ནགས་ཤོད་ཅོང་བརྡ། (ཨོ་གླིང་།)
འབུ་པྲོག་དབྱིབས་ཅན་ཨ་ཕ་ཀྲུང་གོ་ཡིན།།
སྡེ་དམར་གཞུང་གིས་བཟོས་པའི་ཐོན་སྐྱེད་ཡིན།།
ནུབ་ཨ་རི་ལ་སྒྲོན་པའི་དབུ་རྒྱན་ཡིན།།
ཕོ་ཁྲོ་རྒན་ལ་སྙིང་ཁམས་ཅི་འདུག་བལྟ།།
དུས་ད་ལོ་འདི་འཛམ་གླིང་བཙོན་ལ་བཅུག།
མི་སྐུ་དྲག་གིས་བཙོན་པའི་བྲོ་བ་མྱོང་།།
ཤར་ཙི་ན་ཡི་ལོ་ཆང་ཁམས་པ་འདི།།
ལོ་ག་ཚོད་ལ་བསྙལ་བའི་དུག་ཆང་ཡིན།།
མི་རྒྱུ་ཡོད་ཀྱི་སྒོར་ཁུག་སྟོང་ལ་ཉེ།།
མི་རྒྱུ་མེད་ཀྱི་རྩམ་ཁུག་སྟོང་ལ་ཉེ།།
མི་ཉེས་མེད་ཀྱིས་ཉེས་ཆད་ཁུར་དགོས་འདི།།
དགྱ་ནག་པོ་ཡི་བཀའ་དྲིན་ཤེས་ན་ཆོག།
བྱ་ཕ་ཝང་ལ་ངན་ཁག་ཞྭ་མོ་བསྐོན།།
མི་ལྷ་རྗེ་ལ་དཀྲོག་གཏམ་ཞྭ་མོ་བསྐོན།།
སྡེ་ཨ་རི་ལ་གཞི་མེད་ཞྭ་མོ་བསྐོན།།
བོད་མི་རིགས་ཀྱིས་མྱོང་བས་ཤེས་ནས་ཡོད།།
ལྷོ་འཛམ་གླིང་ལ་མུ་གེའི་དམག་སྣ་དྲངས།།
ཕོ་ཁྱོད་རང་གིས་བསགས་པའི་སྡིག་ཉེས་འདི།།
འབུ་དཔྲོག་དབྱིབས་ཅན་དབུག་ཁ་བླང་ཚར་ཉིན།།
གཡུལ་ཆེད་པོ་ཞིག་རྗེས་ནས་སྒུག་སྡོད་ཀྱེ།།
སྤྱི་ལོ་༢༠༢༠/༤/༣༠ ལ་ཨོ་གླིང་རི་སྔོན་པོའི་རྩེ་མོ་ནས་བྲིས་སོ། །
འབུ་ཏོག་དབྱིབས་རྩེ་རྒྱལ་དེ། མཐོ་སྲིད་པའི་དཔོན་རིགས་ནས། དམའ་སྤྲང་ལོང་ཡན་ཆོད་དུ། བྱམས་སྙིང་རྗེ་མེད་པར་བཅོམ། ། འབུ་ཏོག་དབྱིབས་སེམས་དཔའ་དཔའ་བོ་ཁྱོད། ཁྱོད་འཛམ་བུའི་གླིང་འདིར་བྱོན་པ་ནས། མི་ཆེ་ཆུང་མེད་པར་སྐྱི་ཤ་འདར། རྒྱུ་ཡོད་མེད་མེད་པར་ཁང་པར་འཛུལ། ། འབུ་ཏོག་དབྱིབས་རིག་འཛིན་དཔའ་བོ་ཁྱོད། ཁྱོད་གླིང་འདིར་ཕེབས་པ་དྲིན་རེ་ཆེ། ཁྱོད་མེད་ན་ནམ་མཁའ་གཡའ་དག་མེད། ཁྱོད་མེད་ན་ས་གཞི་རྡུལ་དག་མེད། ཁྱོད་མེད་ན་ཁྱིམ་ཚང་འཛོམས་དུས་མེད། ཁྱོད་མེད་ན་མི་རྟག་དྲན་དུས་མེད། ཁྱོད་མེད་ན་འཆི་བ་དྲན་མཁན་མེད། ཁྱོད་མེད་ན་གཙང་ཆུ་དྭངས་མ་མེད། ཏོག་དབྱིབས་གླིང་འདིར་ཕེབས་ནས་བཟུང། ནམ་མཁའ་གཡའ་དག་གངས་རི་མཐོང། ས་གཞི་རྡུལ་དག་ཁོར་ཡུག་མཛེས། རང་བྱུང་ཁམས་ལ་དབུགས་དབྱུང་བྱིན།