་མིའུ་དེ་ལོ་སུན་བཅུ་རྗེས་སུ་འཆི་ཟེར་ནམ། ཁྱེད་ནས་ཇི་ལྟར་ལྡུམ་བཅད་ཐུབ། སྟོན་པ་ཉིད་ནས་ཀྱང་མི་ཚེ་ཚད་ལོ་བརྒྱ་དང་ཕལ་མོ་ཆེ་དེའི་སྔོན་དུ་འཆི་བ་གསུངས་པ་ལས་རིང་ཆད་གཏན་འབེབས་གནང་མེད་ཚོད། ཡ་མི་ཚན། དཔེ་ལ་ཕ་ལས་བུ་རྫིག་པ་ཡོད་།། ཁ་བརྡ་མཁྱེན་ནོ།།།
ཚེ་བརྟན་འགྱུར་མེད་ལགས། ཁྱོད་ཀྱིས་ང་ལ་བདུད་རེད་ལབ་ན་དགའ་པོ་ཡོང་བ་འདུག ཁྱོད་ཚོའི་ལུགས་སུ་བྱས་ན་ཕྱི་རོལ་མུ་སྟེགས་ཐམས་ཅད་བདུག་དང་མུ་སྟེགས་པའི་རྗེས་འབྲངས་པ་ཐམས་ཅད་བདུད་ཀྱི་རྗེས་འབྲངས་པ་རེད་ཟེར་གྱི་རེད་པ། དབང་ཕྱུག་ཆེན་པོའི་རྗེས་འབྲངས་པ་རྒྱ་གར་བ་དེ་དག་ཁྱོད་ཚོའི་ལུགས་སུ་བྱས་ན་མུ་སྟེགས་བདུད་ཀྱི་རྗེས་འབྲངས་པ་རེད་པ།་་་ཧཧ བདུད་ཟེར་བའི་ར་ཅོ་ཅན་དང་རྔ་མ་ཅན་ཞིག་ཅང་ཡོད་མ་རེད། བཤད་སྟངས་འདི་ཚོ་རྨོངས་དད་མགོ་ཚོས་བཤད་སྟངས་རེད། རིགས་ལམ་གྱི་རྗེས་སུ་འབྲངས་མཁན་ང་ལྟ་བུ་ལ་ཅི་ཕན་ལེ་མ་རེད།
ངས་ངོས་ནས་ན་ལེན་དྲའི་ལུགས་ཀྱི་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་ལམ་གྱི་རྐུབ་རྡོལ་བསྡད་འདུག་ཅེས་བཤད་ཀྱི་ཡོད། ཁྱོད་ལ་རིགས་ལམ་ཡང་དག་འདྲ་ཡོད་ན་བཀོད་རོགས་བྱོས།
ཁྱོད་ཀྱི་དགོད་བྲོ་བའི་སྐད་ཆ་འགའ་བཤད་འདུག་་་་འཛམ་གླིང་མི་དམངས་བརྒྱ་ཆ་མང་ཤོས་ཀྱིས་སྐྱེ་བ་སྔ་ཕྱི་ཁས་ལེན་རབས་དང་། ཁ་ཆེ་དང་ཡེ་ཤུ་ཆོས་ལུགས་ཀྱིས་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་རྒྱུ་མཚན་གྱིས་སྐྱེ་བ་སྔ་ཕྱི་ཡོད་པར་བསྒྲུབ་པ་ནི་རྒྱུ་མཚན་ལྟར་སྣང་རེད།
ཁ་ཆེ་དང་ཡེ་ཤུ་ཆོས་ལུགས་གཉིས་གཙོ་གྱུར་པའི་ཆོས་ལུགས་མང་པོ་ཞིག་གིས་འཇིག་རྟེན་བྱས་པ་པོ་ཁས་ལེན་གི་རེད། ཁྱོད་ཚོའི་ན་ལེན་དྲའི་ལུགས་སུ་འཇིག་རྟེན་བྱས་པ་པོ་ཁས་ལེན་གྱི་་ཡིན་ནམ། འཛམ་གླིང་ཐོག་གི་ཆོས་ལུགས་ཆེ་ཤོས་གཉིས་ཀྱིས་འཇིག་རྟེན་བྱས་པ་པོ་ཁས་ལེན་པའི་ཕྱིར།་་་་ཧཧ
སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་དེ་ལས་བཤད་ཀྱི་མེད་པེ། མེན་ན་་་ན་ལེན་དྲའི་ཆོས་ལུགས་དེ་འཛམ་གླིང་གི་ཆོས་ལུགས་འདྲ་འདྲ་ནང་གི་མི་འདྲ་བར་རིགས་པའི་དཔྱད་པ་བྱས་ནས་བྱུང་བ་ཡིན་རབས་ཅོ་བརྒྱད་བཤད་བསྡད་པ་དེའི་མདོག་རྒྱབ་དེ་རེད་པེ།
བོད་བླ་མའི་ཆོས་ལུགས་ཟེར་དུས་ཆོས་རྒྱུད་ཆེན་པོ་བཞི་ལ་གོ་དགོས། བོད་རྒྱལ་ཁབ་ཀྱི་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་གཡང་དྲུང་བོན་ལ་ཅང་ཞུ་དགོས་པའི་རྒྱུ་མཚན་མེད། བོད་རྒྱལ་ཁབ་ཀྱི་ཆོས་ལུགས་རེད་མ་གཏོགས་རྒྱ་ཆོས་མ་རེད།་་་ཤེས་པར་བྱོས་ཨ
མཁས་དབང་དགེ་ཆོས་ཀྱིས།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
དེ་ཡི་རྗེས་འབྲང་མཁས་བླུན་སྟོང་ཕྲག་རེ།
འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས།
རང་གི་བདེན་ཁ་རང་ལ་སྦྱིན་པ་འདི།
རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ།
མི་མཐུན་ཚོགས་ལ་སྨྲ་ན་ཞེ་རེ་ཁྲེལ། ་་་ཞེས་པ་ལྟར་རེད་ད་་་་་ཧཧ
སྐྱེ་བ་སྔ་ཕྱི་བཤད་ནས་མགོ་ཞིག་བསྐོར།
ཆབ་དང་མཆོས་འབུལ་ཟེར་ནས་ཚོང་ཤིག་བརྒྱབས།
ཚོང་དཔོན་མགོ་རིལ་དེ་ཚོ་སྤྱང་དྲག་ནས།
གཞན་རྒྱུ་ནོར་ཐབས་ཀྱིས་ལེན་ལ་ལྟོས།་་་ཧཧ
གཞན་གྱི་རྒྱུ་ནོར་ཐབས་ཀྱིས་ལེན་ལ་ལྟོས།་་་ཧཧ་་་ཞེས་ནོར་བཅོས
སྐྱེ་བ་སྔ་ཕྱི་གསུངས་པས་ད་ལུས་མཐོང།
སྐྱེ་བ་ཕྱི་མ་གསུངས་པས་རྨོངས་ཞེན་གསལ།
དད་རྟེན་ནོར་ཕུལ་ལས་ལྷག་གཞན་དུ་གནང།
གཞན་རྒྱུ་མ་ཐོབ་པའི་སྙིང་རླུང་ལ་རྟོས་དངྲ།།
གཞན་རྒྱུ་འབུལ་བར་རང་ལ་ཤེས་སྤྱོད་དམ་ཆོས་ཕུན་ཚོགས་དགོས།
དད་མོས་བཀུར་སོགས་ཐོབ་པར་ལྟ་སྤྱོད་བསོད་ནམས་དགོས།
ང་རྒྱལ་ཁེངས་དྲེགས་ཁང་སྟོང་ནག་ངད་བྲག་ཆས་བརླམ་ཕུང་ལ།
རྒྱུ་ནོར་འབུལ་མཁན་ལྟ་ཅི་ཙི་ཙི་ཙི་སྐམ་པས་ཀྱང་འཕོངས།།
སྐྱེ་བ་སྔ་ཕྱི་བོད་བླ་མའི་ཆོས་དང་ནཱ་ལེནྡྲ་ཆོས་ལུགས་དག
ཁྱེད་ཀྱིས་དགོས་མཁོའི་སྦྱང་ཀྱང་གཞན་ནོར་བསླུ་མ་ཐུབ་པར།
གཞན་གྱི་དེ་ལྟར་བསླུས་པ་ཁྱེད་ནས་ཇི་ལྟར་འགྲུབ།
དེ་བས་ད་ལེན་མཁས་པས་རླུན་པོའི་ཁ་ལ་ཉོན།
དམ་ཆོས་བསྒྲུབ་པའི་ལུས་ངག་ཡིད་གསུམ་བཅོས།
དེ་དུས་དགོས་མེད་ནོར་དང་དད་མོས་བཀུར་སོགས་ཐོབ།
དམ་པའི་གསུང་དེ་རླུན་པོས་ནེ་ཙོ་ལྟར་ཞུས་པར།
ཅོ་རི་ཉི་མས་དགོངས་དབྱིངས་དག་པ་ཞུ།།
དགེ་ཆོས་ཀྱིས།
བླུན་པོ་རང་གི་རྗེས་སུ་འབྲངས་ཀྱང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་བ།
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།
སྲོག་ལ་འབབ་ཀྱང་འབད་པའི་སྲུང་བ་ངེས།་་་་ཅེས་གསུངས་ཡོད་ལེ་རེད་དོ།
དགེ་ཆོས་ཀྱིས།
བླུན་པོ་རང་གི་རྗེས་སུ་མི་འབྲངས་ཀྱང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་བ།
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།
སྲོག་ལ་འབབ་ཀྱང་འབད་པའི་སྲུང་བ་ངེས།་་་་ཅེས་བཅོས།
འོ་ཨ་ཁུ་ཀླུ་སྨྱོན་ལགས་ཁྱེད་ལྟ་བུར་lockdown བྱུང་བ་དེ་ལམ་འགྲོ་རྒྱུགས་བཞག དེ་མིན་ཁ་ཟས་ཡོང་གོའི་དོན་དུ་གནམ་གྲུ་ཨ་འཕུར་ཡང་འཕུར་མོ་ཊ་ཨ་འཛུལ་ཡང་འཛུལ་བྱས་ནས་ཕེབས་དགོས་དུས་དཀའ་ངལ་ཆེན་པོ་ཡོད་རེད། ད་ནི་གང་དུའང་འགྲོ་མི་དགོས་པར་ཟས་སྒོ་ཐེམ་དུ་བསྐྱེལ་མཁན་ངོ་མ་སྐྱིད་པོ་རེད། ད་དུང་ཀོ་རོ་ན་རྡུལ་དུ་རློག་པའི་ཌར་དྲིལ་ཕྱག་ཏུ་བསྣམས་ནས་སྤྱན་ཟུང་ནམ་མཁའི་དབྱིངས་སུ་ཟིམ་ཟིམ་བྱས་ནས་གཅོད་སྐོར་དང། ཀོ་རོ་ནོ་མེ་རུ་བསྲེགས་པའི་བྱིན་སྲེག་རེ་གནང་བའི་བརྙན་པར་བཟོས་ནས་དྲ་རྒྱར་བཀྲམ་ཐུབ་ན་ཟས་གོས་ཆར་འབེབས་འབེབས་ཡོང་སྲིད། གང་ཡིན་ཟེར་ན་དེང་སང་མི་ཚང་མ་ཀོ་རོ་ན་ལ་སྐྲག་ནས་ཐབས་ཤེས་ཅི་དགོས་མནོ་བསམ་གཏོང་བའི་དུས་ཚོད་རེད།
ར་བོ་རང་མཐོང་ཨོག་འོག་གི་ཉི་མས།
མཁས་པ་བླུན་པོའི་ཚིག་ཏུ་ཆེར་ཞེན་ཆགས་ལས།
དམ་པའི་གསུང་ཀྱང་འཆད་པོར་དབྱེ་འབྱེད་པ།
མཁས་པ་བླུན་པོ་མིན་ནམ་ཅེས་དྲི་རེ་འདོད།
སྡིག་ལ་འཁོན་ལས་སྡིག་ཅན་ལ་མིན།
ཅེས་པའི་ཡི་ཤུ་གསུང་དེ་དག
བློ་སྦྱོང་ཉམས་ལེན་ངེས་ཟིན་ནམ།
ལུགས་གཅིག་མིན་པས་ཁས་མི་ལེན་ནམ།