ཤར་ཕྱོགས་ཁུག་རྟ།
བོད་ཀྱི་མཁས་པ་ཡོངས་ཀྱི་གཙུག་རྒྱན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ནི། དུས་དབང་ཐེངས ༣༢ པའི་གཞིས་བྱེས་མཉམ་འཛོམས་བྱུང་བ་ལྟ་བུའི་སྐབས་སུ་བོད་ནས་འབྱོར་བའི་དོན་གྱི་བདག་པོ་ཚོར་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་བོད་མི་རིགས་ཀྱི་མདུན་ལམ་བཅས་སུ་གསུང་བཤད་གནང་མཁན་གོང་ན་མེད་པ་དེ་ཡིན་པར་བཙན་བྱོལ་སྤྱི་ཚོགས་ནང་ངོས་འཛིན་གནང་ཡོད་ལ། བོད་དོན་ལ་དོ་སྣང་ཅན་དང་ཤེས་མྱོང་ཅན་ཚོས་དེ་དག་ལ་གསུང་བཤད་གོ་སྒྲིག་བྱེད་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པར་ངོས་འཛིན་གནང་ཡོད། ཡིན་ནའང་། ཡིད་ཕངས་པ་ཞིག་ལ་ད་ཐེངས་ཁོང་རྣམ་པ་གསུམ་རྟེན་འབྲེལ་རང་འགྲིག་གིས་བོད་ནས་ཕེབས་པ་ཚོར་ཐུག་ཐུབ་མེད། འོན་ཀྱང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་ཚོགས་གཙོ་རྣམ་གཉིས་ལ་གསུང་བཤད་གནང་དགོས་པའི་བཀའ་ཕེབས་པས། གཞིས་ལུས་དོན་གྱི་བདག་པོའི་ཆ་ཤས་ཆོས་ཞུ་པ་རྣམས་ལ་ལས་སྡོམ་སྙན་སྒྲོན་གྱི་ཚུལ་དུ་གསུང་བཤད་གནང་བའི་སྐལ་བ་ལྡན་ཡོད། སྐབས་དེར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན།